༄༅། །བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་བཾ་ལས་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་྾སྭཱཧཱ། ལན་གཉིས། ལྷའི་ཆུ་བོ༌྾གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་བའི་དབུས་སུ་མཚན་དཔེའི་ངོ་བོ་དབྱངས་གསལ་གྱི་ཡི་གེ་དཀར་དམར་ལས། དབྱངས་གསལ་གྱི་གཟུགས་བརྙན་ཤར་བའི་ཟླ་བ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་བ་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས།ཟླ་བའི་དབུས་སུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་སོ་སོར་རྟོགས་པའི་ཡེ་ཤེས། ཧཱུཾ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཏེ་འདུས་ནས་ནཱ་ད་ལ་ཐིམ་པ་ལས། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་ཨཱཿ ཧཱུཾ། ཨོཾ་སརྦ་བཱི་ར྾ཤུངྔྷོ་ཉྲ་ཧཱུཾ། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། གདན་རྣམས་ལྷ་དྲུག་ཅུ་རྩ་གཉིས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བུམ་པའི་ནང་གི་རིམ་པ་ཕྱི་མའི་ཕྱོགས་མཚམས་བརྒྱད་དུ་རོའི་གདན།
དེའི་ནང་དུ་སྐུ་གསུང་ཐུགས་བདེ་ཆེན་ཀྱི་འཁོར་ལོ་དང་བཅས་པའི་དབུས་ཀྱི་ལྟེ་བར་ཉི་གདན་གྱི་སྟེང་དུ་དཔལ་ཧེ་རུ་ཀ་མཐིང་ཁ། ཞལ་བཞི། ཕྱག་བཅུ་གཉིས་པ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། འཇིགས་བྱེད་དང་དུས་མཚན་མནན་པ། གླང་ལྦགས་དང་སྟག་ཤམ་གསོལ་ཞིང༌། རུས་པའི་རྒྱན་དྲུག་གིས་བརྒྱན་པ། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། རྡོ་རྗེ་དང་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ཕྱག་རྒྱ་ལྔས་བརྒྱན་པ། བདེ་ཆེན་འཁོར་ལོ་ལ་གཟུགས་ཅན་མ་ལ་སོགས་པའི་ལྷ་མོ་བཞི་དང༌། མཚམས་བཞིར་བདུད་རྩིས་གང་བའི་ཐོད་པ་བཞི། བུ་ལླིར་མ་ལ་སོགས་བར་ཐུགས་ཀྱི་འཁོར་ལོའི་རྩིབས་རྣམས་ལ། ཁཎྜ་ཀ་བཱ་ལ་དང་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སྐུ་མདོག་སྔོན་པོ། ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ། ཀཱ་མ་རཱུ་བ་ལ་སོགས་པ་གསུང་གི་འཁོར་ལོའི་རྩིབས་རྣམས་ལ། མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས་པ་གསུང་གི་འཁོར་ལོའི་ལྷ་རྣམས་སྐུ་མདོག་དམར་པོ་ས་ལ་སྤྱོད་བའི་ཚུལ་གྱིས་བཞུགས་པ། བྲེ་ཏ་བུ་རི་ལ་སོགས་པ་སྐུའི་འཁོར་ལོའི་རྩིབས་རྣམས་ལ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་སྐུའི་འཁོར་ལོའི་ལྷ་རྣམས་སྐུ་མདོག་དཀར་པོ། ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པ། དཔའ་པོ་རྣམས་ཕྱག་རྒྱ་དྲུག་དང༌། དཔའ་མོ་རྣམས་ཕྱག་རྒྱ་ལྔས་རྒྱས་བཏབས་པའོ། །ཤར་ལ་སོགས་པའི་ཕྱོགས་མཚམས་བརྒྱད་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད། ཞལ་གཅིག་ཕྱག་བཞི་མ། རང་རང་གི་ཕྱག་མཚན་འཛིན་ཅིང༌། དྲག་མོ་ཆེན་མོ་རོའི་གདན་ལ་བཞུགས་པའོ། །ལས་བུམ་གྱི་ནང་དུ་ཉི་གདན་ལ་བཾ་ལས་གྲི་གུག་བཾ་གྱིས་མཚན་པ་ལས། དུམ་སྐྱེས་མ་དམར་མོ། །ཞལ་གཅིག་ཕྱག་བཞི་མ། གཡས་བརྐྱང་གིས་བཞུགས་པ། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ཕཻཾ༑ ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཁཎྜ་རོ་ཧིས་གྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ། ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར།
མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཐོད་པ་སོ་སོའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་བར་གྱུར། ཨོཾ་ཨརྒྷཾ་ནས་ཤབྟ་ཨཱ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ནས་ཤབྟའི་བར་དང༌། ཨོཾ་ཧཱུཾ་བཾ་སོགས་ཀྱིས་ནང་མཆོད་འབུལ། ལྷག་པའི་ལྷ་མཆོག་ཧེ་རུ་ཀ་དཔལ་དང༌།་།ཀུན་ལ་མ་ལྟར་བརྩེ་བའི་རྗེ་བཙུན་མ། །དཔའ་པོ་དཔའ་མོའི་དབང་ཕྱུག་ཐམས་ཅད་ཀྱི། །ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །ཨོཾ་ཨ་མྲྀ་ཏ་ཨུད་ཀ་དང༌། ཨོཾ་ཨཱཿ ཧཱུཾ། དུང་ཆོས་ཀྱི་ཆུ་ཡེ་ཤེས༌྾སྔགས་ཀྱི་འོད་ཟེར་གྱིས༌྾བུམ་པའི་ཆུ་ལ་ཐིམ་པར་གྱུར། ཡབ་ཡུམ་གྱི་སྙིང་བོ་དང༌། ཉེ་སྙིང་དང༌། འཁོར་སྔགས་ལ་རྀཾ་ཡྀཾ་སོགས་དང༌། ལས་བུམ་ལ་སུམྡྷ་ནི་དང༌། ཁཎྜ་རོ་ཧཾ། ཐུན་མོང་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ༌྾ཡིག་བརྒྱ།ཨོཾ་ཧྲཱིཿ ཧ་ཧ་དང་ཧཱུཾ་བདུན་གྱིས་མཆོད་ཡོན་ཕུལ།སྔར་ལྟར་མཆོད་ཅིང་བསྟོད། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། འདི་ནི་ས་ཆོག་སྐབས་ཉིན་རེ་བཞིན་དུ་ཆགས་མེད་དུ་འདོན་རྒྱུར་ས་ཆོག་པ་རྣམས་ཀྱིས་བུམ་ཆོག་བསྡུས་བ་ཞིག་བསྒྲིགས་དགོས་ཞེས་བསྐུལ་བ་བཞིན། དབྱངས་ཅན་བཞད་པས་བྲིས་བའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།