༄༅།།སི་དྡྷི་ར་ཏྣ་ནཱ་ཡ་ཀ་མྱར་ཐནཱ་མཤྲཱི་ཀཱ་ལ་ཙ་ཀྲ་མ་ཧཱ་ས་མ་ར་ཕྱ་མཎྜལ་བཾ་དྷཾ་ཧཾ་ཧ་ར་ཏི་སྨ།།
༄༅།།དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
༄༅༅། །ན་མོ་གུ་རུ་བཛྲ་དྷ་ར་ཀྴ་ལ་ཙ་ཀྲ་མ་ཧཱ་སཾ་བྷ་ར་ཡ། །ཟབ་དང་རྒྱ་ཆེའི་གདམས་ངག༷་གླིང་བཞི་ལ། །འཆད་རྩོད་རྩོམ་བའི་དཔུང་གིས་དབ༷ང་བསྒྱུར་ཞིང་། །ཆོ༷ས་ཀྱི་རྒྱལ་སྲིད་མི་ཉམས་འཕེ༷ལ་མཛད་པ། །རྡོ་རྗེ་འཆང་དབང་ཞབས་སེན་སྤྱི་བོས་མཆོད། །མི་འགྱུར་བདེ་ཆེན་ཉིན་བྱེད་རྩེ་དགའ་འབུམ། །ཆོས་དབྱིངས་བསིལ་ལྡན་ལྷུན་བོར་བརྩེན་པ་ལས། །སྒྱུ་འཕྲུལ་དྲ་བའི་ཆུ་ཀླུང་འབུམ་འགྱེད་བ། །དཔལ་ལྡན་དང་བོའི་སངས་རྒྱས་ལ་ཕྱག་འཚལ། །རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་སྡོམ་ཆེན་ཞེས། །གྲགས་སྙན་ཕྱོགས་ཀྱི་འཁོར་ལོའི་མཐར་བརྒལ་བའི། །དཀྱིལ་འཁོར་ཆེན་བོར་འཇུག་བའི་ཆོ་ག་ནི། །དམ་པའི་ལེགས་བཤད་བཞིན་དུ་འདིར་བཤད་བྱ། །དེ་ལ་འདིར་དུས་ཀྱི་འཁོར་ལོའི་རྒྱུད་དང་། །མངོན་བརྗོད་འབུམ་པ་སོགས་ནས་གསུངས་པའི་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་གའི་རྣམ་བཞག་བཤད་པ་ལ། །འགྲེལ་ཆེན་དྲི་མེད་འོད་གྱི་དབང་ལེའི་དོན་ལྟར། །གང་གི་དབང་བསྐུར་བ་བོ་རྡོ་རྗེ་སློབ་དཔོན་ཀྱི་མཚན་ཉིད། །གང་ལ་དབང་བསྐུར་བར་བྱ་བ་རྡོ་རྗེ་སློབ་མའི་མཚན་ཉིད། །གང་དུ་དབང་བསྐུར་བ་དཀྱིལ་འཁོར་གྱི་རབ་དབྱེ། །ཇི་ལྟར་དབང་བསྐུར་བའི་ཆོ་ག་དང་བཞི། དང་པོ་ནི། རྒྱུད་ལས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མཐའ་ཡས་བ་ཞིག་གསུངས་ཀྱང། །སྔགས་རིམ་ཆེན་མོ་ལས། མེད་དུ་མི་རུང་བའི་མཚན་ཉིད་གསུམ་ལྡན་ཞིག་དགོས་བར་གསུངས་པ་ལྟར། ལས་རུང་གི་བསྙེན་བ་སྔོན་དུ་སོང་བ་ཞིག་གལ་ཆེ་སྟེ། སྙིང་པོ་མདོར་བསགས་ལས།དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས།།དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ།།ཞེས་གསུང་སོ། །དེས་ན་ཞར་བྱུང་སྡོམ་ཆེན་འདིའི་ལས་རུང་གི་བསྙེན་པ་གཏོང་ཚུལ་མདོར་བསྡུས་འཆད་པ་ལ། །སྦྱོར་དངོས་མཇུག་གསུམ་ལས། །དང་པོ་ནི། བཅའ་གཤོམ་སོགས་སྦྱོར་བའི་རིམ་པ་རྣམས་བསྙེན་ཡིག་བདུད་རྩིའི་ཐིག་པ་ལས་ཤེས་བར་བྱའོ། །གཉིས་པ་དངོས་གཞི་ལ། ཆོ་ག་རྒྱས་པ་རིགས་ལྡན་ཞལ་ལུང་གི་སྟེང་ནས་གཏོང་བ་དང་། བསྡུས་པ་སྡོམ་ཆེན་གྱི་ཆོ་ག་འཇམ་དཔལ་དགོངས་རྒྱན་གྱི་སྟེང་ནས་གཏོང་བ་གཉིས། དང་པོ་བསྙེན་བ་དངོས་གཞིའི་འགོ་སྔ་དྲོའི་ཐུན་དང་པོ་དེ་ནས་འཛུག་པ་ཡིན་ལ། དེ་ཡང་སྐད་ཅིག་དཀྲོང་བསྐྱེད་ནས་བཟུང་སྟེ་ཉེར་བསྡུས་པར་སྒྲུབ་ཐབས་ངག་འདོན་ལྟར་དང་། སྲུང་འཁོར་རྒྱས་པ་མ་ལྕོགས་ན་བསྡུས་པ་བྱས་ཀྱང་ཆོག་པར་གསུངས་སོ། ཐུན་ཕྱི་མ་རྣམས་ལ་སྐྱབས་འགྲོ། སྐད་ཅིག་དཀྲོང་བསྐྱེད། ནང་མཆོད་བྱིན་རླབས་བསྡུས་པ། བདག་སྐྱེད་མཆོད་པ་བྱིན་རླབས། ཚོགས་ཞིང་ནས་བཟུང་། སྲུང་འཁོར་དོར་ཞུ་བ་གླུས་བསྐྱེད་སྐབས་རྒྱན་བཀོན་དོར་ཆོག་སྟེ། སྤྱིར་ཡང་སྡོམ་ཆེན་གྱི་སྐབས་འདིར་རྒྱན་བཀོད་མ་བྱས་ཀྱང་ཆོག་པར་གསུངས་སོ། དེ་ནས་ཤར་ཕྱོགས་དུར་ཁྲོད་མ་བསྡུས་པ་དང་། འདོད་སྣམ་གྱི་ལྷ་མོ་གཞུང་ལྟར་བསྐྱེད། དེ་ནས་འཇམ་དཔལ་དགོངས་རྒྱན་ལྟར།རང་ཉིད་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་ཞེས་བ་ནསཐུགས་ཀའི་ས་བོན་ལ་སྡུད་པའི་སྤྲོས་པ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར། དེ་ནས་བཟླས་པ་སྔར་བཞིན་བྱས་མཐའ། མཆོད་བ། ནང་མཆོད། བསྟོད་པ་རྣམས་འཇམ་དཔལ་དགོངས་རྒྱན་ལྟར་དང། ཉེར་བསྡུ་ཆོ་ག་རྒྱས་པ་ལྟར་བྱས་རྗེས་བསྔོ་སྨོན་བྱ། ཐུན་བཞི་བའི་ཉེར་བསྡུས་འགོར་གཏོར་འབུལ་འཇམ་དཔལ་དགོངས་རྒྱན་ལྟར་དང་། ཉེར་བསྡུ་དང་བསྔོ་སྨོན་སོགས་སྔར་ལྟར་བྱ། གཉིས་པ་ཆོ་ག་བསྡུས་པའི་སྟེང་ནས་བསྙེན་པ་གཏོང་ན་ཐུན་དང་བོར་གཞུང་ལྟར་ལ། ཕྲེང་ཆོག་ཆོ་ག་རྒྱས་པ་ལྟར་བྱ། ཐུན་ཕྱི་མ་རྣམས་བསྲུང་འཁོར་དོར་ཀྱང་ཆོག་ལ་ཐུན་བཞི་བའི་མཐའ་གཏོར་མ་འབུལ་ཚུལ་སོགས་གཞུང་བཞིན་ནོ། །བཟླས་པའི་གྲངས། སྙིང་པོ་སྔ་མ་ཁྲི། ཕྱི་མ་འབུམ། ཉེར་སྙིང་ཁྲི། རྐང་བ་བཅུ་དྲུག་བ་དང་། བདུན་ཅུ་བ་རྣམས་ཅི་འགྲུབ། ནུས་མ་བརྒྱད། ཐོད་པ་བརྒྱད། འཁོར་ལོ་དྲུག །སྒོ་མཚམས་མ་རྣམས་ཀྱི་སྔགས་ཏེ་སྔགས་ཚན་དགུ་བོ་ཁྲི་ཕྲག་རེ་བཟླ། དེ་ནས་གཙོ་བོའི་སྙིང་བོ་ལ་དབང་ཆོག་ནས་འབྱུང་བའི། ཨོཾ་ཨར་ར་ཞེས་སོགས་བཏགས་ཏེ་ཡེ་ཤེས་འབེབས་སྔགས་ཁྲི་བཟླ་བའམ།ཡི་གེ་བཞི་པ་ནི་རྒྱུད་སྡེ་སྤྱི་འགྲོའི་འབེབས་སྔགས་ཡིན་པས་ཏེ་བཏགས་ནས་བཟླས་ཀྱང་རུང་བར་གསུངས་སོ། །གཞན་བསྙེན་པའི་སྐབས་ཀྱི་ལག་ལེན་རྣམས་བསྙེན་ཡིག་དང་།དམིགས་རིམ་རྣམས་བསྐྱེད་རིམ་སོགས་ལས་ཤེས་བར་བྱའོ། །གསུམ་པ་འཇུག་གི་བྱ་བ་ནི། སྦྱིན་སྲེག་སྐབས་ཐབ་ཀྱི་དཀྱིལ་འཁོར་ལ་སྒོ་དང་རྟ་བབས་བྱད་དུ་འོང་བར་བྱ་ཞིང་། ཆོ་གའི་ཁྱད་བར་སྒྲུབ་མཆོག་སྐབས་ཀྱི་སྦྱིན་སྲེགས་ཚིག་བསྒྱུར་བྱས་བས་འཐུས་ལ། ཡང་ན་སྤྱི་འགྲོ་འོད་སྙེ་ལྟར་སྦྱིན་སྲེག་འཚལ་དམ་པ་གཞན་གྱིས་མཛད་པ་ཡོད་པས་དེ་ལུགས་ལྟར་བྱ། གལ་ཏེ་སྦྱིན་སྲེག་མ་འབྱོར་ན་ཡིག་བརྒྱ་འབུམ་ཕྲག་གཅིག་བཟླས་པས་ཀྱང་ཆོག་བར་གསང་འདུས་རྩ་རྒྱུད་ལས་གསུངས་སོ། །དེ་ལྟར་བསྙེན་པ་གཏོང་ཚུལ་ཐོ་ཙམ་བཀོད་ནས་དཀྱུས་ལ་འཇུག་པར་བྱའོ། །གཉིས་པ་སློབ་མའི་མཚན་ཉིད་དང་། གསུམ་པ་དཀྱིལ་འཁོར་གྱི་རབ་དབྱེ་སོགས་མཁས་གྲུབ་ཐམས་ཅད་མཁྱེན་བའི་དཀྱིལ་ཆོག་སོགས་ལས་ཤེས་པར་བྱའོ། །བཞི་བ་དབང་བསྐུར་བའི་ཆོ་ག་ལ་བཞི། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། མཇུག་གི་ཆོ་གའོ། །
དང་པོ་ལ་བཞི།ས་བརྟག་པ།བསླང་པ།སྦྱང་བ།བཟུང་བའོ། །དང་པོ་ནི།ཁང་བའི་ཕྱི་རོལ་ཏུ་དཀྱིལ་འཁོར་བྲི་བའི་དབང་དུ་བྱས་ཀྱི། ཁང་བའི་ནང་དུ་བྱེད་བ་ལ་མི་དགོས་པར་རྒྱུད་འགྲེལ་ལས་གསུངས་སོ། གཉིས་པ་ལ་མངོན་བ་ལས་བསླང་བ་དང་། མི་མངོན་པ་ལས་བསླང་བ་གཉིས།དང་པོ་ནི།ས་དེའི་བདག་པོའི་རྒྱལ་བོ་སོགས་ལ་གཞི་དེར་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའོ། །གཉིས་པ་ལ་ཞིང་སྦྱོང་དང་། སའི་ལྷ་མོ་ལ་གནང་བ་ཞུ་བ་གཉིས། དང་པོ་ནི། རྡོར་དྲིལ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། དཔོན་སློབ་རྣམས་ཁ་ནུབ་ཏུ་ཕྱོགས་པར་འཁོད་ནས། རང་ཉིད་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲ་བའི་སྡོམ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་བས། རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ། གཡས་བརྐྱང་གིས་བཞུགས་པར་གྱུར། ནང་མཆོད་བཤམས་པ་ལ་དམིགས་ཏེ། ཨོཾ་ཕྲཻ་བཾ་བཛྲ་ཌཱ་ཀི་ནིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས། ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཅེས་པའི་བར་ཀྱིས་སྒྲུབ་ཐབས་ལྟར་བྱིན་ཀྱིས་བརླབ།དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ཀྱི་དབུས་སུ་མེ་ལོང་གི་ཁར་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་དང་བཅས་པ་བཀོད་པའི་གཡས་ནས་བརྩམས་ཏེ་མཆོད་པ་དྲུག་གམ་བཅུ་གཉིས་མཐར་གཏོར་མ་དང་བཅས་པ་རྣམས། ནང་མཆོད་ཀྱིས་གཏོར་ཏེ། ཨོཾ་ཨཱཿ ཧུཾ་ཧོ་ཧུཾཀྵ་ཞེས་པས་བསངས།ཨོཾ་ཤཱུ་ནྱ་ཏཱས་སྟོང་བར་སྦྱངས།སྟོང་བའི་ངང་ལས་སྥཾ་ལས་བྱུང་བའི་རིན་པོ་ཆེའི་ཤེལ་གྱི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཾ་གཾ་བུཾ་ལ་སོགས་པ་དང་།ལཾ་ཧཾ་ལྦཾ་ལ་སོགས་པ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན་དྲི་དང་མེ་ཏོག་ལ་སོགས་པ་དང་། སྒེག་མོ་དང་བཞད་མ་ལ་སོགས་པ་རང་བཞིན་སྟོང་པ་ཉིད་དང་བདེ་བ་ཆེན་པོ། རྣམ་པ་མཆོད་རྫས་དང་མཆོད་པའི་ལྷ་མོ། བྱེད་ལས་དབང་བོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨ་ཨཱཿ ཧུཾ་སྭཱ་ཧཱ། ཨོཾ་བཛྲ་གན་དྷཾ་ཨཱཿ ཧུཾ་སྭཱ་ཧཱ། ཞེས་པ་ནས། ཨོཾ་བཛྲ་ཀཱ་མེཾ་ཨཱཿ ཧུཾ་སྭཱ་ཧཱ། ཞེས་པའི་བར་གྱིས་བྱིན་གྱིས་བརླབས། ནང་མཆོད་དང་ཡིག་དྲུག་གིས་ཚོམ་བུ་བསངས། ཤཱུ་ནྱ་ཏཱས་སྦྱངས། ཚོམ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། སའི་ཕྱོགས་འདིར་གནས་པའི་ཡུལ་བདག་གྲོང་བདག་གནས་བདག་ཐམས་ཅད་ཨཱ་གཙྪ་ཨ་གཙྪ། ཨོཾ་ཀྵེ་ཏྲ་པཱ་ལ་ས་པའི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ཞེས་པ་ནས། ཨོཾ་ཀྛེ་ཏྲ་པ་ལ་་པ་རི་ཝཱ་ར་བབྲ་ཀཱ་མེཾ་པྲ་ཏཱཾ་ཙྪ་ཡེ་སྭཱ་ཧཱ། ཞེས་པའི་བར་ཀྱིས་མཆོད། གཏོར་མ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། ཨོཾ་ཨཱཿ ཧུཾ། སའི་ཕྱོགས་འདིར་གནས་པའི་ཡུལ་བདག་གྲོང་བདག་གནས་བདག་ཐམས་ཅད་ཨཱ་གཙྪ་ཨཱ་གཙྪ་ཤྲཱི་བྷུཾ་ཨི་དཾ་བ་ལིཾ་གྲྀ་ཧྣ་གྲྀ་ཧྣ་བྷུ་ཀྟྭ་བཱི་ཏྭཱ་ཏྲྀ་སྟིཾ་ཀྲྀ་ཏྭཱ་སརྦ་ཏྭཱ་ནཱཾ་ཤཱན་ཏིཾ་ཙིཾ་ཏྟ་ཀྲྀ་ཏྭ་ཨ་བ་ར་སṏ་ནཾ་གཙྪ་གཙྪ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཀྵེ་ཏྲ་པཱ་ལ་ས་བ་རི་ཝཱ་ར་ན་མཿ ཞེས་ནང་མཆོད་ཕུལ་ཏེ། རྡོར་དྲིལ་དང་བཅས་ལག་པ་གཡས་པ་སྤོས་འཛིན་པས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང་། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་ནས་གཤེགས་པར་གྱུར། ལག་པ་གཡས་བའི་རྒྱབ་བསྟན་པའི་སེ་གོལ་དང་ཀྵཿ ཞེས་བརྗོད། གཉིས་པ་སྔར་གྱི་ཚོམ་བུ་དང་མཆོད་གཏོར་བསྡུས་ཏེ། སྔར་བཞིན་གསར་བ་བཤམས་ཤིང་མཆོད་རྫས་རྣམས་བྱིན་གྱིས་བརླབས། ཚོམ་བུ་སྔར་ལྟར་བསངས་སྦྱངས། ཚོམ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དཀྱིལ་འཁྱོར་གྱི་སའི་དབུས་དང་རང་གི་སྙིང་གར་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ལྦཱཾ་དང་འཁོར་ལོ་སེར་བོ་ལས་སྐྱེས་པའི་སའི་ལྷ་མོ་སེར་མོ། སེར་དམར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། གོས་སེར་པོ་དང་། རིན་པོ་ཆེའི་རྒྱན་སེར་པོ་དང་ལྡན་པ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་འཐོན་པའི་ནང་གི་ལྷ་མོ་ཕྱིའི་ལྷ་མོ་དང་གཉིས་སུ་མེད་པར་གྱུར། ཛཿ ཧཾ་བཾ་ཧོཿ དེའི་དབྲལ་བར་ཨོཾ། མགྲིན་བར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྦྱན་དྲངས། སྔར་ལྟར་ཕྱག་རྒྱ་དང་བཅས། ཨོཾ་ལཾ་ཨཱཿ ཧཱུཾ་པ་སུན་དྷ་རི་སརྦ་བུ་དྡྷ་ཛ་ན་ནི་སརྦ་ས་ཏྭཱ་བ་ཀཱ་རི་ཎི། བཛྲ་ས་ཏྭ་ཨཱ་ཛྙཱ་བ་ཡ་ཏི་ཤྲཱི་གྷི་ཨཱ་གཙྪ་ཨཱ་གཙྪ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བསང་སྦྱན་དྲངས་བའི་ཡུམ་རྣམས་ཀྱིས། ཨོཾ་ཨཱ་ཨཱི་རཱྀུ་ཨཱུ་ལཱྀ་པ་ཉྩ་དྷཱེ་ཏུ་པཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་བདུད་རྩིའི་ཆུས་དབང་བསྐུར། རྣམ་སྣང་གིས་དབུ་བརྒྱན་པར་གྱུར། རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དབང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུད་བཞེས་ཤིག་བདག་གི་བཞེས་ཤིག་མཆོད་ཡོན་ཞབས་བསིལ་ལོ། ཨོཾ་ལཱཾ་ཨཱཿ ཧཱུཾ་ནས་ཨཱ་གཙྪ་ཨཱ་གཙྪ་ཨི་དཾ་ཨ་ᨗ་པཱ་དྱཾ་ད་དཱ་མི་ཏ་བ་དྭ་མེ་གྲྀ་ཧྣ་གྲྀ་ཧྣ། །རྒྱལ་བས་ལྷ་ཡི་ནས། བཞེས་ཤིག་བཞེས་ཤིག་བདག་གི་བསང་གཏོར་ཞལ་བསིལ་ལོ། །ཨོཾ་ལཱཾ྾ ཨི་དཾ་པྲོ་ཀྵ་ཎཾ་ཨ་ཉྩ་མཱ་ཎཾ་ད་དཱ་྾་དྲི་མ་འཕྲེང་མའི་ཚོགས། །གན་དྷེ་མཱ་ལེ། །བདུག་པ་མར་མེའི་ཚོགས། །དྷྱ་བཾ་དཱི་བ། ཞལ་ཟས་འབྲས་བུའི་ཚོགས། ནཻ་ལྦི་དྱེཾ་ཨེ་ཀྵ་ཏཾ། སྒེག་མོ་བཞད་མའི་ཚོགས། ལཱ་སྱེཾ་ཧཱ་སྱེཾ། རོལ་མ་གར་མའི་ཚོགས། པ་དྱེཾ་ནྲ་ཏྱེཾ། གླུ་མ་འདོད་མའི་ཚོགས།།གཱ་ཧྱཾ་ཀཱ་མེཾ། ཞེས་མཆོད་ཡོན་ཞབས་བསིལ་ལོ། །ཞེས་པའི་གནས་སུ། བསང་གཏོར་ཞལ་བསིལ་སོགས་རིམ་བཞིན་སྦྱོར་བ་དང་། ཨᨗ་སོགས་ཀྱི་གནས་སུ་པྲ་ཀྵ་ཎི་སོགས་རིམ་བར་སྦྱོར་ལ་འབུལ། