འཛམ་ཐང་དགོན་པ།

༄། །འཛམ་ཐང་དགོན་པ་འདི་ནི་དྲུང་རཏྣ་ཤྲཱི་ཡིས་དུས་རབས་བཅུ་བཞི་པའི་ནང་ཕྱག་བཏབ་པ་ཞིག་ཡིན་ལ། དྲུང་དཀའ་བཞི་རིན་ཆེན་དཔལ་མདོ་སྨད་འཛམ་ཐང་ཕྱོགས་སུ་ཕེབས་སྐབས་མཆོད་གཞིས་དང་འབུལ་བ་མང་པོ་ཕུལ་སྐབས་གནས་དེར་ཕྱི་ལོ་ ༡༤༢༥ ཤིང་མོ་སྦྲུལ་གྱི་ལོར་དཔལ་གྱི་འཛམ་ཐང་ཆོས་སྡེ་ཆེན་པོ་བཏབ་སྟེ་ངེས་དོན་གྱི་བསྟན་པའི་ཆོས་གཞི་བཙུགས། དེ་ཉིད་ཀྱི་གདན་ས་འཛིན་པ་མཁན་ཆེན་དཀོན་མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀིརྟི། ཨརྒེ་ཉི་མ་འོད་ཟེར་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་མང་དུ་བྱུང་། འདི་ནི་མདོ་སྨད་དུ་ཇོ་ནང་དགོན་སྡེ་ཐོག་མ་ཡིན་ལ། དགོན་འདིར་ཆོས་རྗེ་གྲྭ་ཚང་། ཚེས་བཅུ་གྲྭ་ཚང་། གཙང་བ་གྲྭ་ཚང་བཅས་གསུམ་ཡོད་པ་དང་། རྒྱུན་བཞུགས་བླ་གྲྭ་སུམ་སྟོང་ནས་བཞི་སྟོང་ལྷག་ཡོད་པ་རེད་འདུག། །ལོ་རྒྱུས་འདི་སྨོན་ལམ་ཀུན་བཏུས་ཚིག་མཛོད་ཆེན་མོར་གསལ་བ་བཞིན་བཀོད་པའོ། ། ༡༩༩༣ ལོ་ནས་ ༢༠༡༧ བར་དུ་སྤྲུལ་ཨ་ལགས་ཆོས་ཀྱི་སྣང་བ་སོགས་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།

དཔྱད་མཆན་སྤེལ།