ཁང་ཚན་རྒན།

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གཅིག །

ལས་འགན་ནི། བླ་སྤྱི་དང་གྲྭ་ཚང་གི་ཚོགས་འདུ་ཆེ་ཆུང་དང་། སྤྱིར་ཁང་ཚན་རྒན་ལ་གྲྭ་ཚང་གི་སྒྲིག་ཁྲིམས་གཞིར་བཟུང་གིས་དམིགས་བསལ་དང་ཐོབ་ཐང་ལས་འགན་སོགས་སྤྱི་མཚུངས་སུ་ཡོད་པ་རེད། གཙོ་བོ་བླ་སྤྱི་དང་གྲྭ་ཚང་གི་ཚོགས་འདུ་ཆེ་ཆུང་དང་ཁང་ཚན་གྱི་གྲྭ་མང་སྤྱི་ལ་ཚོགས་ཆོས་ར་དང་སྒྲིག་ལམ་ཀུན་སྤྱོད། དགོངས་པ་གནང་ཕྱོགས་སོགས་ལས་དོན་ཆེ་ཕྲ་ཚང་མར་འགན་ལེན་གཙང་མ་གནང་དགོས། དེ་མིན་ཁང་ཚན་གྱི་སློབ་གཉེར་ཡར་རྒྱས་ཡོང་ཆེད་དང་། གྲྭ་རྒྱུན་འཚོལ་སྡུད་དང་། ཁང་ཚན་འདིའི་དགོས་དམིགས་སོགས་ལམ་སྟོན་གནང་རྒྱུ་དང་། ཁང་ཚན་གྱི་ལས་དོན་ལམ་ལྷོངས་ཡོང་བ་དང་འབྲེལ་ཡོད་སྦྱིན་བདག་སོགས་ཀྱི་བྱ་བ་ལམ་འགྲོ་ཡོང་ཆེད་མགོན་ཆོས་གཉིས་དང་། བསེ་ཁྲབ་རྨ་ཆེན་སོགས་ཆོས་སྐྱོང་ཁག་ལ་སྲོད་གསོལ་ཆགས་མེད་གཏོང་རྒྱུ་སོགས། མདོར་ན་ཁང་ཚན་འདིའི་ཕྱི་ནང་གསང་གསུམ་གྱི་བྱ་གཞག་ཡོད་དོ་ཅོག་ལ་ཁང་ཚན་རྒན་གྱིས་ལས་འགན་གཙང་བཞེས་གནང་དགོས་པ་རེད།