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས་ནས། རྒྱལ་བས་ལྷ་ཡི་བདག་པོ་ནས། བཞེས་ཤིག་བཞེས་ཤིག་བདག་གི་བ་ལིཾ་བདུད་རྩིའོ། །ཨོཾ་ལཱཾ་ནས་ཨི་དཾ་བ་ལཱཾ་ཨ་མྲྀ་ཏ་ད་དཱ་མི་ཏ་བ་ཏྭ་མེ་པ་གྲྀ་ཧྣ་ཀྲྀ་ཧྣ། ཞེས་པའི་སྔགས་ཚར་གཉིས་ཀྱིས་གཏོར་མ་དང་ནང་མཆོད་དབུལ། རྡོར་དྲིལ་འཛིན་པས། དེ་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་གྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། ཞེས་ལན་གསུམ་གསོལ་བ་བཏབ་པས། ས་ཡི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད། ཅེས་གནང་བ་བྱིན་ཏེ་སའི་ལྷ་མོ་སྟེང་གི་ནམ་མཁར་གཤེགས་པར་གྱུར། མཎྜལ་ཨརྠ་མ་མ་སྠ་ནཱཾ་ད་དཱ། སརྦ་སྭ་ཏྭཱ་ནཱཾ་ཤཱི་ནྟཾ། བིུ་ཥྚཾ་ཀྲྀ་ཏྭ་བྷ་ཙི་ཏ་ཏེ་ན་ཨི་དཾ་ས་ནཾ་ཏྱ་ཀ་ཏྭཱ་ཨ་བ་ར་སṏ་ན་གཙྪ་གཙྪ་སྭཱ་ཧཱ། ཞེས་བརྗོད་དོ། །
ཨོཾ་གུ་རུ་བུ་དྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས། བླ་མ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྦྱན་དྲངས། ཨོཾ་གུ་རུ་བུ་དྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ ཨᨗ་པྲ་ཏྭཱི་ཙྪ་ཡེ་སྭཱ་ཧཱ། ཞེས་སོགས་ཆུ་བཞི་ལྷ་མོ་བཅུ་གཉིས་ཀྱིས་མཆོད། ཨོཾ་གུ་རུ་ནས། ས་བ་རི་ཝཱ་ར་ན་མཿ ཞེས་ནང་མཆོད་དབུལ། རྡོར་དྲིལ་འཛིན་པས། གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱིས་མཆོག་གི་སྙིང་རྗེས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། རིག་པ་འཛིན་པ་ཅི་དགའ་བར་བྱས་ཤོག །ཅེས་གནང་བ་བྱིན་ནས་བྱིན་གྱིས་བརླབས་པར་གྱུར། གཉིས་པ་སྦྱང་བ་ལ་གསུམ། བདག་དང་གནས་བསྲུང་ཞིང་བདུར་བསྲེགས་ནས་སྲུང་འཁོར་བསྒོམ་པ། ཕུར་བུ་བཏབ་ཅིང་ཁྲོ་བོ་བཀོད་ནས་བྱིན་གྱིས་བརླབས་པ། བླ་ན་མེད་པ་དེ་ཁོ་ན་ཉིད་ཀྱི་སྦྱང་བའོ། །དང་པོ་ནི། དཀྱིལ་འཁོར་ཀྱི་སའི་དབུས་སུ་འདུག་སྟེ། ཨོཾ་ཨཱཿ ཧཱུཾ་ཧོ་ཧཾ་ཀྵཿ བྲ་ཛྙོ་པཱ་ཡ་ཨཱཏྨ་ཀ་ཞེས་སོགས་སྐུ་གསུང་ཐུགས་ཡེ་ཤེས་སྦྱངས་པ་ནས་བརྩམས་ཏེ། བཟླས་པ་གཏོར་འབུལ་མཆོད་བསྟོད་ཡན་ཆད་སྒྲུབ་ཐབས་ནས་འབྱུང་བའི་སྲུང་འཁོར་འབྲིང་བོ་ཇི་ལྟ་བ་བཞིན་བསྒོམས་ལ། དེ་ནས། ཀྵ་རང་གི་གསང་གནས་ཀྱི་འཁོར་ལོར་ཧཾ་ལ་ཁྲོ་བོ་རྣམས་བཅུག་ཅིང་གཤེགས་པར་གྱུར། ཅེས་གཤེགས་སུ་གསོལ་ལོ། །གཉིས་པ་ནི། སེང་ལྡོང་གི་ཕུར་བུ་ཚད་དང་ལྡན་པ་རྣམས་ཙན་དན་དམར་པོ་བྱུགས། ཁ་དོག་སྣ་ལྔའི་སྐུད་པས་དཀྲིས་ཏེ་མགོ་བོར་མེ་ཏོག་དང་ཡུངས་ཀར་བཅིངས་པ་རྣམས་རང་གི་མདུན་དུ་འབྲུ་ལ་སོགས་པས་བཀང་བའི་སྣོད་དུ་ཕྱོགས་མཚམས་མ་འཆོལ་བར་སྟེང་གི་ཕུར་བུ་ཤར་ཀྱི་ཤར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གཙུག་ཏེ། ནང་མཆོད་དང་ཡིག་དྲུག་གིས་བསང། །
