༄༅། །བླ་མ་དང་དཔལ་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །
འདིར་དཔལ་གསང་བ་འདུས་པའི་བུམ་མདུན་བདག་འཇུག་དང་བཅས་པ་བསྡུས་པ་བྱ་ཚུལ་ནི། བུམ་པ་བིགྷྣནྟ་ཀྲིཏ་ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཱེ་བྷེ་྾གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག དེ་རྣམས་ཀྱི་སྟེང་དུ་ཐུན་མོང་མ་ཡིན་པའི་གདན་དང་བཅས་པའི་སྟེང་དུ་ཧཱུཾ་ལ་སོགས་པའི་ས་བོན་སོ་གཉིས་ལས། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ལ་རང་དང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མས་འཁྱུད་པ། ཤར་དུ་རྣམ་སྣང་དཀར་པོ། ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ། ཤར་ལྷོར་སྤྱན་མ་དཀར་མོ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ། ནུབ་བྱང་དུ་གོས་དཀར་མོ་དམར་མོ། བྱང་ཤར་དུ་སྒྲོལ་མ་ལྗང་གུ། ཕྱིའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ། ཤར་དུ་བྱམས་པ་དང་ས་སྙིང་དཀར་པོ། ལྷོར་ཕྱག་རྡོར་དང་ནམ་སྙིང་སེར་པོ། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དམར་པོ། བྱང་དུ་སྒྲིབ་སེལ་དང་ཀུན་བཟང་ལྗང་གུ། ཤར་དུ་གཤིན་རྗེའི་གཤེད་ནག་པོ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ། ནུབ་ཏུ་རྟ་མགྲིན་དམར་པོ། བྱང་དུ་བགེགས་མཐར་བྱེད་སྔོན་པོ། ཤར་ལྷོར་མི་གཡོ་བ་ནག་པོ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་ཐམས་ཅད་ཀྱང་ཞལ་གསུམ་པ། ཕྱག་དྲུག་པ། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོ་ནས་ཀུན་བཟང་གི་བར་གྱི་ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་མོ་དགུ་ཀ་དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། དར་ལ་བབ་པའི་ལང་ཚོ་ཅན། ཁྲོ་པོ་རྣམས་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་པོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། རྣམ་རྒྱལ་བུམ་པའི་མཚན་མ་ལྔའི་གནས་དང་། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདན་གྱི་སྟེང་དུ་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྒྱལ་བ་རིགས་ལྔ་དང་བགེགས་མཐར་བྱེད་གཉིས་སུ་གསལ་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། བཱ་ཏྱཾ། བུཥྦེ་ནས་ཤཔྟ་བཱུཛ་྾ཤྲཱི་ཡེ་ཨཱཿཧཱུཾ། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཡབ་ཡུམ་གྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། མཆོད་པ་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾསོགས་ཀྱིས་མཆོད། ཨོཾ་ཤྲཱི་གུ་ཧྱ་ས་མཛ་མཎྜལ་ཙཀྲ་ཨོཾ་ཨཱཿཧཱུཾ། མི་བསྐྱོད་རྡོ་རྗེ་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། དང་། ཨོཾ་ཨཱཿཧཱུཾ། བཟླ། བུམ་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པར་གྱུར། རྣམ་རྒྱལ་བུམ་པ་ལ་གཙོ་འཁོར་ཀུན་གྱི་སྔགས་དང་། ཨུད་ཀ་བཟླ། ལས་བུམ་ལ་བིགྷྣནྟ་ཀྲི་ཏ་དང་། ཐུན་མོང་དུ་ཡི་གེ་གསུམ་པ་བཟླས་ལ་ཡིག་བརྒྱ་བརྗོད། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། དང་། ཧཱུཾ་བདུན་གྱིས་མཆོད་ཡོན་འབུལ། ལས་སྔགས་བརྗོད་ཅིང་མེ་ཏོག་ཕུལ། ཨརྒྷཾ། སོགས་ཀྱིས་མཆོད། ལས་སྔགས་བརྗོད་ཅིང་བསངས། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པར་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག།གཏོར་མ་འབུལ་བར་འདོད་ན་གཞུང་བཞིན་འབུལ། འོན་ཀྱང་དཀྱིལ་ཆོག་ཕལ་མོ་ཆེར་གཏོར་འབུལ་མེད་པས། མ་ཕུལ་ཀྱང་ཆད་སྐྱོན་མེད་པར་སེམས་སོ། །བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། མཚན་མའི་ལྷ་རྣམས་ཀྱང་ཞུ་ནས་ལྷ་རང་རང་གི་ཕྱག་མཚན་གྱི་རྣམ་པར་གྱུར།
མདུན་སྐྱེད་ནི། དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་གཉིས་ཀྱི་བར་དུ་ཆུད་བའི་ཡཾ་རཾ་བཾ་ལཾ་ལས་འབྱུང་བཞི་རིམ་བརྩེགས་ཡུམ་བཞིའི་རང་བཞིན་དུ་གྱུར། དེ་བཞི་གཅིག་ཏུ་འདྲེས་ཏེ་སྣ་ཚོགས་རྡོ་རྗེར་གྱུར་བའི་ལྟེ་བའི་སྟེང་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུབ་བཞི་སྒོ་བཞི། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྒྱན་རྟ་བབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྒོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པ་རང་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པ། དེའི་ནང་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག་ཐུན་མོང་མ་ཡིན་པའི་གདན་དང་བཅས་པའི་སྟེང་དུ། ཧཱུཾ་ལ་སོགས་པའི་ས་བོན་སོ་གཅིག་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་བ་ལས། དབུས་སུ་རང་ཉིད་མི་བསྐྱོད་བ་ཞི་བ་མཐིང་ནག་རང་གི་སྙིང་ག་ནས་བྱུང་བའི་རིག་མ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁཾ་དང་རྡོ་རྗེ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོས་ཡབ་ལ་འཁྱུད་པ། ཤར་དུ་རྣམ་སྣང་དཀར་པོ། ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ། ཤར་ལྷོར་སྤྱན་མ་དཀར་མོ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ། ནུབ་བྱང་དུ་གོས་དཀར་མོ་དམར་མོ། བྱང་ཤར་དུ་སྒྲོལ་མ་ལྗང་གུ། རིམ་པ་གཉིས་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ། ཤར་སྒོའི་གཡས་གཡོན་དུ་བྱམས་པ་དང་ས་སྙིང་དཀར་པོ། ལྷོ་སྒོའི་གཡས་གཡོན་དུ་ཕྱག་རྡོར་དང་ནམ་སྙིང་སེར་པོ། ནུབ་སྒོའི་གཡས་གཡོན་དུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དམར་པོ། བྱང་སྒོའི་གཡས་གཡོན་དུ་སྒྲིབ་སེལ་དང་ཀུན་བཟང་ལྗང་གུ། ཤར་སྒོར་གཤིན་རྗེའི་གཤེད་ནག་པོ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ།ནུབ་སྒོར་རྟ་མགྲིན་དམར་པོ། བྱང་སྒོར་བགེགས་མཐར་བྱེང་སྔོན་པོ། ཤར་ལྷོར་མི་ཡོ་བ་ནག་པོ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ། ཐམས་ཅད་ཀྱང་ཞལ་གསུམ་པ། ཕྱག་དྲུག་པ། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོ་ནས་ཀུན་བཟང་གི་བར་གྱི་ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་མོ་དགུ་ཀ་དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ་དར་ལ་བབ་པའི་ལང་ཚོ་ཅན། ཁྲོ་བོ་རྣམས་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སོགས་པ། ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར།ཡུམ་གྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ལས་རྒྱལ་བ་རིགས་ལྔ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། ཧཱུཾ་སྙོམས་པར་འཇུག་བའི་ལས་ལ་གནས་པར་བྱས་བས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་སུམ་ཅུ་རྩ་གཉིས་ལས་ཧཱུཾ་ལ་སོག་པའི་ས་བོན་སོ་གཉིས། དེ་རྣམས་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས།དེ་རྣམས་ཡོངས་སུ་གྱུར་བ་ལས།དབུས་སུ་རང་ཉིད་མི་བསྐྱོད་པ་སྔོན་པོ་ལ་རང་ཉིད་རེག་བྱ་རྡོ་རྗེ་མས་འཁྱུད་པ། ཤར་དུ་རང་ཉིད་རྣམ་སྣང་དཀར་པོ་ནས་ཁྲོ་པོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཅེས་པའི་བར་ལྷ་རྣམས་ལ་རང་ཉིད་ཅེས་པའི་ཚིག་སྦྱོར་བ་ལས་གཞན་བུམ་བསྐྱེད་ཇི་ལྟ་བ་བཞིན་ནོ། །ཡུམ་གྱི་པདྨར་གནས་པའི་ལྷ་རྣམས་རང་གི་ཐུགས་ཀར་དྲངས་པ་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས་སེམས་ཅད་གྱི་དོན་མཛད་ནས་སྤྲུལ་བ་རྣམས་གཅིག་ཏུ་འདུས། དེ་རྣམས་རང་རང་གི་ཞིང་དུ་གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར། དམ་ཚིག་པ་དང་ཡེ་ཤེས་པའི་ལྷ་རྣམས་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། དམ་ཚིག་པའི་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་རྣམས་བསྐུལ་ཏེ་སྤྱན་དྲངས།རང་རང་གི་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར།སླར་ཡང་འོད་ཟེར་གྱིས་འོག་མིན་གྱི་རྒྱལ་བ་རྣམས་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཡབ་ཡུམ་གྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། རང་ཉིད་གཙོ་བོ་ལས་ཕྱེས་ཏེ་ཕྱི་རོལ་ཏུ་མཆོད་པའི་ལས་ལ་གནས་པར་གྱུར། མཆོད་པ་ཆུ་བཞི་ཉེར་སྤྱོད་འདོད་ཡོན་དང་བཅས་པ་བྱིན་གྱིས་བརླབས། ཨོཾ་ཨཱ་ཧྲཱིཿཔྲ་ཝ་྾ཨརྒྷཾ། སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་བུཥྤེ། སོགས། རཱུ་པ། སོགས་དང་། མ་ཧཱ་ས་བྟརཏྣ། སོགས་ཀྱིས་འབུལ། ཨོཾ་ཤྲཱི་གུ་ཧྱ་ས་མ་ཛ་མཎྜལ་ཙ་ཀྲ་ཨོཾ་ཨཱཿཧཱུཾ། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་དང་ཐ་མི་དད་པར་གྱུར།ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད།
གཏོར་མ་པཎ་ཆེན་ཆོས་རྒྱན་གྱིས་གསུངས་པའི་ནང་མཆོད་བྱིན་རླབས་བསྡུས་པ་ལྟར་བྱ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་སྐྱོང་བཅོ་ལྔ་སྤྱན་དྲངས། འོད་གསལ་དུ་བཅུག་པ་ལས་འདུས་པའི་྾གྱུར། བཛྲ་དྷྲྀ་ཀ་ཧཱུཾ་ཧཱུཾ།྾སུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། སརྦ་དུཥྚཾ་ས་མ་ཡ་མུ་དྲ་བྲ་བྷ་ཛ་ཀ་མ་མ་ཤིནྟཾ་རཀྵ་ཙ་ཀུ་རུ་སྭཱ་ཧཱ། བ་ལཾ་བྲཾ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱཿཧྲཱིཿ྾ཨཉྩ་མ་ཎཾ་྾ཨརྒྷཾ་྾ཨོཾ་སརྦ་ཏ་ཐཱ་ག་ཏ་བུཥྦེ། དྷཱུ་བེ།྾ཨོཾ་ཤྲཱི་གུ་ཧྱ་ས་མ་ཛ་མཎྜལ་ཙ་ཀྲ་ཨོཾ་ཨཱཿཧཱུཾ། མི་བསྐྱོད་རྡོ་རྗེ་྾྾྾དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་དཱ་ཤ་དིཀ་ལོ་ཀ་བཱ་ལ་ས་བ་རི་ཝ་ར་ཨ་ཀཱ་རོ་མུ་ཁཾ་྾ལན་གསུམ། ཨོཾ་དཱ་ཤ་྾ཨརྒྷཾ། བཱ་ཧྱཾ། ྾ནང་མཆོད། ཡིག་བརྒྱ། མ་རྙེད་ཡོངས་སུ། ྾ཨོཾ་ཨཱཿཧཱུཾ། བཛྲ་མུཿཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཕྱི་རོལ་མཆོད་པ་དང་ཉེ་རེག་མ་བྱས་ཀྱང་ཆད་སྐྱོན་མེད་པར་གསུངས་སོ། །
