༄། །དམུ་དགེ་དགོན་ནི་ཟུང་ཆུ་རྫོང་ཁོངས་དམུ་དགེ་རུ་གནས་ཡོད། ཚ་ཆེན་ངག་དབང་གྲགས་པས་ཕྱག་བཏབ། དགོན་འདིའི་དངོས་མིང་ལ་བཀྲ་ཤིས་འཁོར་ལོའི་དགོན་བསམ་འགྲུབ་གླིང་ཟེར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་གཏོགས། འཛིན་གྲྭ་བཅུ་གསུམ་ཡོད། དགོན་མགོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོར་གཏད་པ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་ནས་མཁན་པོ་གཏོང་སྲོལ་ཡོད།
འཆད་ཉན་ཕྱག་ལེན་ཡོད་དོ་ཅོག་བཀྲ་ཤིས་འཁྱིལ་དང་གཅིག་མཚུངས་ཡིན། སྔོན་དུས་གྲྭ་གྲངས་ ༤༠༠ བཞུགས། བོད་གངས་ཅན་ལ་བཀའ་དྲིན་ཆེ་བའི་མཁས་དབང་དམུ་དགེ་བསམ་གཏན་གྱི་ཐོག་མའི་གདན་ས་ཡིན། མཆོད་གཞིས་ལྷ་སྡེ་དམུ་དགེ་ཚོ་པ་བཅོ་བརྒྱད་དུ་གྲགས་པ་ཡོད།
ལོ་རྒྱུས་འདི་མདོ་སྨད་ལོ་རྒྱུས་ཆེན་མོར་གསལ་བ་བཞིན་བཀོད་པའོ། ། ༡༩༩༣ ནས་ ༢༠༡༧ བར་དུ་སྐལ་བཟང་ཡེ་ཤེས་སོགས་གྲྭ་རྒྱུན་གསུམ་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།