ཤཱུ་ནྱ་ཏཱས་སྦྱངས། ཕུར་བུ་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧ་ཧཱ་དང་རྡོ་རྗེ་ལས་སྐྱེས་པའི་སྟེང་འོག་གི་རྡོ་རྗེ་ཕུར་བུ་ཁྲོ་བོའི་རྒྱལ་ལྗང་ཁུ་དང་སྔོན་པོ། ལྗང་དམར་དཀར་བའི་ཞལ་ཟུང་དང་། སྔོ་དམར་དཀར་བའི་ཞལ་ཟུང་གི་ཞལ་དྲུག་དྲུག་པ། ཕྱག་དྲུག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག །དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། ཡ་ཡཱ་དང་རལ་གྲི་ལས་སྐྱེས་པའི་ཤར་དང་ཤར་ལྷོའི་རྡོ་རྗེ་ཕུར་བུ་ཁྲོ་བོའི་རྒྱལ་པོ་ནག་པོ། ནག་དམར་དཀར་བ་ཟུང་གི་ཞལ་དྲུག་དྲུག་པ། ཕྱག་དྲུག་དྲུག་གི་གཡས་པ་གསུམ་ན་རལ་གྲི། གྲི་གུག །རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊྲཱཾ་ཀ་དཀར་པོ་འཛིན་པ། ར་རྭ་དང་རིན་པོ་ཆེ་ལས་སྐྱེས་པའི་ལྷོ་དང་ལྷོ་ནུབ་ཀྱི་རྡོ་རྗེ་ཕུར་བུ་ཁྲོ་བོ་རྒྱལ་བོ་དམར་བོ། དམར་དཀར་ནག་པ་ཟུང་གི་ཞལ་དྲུག་དྲུག་པ། ཕྱག་དྲུག་དྲུག་གི་གཡས་པ་གསུམ་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ། ལྭ་ལྭཱ་དང་པདྨ་ལས་སྐྱེས་པའི་བྱང་དང་བྱང་ཤར་གྱི་རྡོ་རྗེ་ཕུར་བུ་ཁྲོ་བོའི་རྒྱལ་པོ་དཀར་པོ། དཀར་ནག་དམར་བ་ཟུང་གི་ཞལ་དྲུག་དྲུག་པ། ཕྱག་དྲུག་དྲུག་གི་གཡས་པ་གསུམ་ན་ཐོ་བ། མདུང་། རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱ་བ་དང། མེ་ལོང་། བགྲང་ཕྲེང་འཛིན་པ། ལ་ལཱ་དང་འཁོར་ལོ་ལས་སྐྱེས་པའི་ནུབ་དང་ནུབ་བྱང་གི་རྡོ་རྗེ་ཕུར་བུ་ཁྲོ་བོར་རྒྱལ་པོ་སེར་པོ། སེར་དཀར་ནག་པ་ཟུང་གི་ཞལ་དྲུག་དྲུག་པ། ཕྱག་དྲུག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང། རྡོ་རྗེ་ལྕགས་སྒྲོག །སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཞབས་དྲུག་དྲུག་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་སུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ ཧི། དམ་ཚིག་པ་དང་ཡེ་ཤེས་པ་རྣམས་རོ་མཉམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་བའི་ཡུམ་རྣམས་ཀྱིས། ཨོཾ་ཨཱ་ཞེས་སོགས་ཀྱིས། ཞེས་བདུད་རྩིའི་ཆུས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར། གན་དྷཾ། བུ་ཥྤཾ། ཞེས་པ་ནས། ཀཱ་མེཾ་པཱུ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་བར་ཀྱིས་རང་རང་གི་ཕྱག་རྒྱ་དང་བཅས་པས་མཆོད། ཨོཾ་བཛྲ་ཀཱཾ་ལི་ཀཱཾ་ལ་ཡ་སརྦ་བིགྷ་ནན་བན་གྷ་ཧུཾ་ཕཊ། ཅེས་ཕུར་བུ་རྣམས་ལ་བརྒྱ་རྩ་སོགས་བཟླས། དེ་ནས་སློབ་དཔོན་མ་གཏོགས་གཞན་རྣམས་བཞེངས་ཏེ། ཤར་དང་ནུབ་ཀྱི་སློབ་མས་རང་གི་ཕྱོགས་མཚམས་དང་སྟེང་འོག་གི་ཕུར་བུ་གསུམ་རེ་འཛིན་ཅིང་། གཞན་གཉིས་ཀྱིས་ཕྱོགས་མཚམས་ཀྱི་ཕུར་བུ་གཉིས་རེ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ། ཀཱི་ལ་ཡ་ཡི་སྒྲ་སྒྲོགས་པ། །