དེ་ནས་རྡོ་རྗེ་ཤུགས་འཇུག་དང་སྒོ་དབྱེ་སོགས་བྱས་རྗེས་བདག་འཇུག་བླངས་པ་ནི། མཎྜལ་རྒྱས་བསྡུས་གང་རུང་ཕུལ། འདི་ནི་འཁོར་བའི་རྒྱ་མཚོ་ལས། ཉོན་མོངས་ཆུ་སྲིན་ན་ཀྲས་ཁྱབ། །ལས་ཀྱི་རླུང་གི་རྦ་ཀློང་འཁྲུག།བདག་བྱིང་ཐུགས་རྗེའི་རྒྱལ་མཚོ་ཀྱེ། །མི་ཤེས་ལིང་ཏོག་གིས་བསྒྲིབས་མིག།ཉོན་མོངས་དབང་དུ་མཛད་ནས་ནི། །བདེ་དང་སྡུག་བསྔལ་འཇིགས་ལས་སྐྱོབ། །ཐུགས་རྗེའི་རྒྱ་མཚོ་བདག་སྐྱོབས་ཤིག །ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿབིགྷྣནྟ་ཀྲི་ཏ་ཧཱུཾ། ཨོཾ་ཙཀྵུ་བནྡྷ་ལྭཱ་ར་མ་ན་ཡ་ཧཱཾ། ཨཱཿཁཾ་བ་ར་ཧཱུཾ། རང་ཉིད་རྣམ་སྣང་དུ་གསལ་བའི་ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། མགྲིན་པར་ཉི་མ་ལ་ཨཱཿདམར་པོ། སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། ཡེ་གེ་གསུམ་གྱི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་པར་གྱུར། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ། སྐལ་བཟང་བདག་བདེ་བ་ཆེན་པོ་ལ་འོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཤོ་ལོ་ཀ་གཅིག་ལན་གསུམ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་སྡོམ་བཟུང་རྒྱས་བསྡུས་གང་རིགས་ལན་གསུམ། སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་དུ་གྱུར། ཨོཾ་སརྦ་ཡོ་ག་ཙི་ཏ་ཏཾ་ཨུ་བཱ་ཏ་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཨོཾ་ཨཱ་ཡ་མཱནྟ་ཀྲི་ཏ་ཧཱུཾ། ཨཱཿཁཾ་བཱི་ར་ཧཱུཾ། མ་ཧཱ་ར་ཏ་སུ་དྲིཌྷ་སུ་ཏོ་ཥོ་སུ་སུ་ཥོ། །བཛྲ་ས་ཏྭ་ཨཱཿདྷྱ་སི་དྡྷྱ་མཾ། ཤར་སྒོ་ནས། སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཨུ་པྵ་ནཱ་ཡ་ཨཱ་ཏྨཱ་ནཾ་ནི་རྱ་ཏ་ཡཱ་མི།་སརྦ་ཏ་ཐཱ་ག་ཏ་བཛྲ་ཏྭ་ཨ་དྷི་ཏི་ཥྛ་སྭ་མཾ།ཡང་། ཨོཾ་སརྦ་བུདྡྷ་བཱུ་ཛ་ཨུ་པྵ་ནཱ་ཡ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨེ་དྷ་ཏི་ཥྛ་མཾ།་ལྷོ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨཱ་ནཾ་ནི་རྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ནུབ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་པྲ་ལྭ་རྟནཱུ་ཡ་ཨཱཏྨཱ་ནཾ་ནི་རྱཱ་ཏ་ཡ་མི།སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་རྨྨཿབྲ་ལྭརྟཱ་ཡ་མཾ། བྱང་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཀརྨཱ་ཎ་ཨཱཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། སླར་ཡང་ཤར་སྒོ་ནས། ཨོཾ་ཨོཾ་གུ་རུ་ཙ་ར་ཎ་བཱུ་ཛ་ཨུ་པྵ་ནཱ་ཡ། ཨཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་སརྦ་ས་ཏྭ་བ་ར་ཏྲཱ་ཎྱ་ཨཱཏྨཱ་ནཾ་ནི་རྱ་ཏ་ཡཱ་མི། ཁྱོད་ཀྱི་གསང་བ་འདི་སུ་ལ་ཡང་མ་སྨྲ་ཞིག་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་གྱིས། གཞན་དུ་ན་རྡོ་རྗེ་སེམས་དཔས་སྙིང་ག་ནས་གཤེགས་པར་འགྱུར་རོ། །ཨོཾ་བཛྲ་ཨུ་ད་ཀ་ཋ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས།ངས་བཀའ་བསྒོ་བ་ལས་མ་འདའ་ཞིག དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཞིག རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ཨོཾ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཨཱཿདང་པདྨ་ལས་རང་ཉིད་འོད་དཔག་མེད་དམར་པོ་གཡོན་བརྐྱང་གིས་བཞུགས་པ། དེའི་སྤྱི་བོར་ཧཿམགྲིན་བར་ཨཱཿཐུགས་ཀར་ཧཱུཾ། དེ་དག་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་ལུས་ཀྱི་ནང་དུ་ཐིམ་པས་ལུས་ཀྱི་ནང་ཁོང་སྟོང་དུ་གྱུར། རྐང་བའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། རྐང་མཐིལ་གཉིས་སུ་ཛྷཻཿདམར་པོ་ལས