༄༅། །རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་པས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། ཧཱུཾ༑ སུམྦྷ་ནི་གཅིག།ཡིག་བརྒྱ་གསུམ། ཨོཾ་མཆོག་ཏུ༌྾བཞེས་སུ་གསོལ། བཛྲ་ཨུད་གྷ་ཊ་བཞི། བདག་དང་སེམས་ཅན་྾བཀའ་དྲིན་རྩོལ་ཅིག།མཎྜལ་ཕུལ། དགའ་ཆེན་ཁྱོད་བདག༌྾྾྾འཇུག་བར་འཚལ། །ལན་གསུམ་ཨོཾ་ཙཀྵུ་བནྡྷ་པ་ར་མ་ན་ཡ་ཧཱུཾ། མིག་དར་བཅིངས། ཨཱ་ཁཾ་བི་ར་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་བཅིངས། ཁཎྜ་རོ་ཧིས་བསངས།་རང་ཉིད་ཧེ་རུ་ཀར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿ ཧཱུཾ་གིས་མཚན་བར་གྱུར། བུ་ཁྱོད་སུ་ཡིན་ཅི་ལ་དགའ།་།སྐལ་བཟང་བདག་ནི་བདེ་ཆེན་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ །དཀོན་མཆོག་གསུམ་ལ་བདག༌྾྾ཡིད་ཀྱིས་གཟུང༌། གསུམ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ནས་དམ་པ་བདག་གིས་བསྐྱེད་པར་བགྱི། །རིགས་ལྔ་སྤྱི་དང་བྱེ་བྲག་གི།དམ་ཚིག་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས༌྾྾འདས་ལ་འགོད། གསུམ། རང་གི་སྙིང་ཀར་ཟླ་བ་ལ་གནས་བའི་རྡོ་རྗེ་དཀར་པོ། ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏཱ་ཏ་ཡ་མི། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་དུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་དང༌། མ་དད་པ་རྣམས་ལ་མ་སྨྲ་ཞིག།ཧཱུཾ་ཛ་ཧཱུཾ། མཁའ་འགྲོ་མ་ཡི་དྲ་བའི་འདྲེན། །གྲུབ་པའི་དཀྱིལ་འཁོར་འཁོར་ལོ་འདིར། །བདེ་བ་མཆོག་གི་ཕོ་བྲང་དུ། །བུ་ཁྱོད་བདག་གིས་དྲངས་པའོ། །མ་ཧཱ་ར་ཏ་སིདྡྷི྾སིདྷྱ་མཾ། གསུམ། ན་མཿཏེ་ཧཱུཾ྾སྭཱཧཱ། ཨོཾ་བཉྩ་ཊཱ་ཀི་ནི྾མི་ཧཱུཾ། རང་གི་སྙིང་གར་ལཾ་྾མཚན་པར་གྱུར། ཨོཾ་སརྦ་བི་ཏ་྾ཏི་ཥྛ་ནྟུ་མི། དེ་ལྟར་ཤར་སྒོ་ནས་མཁའ་འགྲོ་མ་ལ་ཕྱག་བྱས་པས། རང་མཁའ་འགྲོ་མའི་རང་བཞིན་དུ་གྱུར། རང་གི་དཔྲལ་བར་ཏཾ་྾ཨོཾ་སརྦ་པི་ར་྾ཨ་བྷཾ་ཥིཉྩ་ཏུ་མཾ། དེ་ལྟར་བྱང་སྒོ་ནས་བླ་མ་ལ་ཕྱག་བྱས་པས། རང་བླ་མའི་རང་བཞིན་དུ་གྱུར། རང་གི་ལྐོག་མར་྾ཨོཾ་སརྦ༌྾བ་ཡ་ཏུ་མཾ། དེ་ལྟར་ནུབ་སྒོ་ནས་དུམ་སྐྱེས་མ་ལ་ཕྱག་བྱས་པས། རང་དུམ་སྐྱེས་མའི་རང་བཞིན་དུ་གྱུར། རང་གི་སྤྱི་པོར་མཾ༌྾ཨོཾ་སརྦ་བཱི་ར༌྾ཀརྱནྟུ་མཾ། དེ་ལྟར་ལྷོ་སྒོ་ནས་གཟུགས་ཅན་མ་ལ་ཕྱག་བྱས་པས། རང་གཟུགས་ཅན་མའི་རང་བཞིན་དུ་གྱུར། ཨོཾ་གུ་རུ་ཙ་ར་ན༌྾ཏ་ཡ་མཾ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །འགའ་ལ་སྨྲས་ན་མགོ་བོ་འགེམས། །ཧེ་རུ་ཀ་དཔལ་སྙིང་ལ་ཞུགས། །དམ་ཚིག་འགལ་ན་དྲལ་ཏེ་གཤེག།འདི་ནི་བུ་ཁྱོད་བདུད་རྩི་སྟེ།྾།ཆུས་འགྲུབ་པོ། རྡོ་རྗེ་འཛིན་པ་ང་ཡིན་གྱི། །ཁྱོད་ཀྱིས་སྨད་པར་མི་བྱ་ཞིང༌། །དམ་ཚིག་འགལ་བར་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །དཔའ་བོ་དང་རྣམ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག།དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། །ལན་གསུམ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ༌྾གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་ནས་ཤཾ་ཝ་རཾ་སྭཱ་ཧཱ། ཧཱུཾ་ཧ་ཨཱ་ཛྷེཿ ཏིཥྛ་བཛྲ། བྲ་ཏིཙྪ་བཛྲ་ཧོཿཨོཾ་པྲ་ཏཱི་ཟྀཧྣ་སྟྭཾ། ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཨོཾ་བཛྲ་ནི་ཏྲ་ཨ་བ་ཕཊ་ལཾ་ཧྲཱིཿཧེ་བཛྲ་པཱ་ཤྱ། དཔལ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་གསུམ་དུ་མཐོང་བར་གྱུར། མཎྜལ་ཕུལ།ཆོས་བདེན་བདག་ཉིད༌྾྾བསྐུར་བར་མཛོད། ལན་གསུམ། བུམ་ཆུ་བསངས་སྦྱངས། བདག་དང་དབང་རྫས་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པས་མཱ་མ་ཀཱི་སྔོན་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ༑ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨགྷཾ་སོགས་གྱིས་མཆོད། ཡབ་ཡུམ་སྙོམས་འཇུག་གིས་ཞུ་བའི་བུམ་ཆུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་སྤྱན་དྲངས། ཨགྷཾ ྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས།གཙོ་བོས་དབང་བསྐུར་པའི་དགོངས་པ༌྾བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས༌྾྾བཀྲ་ཤིས་ཤོག།དབང་བསྐུར་རྡོ་རྗེ་ཆེན་པོ༌྾སྦྱིན་པར་བྱ། ཨོཾ་ཙཀྲ་བྰི་ར་སྟྭི་ཨ་བྷི་ཥི་ཉྩ་མི། དེ་ལྟར་དབང་བསྐུར་བས་དྲི་མ་དག་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨརྒྷཾ་྾དེ་ལྟར་ཆུས་དབང་ཐོབ་པས་རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །
བདག་དང་དབང་རྫས་ཅོད་པན་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་དྲི་དང་རིན་པོ་ཆེ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་བས་རིན་ཆེན་སྒྲོལ་མ་སེར་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རྡོ་རྗེ་སེམས་དཔའི་དབུ་བརྒྱན་པར་གྱུར།ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ༌྾བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བ་དང་བཅས་བ་སྤྱན་དྲངས།ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་པའི་དགོངས་པ༌྾དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས༌྾དབང་བསྐུར་རྡོ་རྗེ༌྾སྦྱིན་པ་བྱ།ཨོཾ་སརྦ་བུངྔྷ་ཊཱ་ཀི༌྾ཨོཾ་རྀཾ་རྀཾ྾ས་ཧཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་྾ཞེས་དབང་བསྐུར་དྲི་མ་དག།རིན་འབྱུང་གིས་དབུ་བརྒྱན་བར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨརྒྷཾ་྾དེ་ལྟར་ཅོད་པཎ་གྱི་དབང་ཐོབ་པས། ཚོར་བའི་ཕུང་བོ་གནས་བསྒྱུར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །
བདག་དང་རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཛྫིཾ་དང་པདྨ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨརྒྷཾ་྾ཡབ་ཡུམ་སྙོམས་འཇུག་གིས་ཞུ་བའི་རྡོ་རྗེར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་སྤྱན་དྲངས། ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་པ་བཏབ་པས། གཙོ་བོས་དབང་བསྐུར་པའི༌྾བསྐུར་བར་གྱུར། བཀྲ་ཤིས་གང་ཞིག༌྾྾བཀྲ་ཤིས་ཤོག།དབང་བསྐུར་རྡོ་རྗེ་྾ཧེ་རུ་ཀ་དཔལ་དཔའ་སོགས་ཀྱིས། །དེང་ཁྱོད་བདག་པོར་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུངས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི༌྾ཞེས་དབང་བསྐུར། དྲི་མ་དག འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨརྒྷཾ་྾དེ་ལྟར་རྡོ་རྗེའི་དབང་ཐོབ་པས། འདུ་ཤེས་གྱི་ཕུང་པོ་གནས་བསྒྱུར་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་སོ། །བདག་དང་དྲིལ་བུ་བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཁཾ་དང་རལ་གྲི་ལས་དོན་འགྲུབ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨརྒྷཾ་྾ཡབ་ཡུམ་སྙོམས་འཇུག་གིས་ཞུ་བའི་དྲིལ་བུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་སྤྱན་དྲངས། ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་པའི༌྾དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག྾། བཀྲ་ཤིས་ཤོག།དབང་བསྐུར་རྡོ་རྗེ༌྾འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུ་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བར་བཞེད། །ཨོཾ་སརྦ་ཏ་ཐཱ༌྾ཞེས་དབང་བསྐུར། དྲི་མ་དག།དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་བར་གྱུར། ཨརྒྷཾ་དེ་ལྟར་དྲིལ་བུའི་དབང་ཐོབ་པས།འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར་ཏེ། བྱ་བ་གྲུབ་བའི་ཡེ་ཤེས་མངོན་དུ་བྱས་སོ། རང་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་ཏུ་ཧཱུཾ་དང་འཁོར་ལོ་ལས་རང་ཉིད་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པས། སྤྱན་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་བ་སྤྱན་དྲངས། ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་བའི༌྾བསྐུར་བར་གྱུར། བཀྲ་ཤིས་གང་ཞིག༌྾བཀྲ་ཤིས་ཤོག།དབང་བསྐུར་རྡོ་རྗེ༌྾ཀྱཻཿདཔལ་བདེ་མཆོག་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ།ཨོཾ་སརྦ་ཏ་ཐཱ༌྾ཞེས་དབང་བསྐུར། དྲི་མ་དག།རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨརྒྷཾ་྾དེ་ལྟར་མིང་གི་དབང་ཐོབ་པས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་སོ།།
བླ་མའི་ནང་གི་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང་བ་ཞལ་ནས་ཐོན་རང་གི་ཞལ་ནས་ཞུགས། སྙིང་གའི་ཧཱུཾ་གི་མཐར་འཁོད་པས་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། ཨོཾ་ཤྲཱེ་བཛྲ༌྾སྭཱཧཱ། གསུམ།
དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག།རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཡུམ་དང་བཅས་བར་གྱུར། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡེ་ཤེས་ལྔའི་རང་བཞིན་གྱིས་རྡོ་རྗེའི་རྡུལ་ཕྲ་རབ་དང་མི་འབྲལ་བར་གྱིས་ཤིག།ཨོཾ་སརྦ་ཏ་ཐཱ་ག་ཏ་སི་ངྔྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཨ་མི་ཨོཾ་ཧ་ཧ་ཧ་ཧ་ཧཾ། སྙིང་གར་ཡང་རྡོ་རྗེར་སེམས་དཔའ་འོད་ཟེར་འཕྲོ་བ་གཅིག་བཞུགས་པར་གྱུར། རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་གྱུར། ཨོཾ་ཤྲཱི་བཛྲ༌྾གསུམ། ཨོཾ་བཛྲ་བཻརོ༌྾གསུམ། ཁ་ཊཱཾ་ཀ་ལྷའི་སྐུ་བདེ་བ་ཆེན་པོ། ཌཱ་མ་རུ་ཤེས་རབ་སྟོང་པ་ཉིད་ཐོད་པ་བདེ་སྟོང་དབྱེར་མེད་དུ་སྐྱོང་བ། ཚངས་སྐུད་རྣམ་པར་རྟོགས་པའི་མཚོན་བྱེད་དུ་ཤེས་པར་གྱིས་ལ་དེ་དག་དང་མི་འབྲལ་བར་ཀྱིས་ཤིག།སྙིང་གའི་ནང་དུ་ཧེ་རུ་ཀ་ཡབ་ཡུམ་ཚོན་གང་བ་གཅིག་བཞུགས་པར་གྱུར། རང་ཉིད་ལྷག་པའི་བླ་མ་དང་བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་གྱུར།ཧེ་རུ་ཀ་དཔལ་ཞེས་བྱ་བའི། དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀཌཱ་གཾ་ནཱི་ནཱ་མཿསརྦ་ཏ་ཐཱ་ག་ཏ་སིངྔྷིཿ ས་མ་ཡ་སྟྭཾ། བྷུར་བྷུ་ལྦ་སྟྭཿབདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །མཎྜལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། ། གསུམ། རང་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་སེང་ཁྲི་པད་ཉིའི་སྟེང་དུ། ཧཱུཾ་དང་རྡོ་རྗེ་ལས་རང་ཉིད་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་བསྙེམས་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར་བའི་སྟེང་དུ་གདུགས། གཡས་རྒྱལ་མཚན། གཡོན་དུ་པ་དན། མཐའ་སྐོར་དུ་མཆོད་པའི་སྤྲིན་དང་བཅས་པར་གྱུར།
རྡོ་དྲིལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ། རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། ཨ་ལས་བྱུང་པའི་དྲིལ་བུ་རྡོ་རྗེ་སེམས་མའི་ངོ་བོར་གྱུར། ཨོཾ་མ་ཧཱ་བཛྲ་ཧཱུཾ། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་ཟུངས་ཤིག ཨོཾ་བཛྲ་གྷཎྚེ་ཨཱཿཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་སྒོ་ནས་དྲིལ་བུ་ཟུངས་ཤིག རང་གི་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། འབྲར་མི་རུང་བའི་ཕྱག་རྒྱའི་དམ་ཚིག་ཡིན་ལ། དེ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་མཉམ་པར་སྦྱར་ཏེ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱའོ། །རང་རྡོ་རྗེའཆང་ཡབ་ཡུམ་འཁྱུད་པ་ལ་བརྟེན་ནས་བྱུང་པའི་བདེ་བ་དང་སྟོང་པ་ཉིད་དབྱེར་མེད་དུ་སྦྱར་བ་སྟེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ནོ། །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་གའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་སྤྱན་དྲངས། ཨརྒྷཾ་྾དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་བའི་དགོངས་པ༌྾དབང་བསྐུར་པར་གྱུར། བཀྲ་ཤིས་གང་ཞིག༌྾དབང་བསྐུར་རྡོ་རྗེ༌྾ཨོཾ་ཙ་ཀྲ་བིར་སྟྭཾ། ཨ་བྷེཥི་ཉྩ་མི། དེ་ལྟར་དབང་བསྐུར་བས། དྲི་མ་དག།མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཛཿ ཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་རང་གི་སྤྱི་བོ་ནས་ཐིམ་པར་གྱུར །ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱཧཱ། ཨརྒྷཾ་྾བདེ་སྟོང་དབྱེར་མི་ཕྱེད་པའི་དེ་ཉིད་རིག་པའི་སྒོ་ནས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱའོ། །བདག་ཉིད་དཔའ་བོ་དང་རྣལ་འབྱོར་མ་འདུས་པའི་ངོ་བོར་དཔལ་ཧེ་རུ་ཀར་བལྟས་ལ། བདག་ཉིད་ལ་མཆོད་པར་བྱའོ། །