གཙུག་ཏོར་གནོད་མཛེས་ཐུགས་དམ་བསྐུལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་སོགས་ཀྱི་སྔགས་ལན་གཉིས། ཡང་ཀཱི་ལ་ཡ་ཡི་྾ བགེགས་མཐར་བྱེད་པའི་ཐུགས་དམ་བསྐུལ། །སྔགས་ལན་གཉིས། ཡང་ཀཱི་ལ་ཡ་ཡི་྾ཤེས་རབ་མཐར་བྱེད་྾སྔགས་ལན་གཉིས། ཀཱི་ལ་ཡ་ཡི་྾པདྨ་མཐར་བྱེད་྾སྔགས་ལན་གཉིས། ཀཱི་ལ་ཡ་ཡི་྾གཤིན་རྗེ་མཐར་བྱེད་྾སྔགས་ལན་གཉིས་བརྗོད། ཕུར་བསྐུལ་གྱི་སྐབས་འདིར་དབྱངས་དང་བཅས་ཏེ་རང་རང་གི་ཕུར་བུ་རྣམས་གསོལ། ཁྲོ་བོ་རྣམས་ཀྱི་ཞབས་དྲུག་དྲུག་བོ་རྣམས་འོད་ཀྱི་རང་བཞིན་གཅིག་ཏུ་འདྲེས་པ་ལས་ལྟེ་བ་མན་ཆད་མདུད་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་རབ་ཏུ་འབར་བར་གྱུར། སློབ་དཔོན་གྱི་མདུན་དུ་ཐོབ་སྣོད་དུ་བཞག་སྟེ། བསངས་སྦྱངས། སྟོང་པའི་ངང་ལས་ལླཱྀཿ ལས་སྐྱེས་པའི་རྡོ་རྗེའི་ཐོ་བ་མེ་རབ་ཏུ་འབར་བར་གྱུར། དེ་ནས་སློབ་དཔོན་བཞེངས་ཏེ་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་ལ་གནས་པས་རྡོར་དྲིལ་བཅས། གཡས་པས་ཐོ་བ་དང་། གཡོན་པས་ཤར་གྱི་ཕུར་བུ་བཟུང་སྟེ། བགེགས་དང་ལོག་འདྲེན་ལ་སོགས་པ་རྡོ་རྗེའི་མེས་བསྲེགས་པའི་ལྷག་མ་ཕྱོགས་གཞན་དུ་བྲོས་པ་རྣམས་དགུག་བར་བྱ་བའི་དོན་དུ། ཨོཾ་ཨཱཿ ཧཱུཾ་ཧཾ་ཀྵཿ ནས། བཛྲ་ཌཱ་ཀི་ནི་ཛ་ལ་བར་པྲྀ་ཏ་ཇི་བར་གྱིས། རང་ཉིད་རྡོ་རྗེ་ཤུགས་སུ་གསལ་བར་གྱུར། ཤཱཾ་གྷྲཾ་གཙྪ་ཨཱ་གཙྪ་ནས། སརྦ་ན་ཛཿ དེ་ལྟར་དགུག་པར་བྱ་བའི་བགེགས་ཐམས་ཅད་ལྕགས་གྱུའི་ཕྱག་རྒྱ་བཅས་ཏེ། ཤྲཱི་གྷཱི་བཛྲ་ནས། སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙི་ཏ་ག་ཏཱ་ན་ཨཱ་ཀྲྀ་བྷ་ཨཱ་ཀྲྀ་ཥྱ། བགེགས་རྣམས་ཀྱི་སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུས་བཀུག ཞགས་པའི་ཕྱག་རྒྱ་བཅས་ཏེ། བཛྲ་བཱུ་ཤེ་ན། སརྦ་བྷུ་ཛེ་ཏུ་བ་ན་དྷ་ཡ་བ་ན་སྷ་ཡ། ལག་པ་རྣམས་རྡོ་རྗེའི་ཞགས་པས་བཅིངས། ལྕགས་སྒྲོག་གི་ཕྱག་རྒྱ་བཅས་ཏེ། བཛྲ་ཤྲིཾ་ཁ་ལ་ཡཱ་སརྦ་བཱ་དེ་ཥུ་ནི་རོ་དྷ་ཡ་རོ་དྷ་ཡ། རྐང་པ་རྣམས་རྡོ་རྗེ་ལྕགས་སྒྲོག་གིས་བསྡམས་ནས་བགེགས་དེ་དག་གི་སྤྱི་བོར་ཕུར་བུ་རྣམས་ཟུག་པར་གྱུར། དེ་ནས་སློབ་དཔོན་ཤར་དུ་ཕྱིན་ཏེ། གཡས་སྔོན་འགྲོའི་གཞི་བཅའ་བྱས་ནས་བུས་མོ་གཡོན་དང་རྐང་མཐིལ་གཡས་པ་ས་ལ་བཙུགས་ཏེ། ཨོཾ་ཨཱཿ ཧཱུཾ་ཧོཿ ཧཾ་ཀྵཿ ཧཱུཾ་ཧཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙ་ཏ་ཏ་ཛྙ་ན་ཨཱ་དྷི་བ་ཏེ་ཥ་ཊ་མུ་ལ་ཥ་ཊ་བྷུ་ཛ་ཥ་ཊ་ཙ་ར་ཎ་སརྦ་བིགྷ་ནན་པི་ནཱ་ཡ་ཀཱ་དཾ་དུ་ཥྚཾ་ནཾ། ཀཱ་ཡ་ཝཱ་ཀ་ཙུ་ཏཱ་ཛྙཱ་ནཱ་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་ཕུར་བུ་བཙུགས་ཏེ།ཨོཾ་ལླྀཿབཛྲ་མུད་ག་ར་མཱ་རཱ་དཱི་ནཱཾ་སི་ར་སི་ཀཎ་ཝེ་ཧྲྀ་ད་ཡེ་ནཱ་བྷཽ་གུ་ཧྱ་ཨན་ཏེ་བཛྲ་ཀཱི་ལ་ཀཱན་ཨཱ་ཀོ་ཊ་ཡ་ཨཱ་ཀ་ཊ་ཡ། ཀྵཾ་ཀྵཱཾ་ཀྵཱིཾ་ཀྵཱིཾ་ཀྵཱྀཾ་ཀྵཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་Ῑ໎་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཞེས་བརྗོད་ཅིང་། ཐོ་བས་བརྡུངས་ནས། དེ་བཞིན་དུ་ཤར་ལྷོ་དང་ལྷོ་སོགས་གཡས