་མེའི་འོད་ཟེར་རྐང་མཐིལ་ནས་ཞུགས་ཏེ་སྤྱི་གཙུག་གི་བར་དུ་ཕྱིན་པས་ལུས་ཐམས་ཅད་སྦྱངས། ཡེ་ཤེས་སེམས་དཔའི་ངོ་བོ་རང་གི་རྣམ་པར་ཤེས་པ་འོད་གསལ་དུ་བཅུག་པ་ལས། རང་ཉིད་འོད་དཔག་མེད་ཡི་གེ་གསུམ་དང་བཅས་པ་བཞེངས་པའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ། མགྲིན་པར་ཨཱཿལས་འོད་དཔག་མེད་ཡབ་ཡུམ། སྤྱི་བོར་ཧཿལས་རྣམ་སྣང་ཡབ་ཡུམ། ཛྷཻཿའི་འོད་ཀྱིས་བསྐུལ་པའི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས། ལུས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨཱ་པེ་ཤ་ཨཿཨཿཨཿཞེས་མང་དུ་བརྗོད། ཏི་ཥྛ་བཛྲ། ཡང་དག་པ་ཡི་ཞེས་སོགས་ལན་གསུམ་མམ་གཅིག
རང་ཉིད་རྣམ་སྣང་དུ་གསལ་བའི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་མི་བསྐྱོད་པ་ལ་སོགས་པའི་ལྷ་རྣམས་རང་གི་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་དང་ཡན་ལག་རྣམས་དང་དབྱེར་མི་ཕྱེད་པར་གྱུར། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་འཁོར་བཅས་ཀྱི་མདུན་དུ་གནས་པར་གྱུར། བྲ་ཏཱི་ཙྪ་ཀུ་སུ་མ་ཨཉྩ་ལིཾ་ནཱ་ཐ་ཧོཿཨོཾ་བྲ་ཏི་གྲི་ཧྞ་སྟྭཾ། ཨི་མཾ་ས་ཏྭ་མ་ཧཱ་བ་ལཱ། རང་གི་སྙིང་གར་ཟླ་བ་ལ་ཧཱུཾ། དབྲལ་བར་རཾ། མིག་གཉིས་ལ་ཨོཾ་འོད་ཟེར་འབར་བ་རེ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །྾མིག་ནི་བླ་ན་མེད། །ཧེ་བཛྲ་བཱ་ཤྱ། དཔལ་གསང་བ་འདུས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེའི་མིག་གིས་མངོན་སུམ་དུ་མཐོང་བར་གྱུར། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས། དབང་བསྐུར་བ་དངོས་ལ། རིགས་པའི་དབང་ལྔ་ཞུ་བའི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས། སོགས་ཀྱིས་གསོལ་འདེབས་ལན་གསུམ་གཞུང་དུ་མཚམས་འདིར་སྦྱངས་པ་རྒྱས་པ་གསུངས་ཀྱང་། རྡོར་ཕྲེང་ལྷན་ཐབས་ལས་མ་བྱས་ཀྱང་ཆད་སྐྱོན་མེད་པར་གསུངས་སོ། །གསང་འདུས་རྩ་རྒྱུད་དང་སློབ་དཔོན་ཨ་བྷྱ་སོགས་ཀྱིས་ནང་དབང་སྔོན་དུ་བསྐུར་བར་གསུངས་ཀྱང་། རྒྱལ་དབང་སྐལ་བཟང་རྒྱལ་མཚོས་སློབ་མ་ལ་ནང་དབང་བསྐུར་བ་དང་། མི་བསྐུར་བའི་ལུགས་གཉིས་རྒྱ་གར་གྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱིས་བཞེད་པར་གསུངས་པ་བཞིན།
འདིར་འཇུག་བདེ་ཁྱད་བསྐྱེད་ཆོག་ཕྱོགས་གཅིག་ཏུ་བྱེད་པ་ནི། བགྷྣི་ནྟ་ཀྲི་ཏ་ཀྱིས་བསངས། ཤཱ་ནྱ་ཏས་སྦྱངས། བདག་དང་དབང་རྫས་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་སྔོན་པོས་ཡུམ་མཱ་མ་ཀཱི་སྔོན་མོ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། སོགས་ཀྱིས་མཆོད། མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་བུམ་ཆུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུར་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་བཟུང་སྟེ་སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་བའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུད་ཀ་ཨ་བྷི་ཥཉྩ་ཧཱུཾ། སུར་ཏ་སྟྭཾ་ཨཱཿཧཾ། །ཞེས་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨརྒྷཾ། སོགས་ཀྱིས་མཆོད། རིན་འབྱུང་དབང་ལ་བསངས་སྦྱངས། བདག་དང་དབང་རྫས་ཅོད་པན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཏྲཾ་དང་རིན་པོ་ཆེ་ལས་རིན་འབྱུང་སེར་པོས་ཡུམ་མཱ་མ་ཀཱི་སེར