སྣོད་བཅུད་སྒྱུ་མ་ལྟར་ཤེས་པར་གྱིས་ལ། སེམས་ཅན་གྱི་དོན་བྱོས་ཤིག།དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་འཁྲུད། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །མཎྜལ་ཕུལ།བདག་ཉིད་ཆེ་ཁྱོད་ཇི་ལྟ་བྱར། །གཙོ་བོས་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། བྱིས་བ་བདག་ལ་སྐྱབས་མཛོད་ཅིག།གསུམ། རང་ཉིད་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དཔའ་པོ་དང་དཔའ་མོ་རྣམས་སྤྱན་དྲངས་ཏེ། ཡབ་ཡུམ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་སེམས་དཀར་དམར་དུ་གྱུར། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱ། །ཀྱེ་མ་བདེ་བ་ཆེན་པོའོ། །དེ་ལྟར་མྱང་བ་ལ་བརྟེན་ནས་བྱུང་བའི་བདེ་བ་དང་སྟོང་པ་ཉིད་དུ་སྦྱར་བ་དེ་གསང་དབང་གི་ངོ་བོ་ཡིན། བླ་མ་ཡབ་ཡུམ་ཀྱི་ཐུགས་ཀ་ནས་ཧེ་རུ་ཀ་ཡབ་ཡུམ་འཕྲོས། རང་གི་མགྲིན་པར་ཐིམ་པརགྱུར། དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག།ལམ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། མཎྜལ། ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལ་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིས་བ་སྐྱབས་མེད་བདག་ལ་སྐྱོབ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །ཁྱོད་ལ་ལེགས་པར་སྦྱིན་པར་བྱ། །བུ་ཁྱོད་ང་ལ་གུས་བྱས་ནས། །བདུད་རྩི་རྣམ་ལྔ་ཟ་སྦྲོ་འམ། །ཇི་ལྟར་གསུང་བའི་དམ་ཚིག་ཀུན། །ལྷ་མོ་ཅིའི་ཕྱིར་བདག་མི་སྤྲོ། །ཨེ་མ་ང་ཡི་པདྨ་འདི། །བསྟེན་ན་ཚེ་འདིར་སངས་རྒྱས་འགྲུབ། །པདྨ་བྷ་ཉྩ་ཧོཿརང་ཉིད་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་པ་ལ། རིག་མ་ཡུམ་རྡོ་རྗེ་ཕག་མོ་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་྾྾བྱཱ་སེར་པོས་མཚན་པར་གྱུར། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པས་སྙོམས་པར་ཞུགས་པའི་བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་ཀར་སླེབས་པ་ན་མཆོག་དགའ་སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་དགའ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེས། དེ་དང་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་ནོ། །དེ་ནས་ཤེས་རབ་མ་དགྱེས་ནས། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས་སེམས་ཅན་ཀུན་གྱི་དོན་གྱིས་ཤིགདེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དགལམ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །མཎྜལ་ཕུལ། ཁྱོད་ཞབས་པདྨ་མོའི༌྾྾བསྐྱབ་ཏུ་གསོལ། གསུམ། དབང་གསུམ་པའི་དུས་སུ་ལུས་འདོད་ལྷ་ཡབ་ཡུམ་དང༌། སེམས་བདེ་སྟོང་དབྱེར་མེད་དུ་རྒྱུན་བཟང་དུ་སོང་སྟེ། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དང༌། ཐུགས་ལྷན་སྐྱེས་ཀྱི་བདེ་སྟོང་དུ་ཟུང་འཇུག་དངོས་གནས་སུ་གྲུབ་པ་ཡིན་ནོ། །འདི་ནི་རང་བཞིན་མཛེས་མ་སྟེ། ཕྱི་རོལ་ཡུལ་ནི་སྤངས་པའོ།།རིགས་འདི་བོར་ནས་དེ་ལས་ནི། །གཞན་བའི་ཐབས་ཀྱིས་སངས་རྒྱས་མེད། །རིགས་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་བའི་སྐལ་བ་ཅན་དུ་བྱས་སོ། །གཏང་རག་གི་མཎྜལ་ཕུལ། གཏང་རག་གི་མཆོད་བསྟོད་བྱ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་པའི་སེང་གེའི་གླིང་དུ་བཞུག་སོ།།