་མོ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ། ནས། སེམས་ཀྱིས་དབང་བསྐུར། ཨརྒྷཾ།྾རིན་འབྱུང་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར། བླ་མ་དང་གཙོ་བོ།྾྾སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན། །྾དབང་བསྐུར་རྡོ་རྗེ།྾ཨོཾ་བཛྲ་ར་ཏྲ་ཀུ་ལ་མུ་ཀུཊ་ཨ་བྷི་ཥིཉ་མཾ། དབང་བསྐུར་རྡོ་རྗེ།྾ཨོཾ་ཨཱཿསརྦ་ཏ་ཐཱ་ག་྾ཤྲི་ཧཱུཾ་སྭཱ་ཧཱ།ཞེས་བདུད་རྩིའི་ཆུས།྾རིན་འབྱུང་གི་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨརྒྷཾ།྾འོད་དཔག་མེད་གྱི་དབང་ལ་བསངས་སྦྱངས། བདག་དང་དབང་རྫས་རྡོ་རྗེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧྲཱིཿདང་པདྨ་ལས་འོད་དཔག་མེད་དམར་པོས་ཡུམ་གོས་དཀར་མོ་དམར་མོ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ།྾བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཨརྒྷཾ།྾འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། བླ་མ་དང་གཙོ་བོ།྾སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་྾དབང་བསྐུར་རྡོ་རྗེ།྾྾སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །དབང་བསྐུར་རྡོ་རྗེ།྾འོད་དཔག་མེད་གྱིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨརྒྷཾ། སོགས་ཀྱིས་མཆོད། བདག་དང་དབང་རྫས་དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཁཾ་དང་རལ་གྲི་ལས་དོན་གྲུབ་ལྗང་གུས་ཡུམ་སྒྲོལ་མ་ལྗང་གུ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ།྾བྱང་ཆུབ་གྱི་སེམས་ཀྱིས་དབང་བསྐུར། ཨརྒྷཾ།྾དོན་འགྲུབ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། བླ་མ་དང་གཙོ་བོ།྾སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་྾དབང་བསྐུར་རྡོ་རྗེ།྾ཨོཾ་བཛྲ་ཨདྷི་བ་ཏི་ཏྭཾ་ཨ་བྷི་ཥིཉྩ་བཛྲ་ཧཾ། ས་མ་ཡ་སྟྭཾ། དབང་བསྐུར་རྡོ་རྗེ།྾དོན་གྲུབ་གྱིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་྾གྱུར། ཨརྒྷཾ་སོགས་ཀྱིས་མཆོད། རྣམ་སྣང་གི་དབང་ལ་བསངས་སྦྱངས། རང་ཉིད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དཀར་པོས་ཡུམ་སྤྱན་མ་དཀར་མོ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ།྾གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས།྾྾སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་྾དབང་བསྐུར་རྡོ་རྗེ།྾ཨོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏོ། ཀྱེ་དཔལ་ཆེ་གེ་མོ། ཞེས་བྱ་བའི་དེ་བཞིན་གཤེགས་པ་ལའོ། །དབང་བསྐུར་རྡོ་རྗེ།྾རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨརྒྷཾ། སོགས་ཀྱིས་མཆོད། དེ་ལྟར་རྒྱལ་བ་རིགས་ལྔའི་དབང་ཐོབ། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་གནས་བསྒྱུར། ཡེ་ཤེས་ལྔ་མངོན་དུ་བྱས། རྒྱལ་བ་རིགས་ལྔ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། མཎྜལ་ཕུལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །ལན་གསུམ། རང་ཉིད་བསངས་སྦྱངས། རང་ཉིད་སྟོང་པ་ཉིད་དུ་གྱུར།
སྟོང་པའི་ངང་ལས་དབང་སྟེགས་རིན་པོ་ཆེའི་ཁྲི་སེང་གེས་བཏེགས་པའི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ལ་འཁྱུད་པར་གྱུར། བླ་མ་དང་གཙོ་བོ།྾གཉིས་སུ་མེད་པར་གྱུར། རྡོ་དྲིལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔར་གྱུར། ཨཱཿལས་བྱུང་བའི་དྲིལ་བུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་གྱུར། ཨོཾ་མ་ཧཱ་བཛྲ་ཧཱུཾ། སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་སྒོ་ནས་རྡོ་རྗེ་འཛིན་པ་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིགཨོཾ་བཛྲ་གྷཎྜ་ཧོཿཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་སྒོ་ནས་དྲིལ་བུ་འཛིན་པ་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིགཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱས་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །རང་རྡོ་རྗེ་འཆང་དུ་གསལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །ཡབ་ཡུམ་ཕན་ཚུན་འཁྱུད་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་ཡིན་ནོ། །བླ་མ་དང་གཙོ་བོ་ཐ་མི།྾སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་྾དབང་བསྐུར་རྡོ་རྗེ།྾ཨོཾ་ཨཱཿབཛྲ་ཨུད་྾྾ཨ་ཧི། ཞེས་བདུད་རྩིའི་ཆུས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་སྤྱི་བོ་ནས་ཐིམ་པར་གྱུར། ཁམས་གསུམ་ཆོས་ཀྱི་རྒྱལ་བོར་མངའ་གསོལ་བར་གྱུར། ཨོཾ་སུ་བྲ་ཏི་ཥྛ་བཛྲ་ཡེ་སྭཱ་ཧཱ། ཨརྒྷཾ། སོགས་ཀྱིས་མཆོད། བླ་མ་དང་གཙོ་བོ་ཐ་མི་དད་པ་ཞེ་སྡེང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་རང་འདྲ་གཉིས་པ་ཞིག་བྱུང་། བླ་མའི་ཞལ་ནས་ཐོན། རང་གི་རྣ་བ་གཡས་པ་ནས་ཞུགས་ཏེ་སྙིང་གར་འཁོར་པར་གྱུར། ཨོཾ་ཨཱཿཧཱུཾ་ཨོཾ་སྭ་ཨཱཿཧ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ། དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དགལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་དང་བག་ཆགས་ཁྱད་པར་ཅན་བཞག་པ་ཡིན་ནོ། །
གསང་དབང་ནི། མཎྜལ་ཕུལ། ཁྱོད་ཞབས་པདྨོ་སྤངས་ནས་སུ། །གཙོ་བོ་གཞན་དུ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་ཕྱིར་སངས་རྒྱས་མཆོག་གནས་མཛོད། །ལན་གསུམ། བླ་མ་དང་གཙོ་བོ་ཐ་མི་དད་པ་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། དེའི་བང་ན་ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ། །དེའི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ལས་རྒྱལ་བ་རིགས་ལྔ། ཡབ་གྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་དང་། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཎ་བཛྲ་སྭབྷ་ཝ་ཨདྨ་གོཿཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་པོ་དཔའ་མོ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་ཞལ་དུ་ཞུགས་ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ། དགའ་བ་བཞིས་རིམ་གྱིས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་བརྟན་པར་བྱས།འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཨ་ཧོཿམ་ཧཱ་སུ་ཁ། དེ་ལྟར་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་མྱངས་པ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་བ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བ་ནི་གསང་དབང་གི་ངོ་བོ་ཡིན་ནོ། །
དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཅན་དུ་བྱས་སོ། །དབང་གསུམ་པའི་དོན་དུ། མཎྜལ་ཕུལ། དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །བདག་ལ་ཁྱོད་ཀྱིས་དབང་བསྐུར་སྩོལ། །ལན་གསུམ། རང་ཉིད་མི་བསྐྱོད་རྡོ་རྗེ་གསལ་བ་ལ། ཡུམ་རེག་བྱ་རྡོ་རྗེ་མས་འཁྱུད་པ། ཡབ་ཀྱི་གསང་ནས་྾ཨཏྨ་ཀོཿཧི། རང་ཉིད་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་སྙོམས་པར་ཞུགས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྤྱན་དྲངས། སྤྱི་བོ་ནས་ཞུགས། བདེ་པ་ཆེན་པའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་གནས་ལྟེ་བར་སླེབ་པ་ན་ཁྱད་དགའ། ལྟེ་བ་ནས་གསང་གནས་ཀྱི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེས་པའི་བདེ་བ་དང་སྟོང་བ་དབྱེར་མེད་དུ་སྦྱར་བ་དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་ནོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དགདོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །དབང་བཞི་བའི་དོན་དུ། མཎྜལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་བ་ཡང་། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ལན་གསུམ། དེ་ཡང་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་ཏུ། དོན་འདི་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིགས་མ་དང་ཁ་སྦྱོར་བའི་ལུས་ཅན་དང་། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །དེས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་སོ། །
གཏང་རག་གི་མཎྜལ་ཕུལ། གཏང་རག་གི་མཆོད་བསྟོད་མདོར་བསྡུས།ཡིག་བརྒྱ་དང་ནོངས་པ་བཟོད་གསོལ། ཉེར་བསྡུ་ནི། བསྒྲུབས་པའི་དཀྱིལ་འཁོར་གྱི་དམ་ཚིག་བ་དང་། ཡེ་ཤེས་པའི་ཆ་གཅིག་རང་ལ་ཐིམ། རང་ཉིད་གཙོ་བོ་ལས་ཕྱེ་སྟེ་ཕྱི་རོལ་ཏུ་གནས་པར་གྱུར། དམ་ཚིག་པ་དང་ཡེ་ཤེས་པའི་ཆ་གཅིག་བསྒྲུབ་གཞི་འདི་ལ་བརྟན་པར་བཞུགསསུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། དེ་ནས་སྨོན་ལམ་དང་ཤིས་བརྗོད་མདོར་བསྡུས་བྱའོ། །འདི་འདྲ་སྔར་མེད་གསར་བསྒྲིགས་ཁྲལ་ཆོས་སླ་ཆོས་སུ་སོང་གཤིས་གལ་རྒུད་ཆོས་ལ་བྱེད་པའི་སྐབས་འདི་འདྲ་འབྲི་བར་སྤོབས་པ་ཤིན་ཏུ་ཞན་རུང་། མི་འབྲི་ཐབས་མེད་བྱུང་བ་ཡིན་ལ། འདི་ཡང་རང་གི་དམ་ཚིག་ཉམས་ཆགས་གསོ་བ་དང་། བསྙེན་ཆེན་སྐབས་བདག་འཇུག་བརྒྱ་རྩའི་གྲངས་བསགས་པ་དང་། རྒྱུན་ལྡན་ཆགས་མེད་སོགས་བྱེད་ཚེ་མདོར་བསྡུས་འདྲ་བྱས་ན་རུང་ན་མ་གཏོགས། གཞན་ལ་དབང་བསྐུར་བ་སོགས་ཀྱི་སྐབས་ཆོ་ག་རྒྱས་པའི་སྟེང་ནས་ངེས་པར་བྱ་དགོས། རྗེ་རོལ་པའི་རྡོ་རྗེའི་གསུངས་ལས། ལག་ལེན་མདོར་བསྡུས་གཡམ་རྒྱུགས་ལྟ་བུར་བྱེད་པ་ནི་གསང་སྔགས་ཟབ་མོའི་བསྟན་པ་ཉམས་པའི་རྐྱེན་ཏུ་མ་རུང་གསུངས་སོ། །བསྙེན་ཆེན་སོགས་ཀྱི་སྐབས་སུ་ཆོ་ག་རྒྱས་པའི་སྟེང་ནས་བདག་འཇུག་སོགས་བྱེད་ཐུབ་ན་ཕུན་སུམ་ཚོགས་པར་འགྱུར་རོ། །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དགེ་སློང་བློ་བཟང་བསྟན་པ་དང་། དགེ་སློང་བློ་བཟང་ཚུལ་ཁྲིམས་གཉིས་དཔལ་གསང་བ་འདུས་པའི་བསྙེན་ཆེན་ལ་སྡོད་སྐབས་ནན་ཏན་གྱི་སྒོ་ནས་ཅིས་ཀྱང་འདི་འདྲ་ཞིག་གྱིས་ཞེས་བསྐུལ་བ་ལྟར། ༸དབྱངས་ཅན་བཞད་པས་ཅུང་ཟད་བསྒྲིགས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།སརྦ་མངྒ་ལཾ།