་སྐོར་གྱི་བརྒྱད་དང་། །ཤར་གྱི་ཤར་དུ་སྟེང་དང་། ནུབ་ཀྱི་ནུབ་ཏུ་འོག་གི་ཕུར་བུ་བཏབ་ནས། དཀྱིལ་འཁོར་གྱི་དབུས་སུ་སློབ་དཔོན་དང་། །ཤར་དུ་སློབ་མ་རྣམས་འགྲེང་སྟེ། སྟེང་དང་ཕྱོགས་བཞིའི་ཕུར་བུ་རྣམས་ཀྱི་སྟེང་དུ་ཨཾ་ལས་ཟླ་བ་དང་། འོག་དང་མཚམས་བཞིའི་ཕུར་བུ་རྣམས་ཀྱི་སྟེང་དུ་རཾ་ལམ་ཉི་མའི་གདན་རེ་རེ། རང་གི་སྙིང་གར་ཧྷཱ་ཡྻཱ་རྼཱ་Ḋṛ་ལླཱ་བརྩེགས་པ་རྣམས་ཀྱི་ནང་ནས་ཧ་ལས་བྱང་བའི་གཙུག་ཏོར་ཅན། ཞེས་བ་ནས། ཞེས་བཀའ་བསྒོས་ནས་རྩ་ཞལ་གྱི་རྣ་བ་གཡོན་དང་གཡས་ནས་བྱུང་སྟེ། སྟེང་དང་འོག་གི་ཕུར་བུའི་སྟང་དུ་རང་རང་གི་གདན་ལ་འཁོད། ཅེས་བ་ནས། ཞེས་བཀའ་བསྐོས་ནས་གཤང་ལམ་དང་རྡོ་རྗེ་གཙུག་ཏོར་ནས་ཕྱུང་སྟེ། ནུབ་དང་ནུབ་བྱང་གི་ཕུར་བུའི་སྟེང་དུ་རང་རང་གི་གདན་ལ་འཁོད། ཐམས་ཅད་ཀྱང་དབུ་སྨ་དམར་སེར་གྱེན་དུ་བརྫེས་པ། ཞེས་པ་ནས། ཞེས་བདུད་རྩིའི་ཆུས་དབང་བསྐུར། སྟེང་གི་ཁྲོ་པོ་ལ་མི་བསྐྱོད་པ། ཤར་དང་ཤར་ལྷོ་བ་ལ་དོན་གྲུབ། ལྷོ་དང་ལྷོ་ནུབ་བ་ལ་རིན་འབྱུང་། བྱང་དང་བྱང་ཤར་བ་ལ་འོད་དཔག་མེད། ནུབ་དང་ནུབ་བྱང་བ་ལ་རྣམ་སྣང་། འོག་གི་ཁྲོ་བོ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་བར་གྱུར། ཐམས་ཅད་གདན་ལ་བཞུགས་ཏེ། མཆོད་གཏོར་རྣམས་སྔར་ལྟར་བཤམས་ལ་མཆོད་པ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ཞེས་སོགས་གྱིས་ཆུ་བཞི་དང་། ལྷ་མོ་བཅུ་གཉིས་ཀྱིས་མཆོད། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿ ཧུཾ་ཧོཿ ཨུ་ཥྞཱི་ཥ། ཞེས་པ་ནས། ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པའི་བར་གྱི་གཏོར་སྔགས་ལན་གཉིས་ཀྱིས་གཏོར་མ་ཕུལ། ཨོཾ་ཨཱཿ ཧུཾ་ཧོཿ ཨུ་ཥྞཱི་ཥ། ནས། མ་ཧཱ་པ་ལེ་བྷྱཿ ན་མཿ ཞེས་ནང་མཆོད་དབུལ། རྡོར་དྲིལ་དང་བཅས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་པོ་གདུལ་ངཀའ་འདུལ་བའོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། ། ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ།།རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ཞིང་། །ཁྲོ་བོ་བཞུ་ཡི་ཚོགས་ལ་འདུད། །གཙུག་ཏོར་གནོད་མཛེས་ངེས་གནོད་མཛེས། །འགེགས་མཐར་བྱེད་དང་དབྱུག་པ་སྔོ། །ཤེས་རབ་མཐར་བྱེད་འདོད་པའི་རྒྱལ། །པདྨ་མཐར་བྱེད་མི་གཡོ་བ། །གཤིན་རྗེ་མཐར་བྱེད་སྟོབས་ཆེན་རྣམས། །འཁོར་དང་བཅས་ལ་གཏོར་མ་དྲི། །མེ་ཏོགས་བདུག་པ་སྒྲོན་མ་དང་། །མ་ཉམས་བ་འདི་བདག་འབུལ་གྱིས། །འཁོར་བཅས་དེ་རྣམས་ཀྱང་བྱོན་ལ། །མྱུར་དུ་གཏོར་མ་འདི་བཟུང་མཛོད། །གསོལ་བར་མཛོད་ཅིག་བདུང་བར་མཛོད། །ཛཿ ཧུཾ་བཾ་ཧོཿ ཡང་དག་ཚིམ། །སེམས་ཅན་ཐམས་ཅད་ཞི་བ་དང། །རྒྱས་དང་བསྲུང་དང་སྐྱབ་པ་དང། །སྤ་བར་མཛོད་ཅིག་ཧུཾ་ཧུཾ་ཕཊ། །རྡོ་རྗེ་འཆང་གི་བཀའ་བཞིན་མཛོད། །སྭཱ་ཏཱ། ཡུར་བུ་བཏབ་ནས་ཕུར་སྲུང་གི་ཁྲོ་བོ་རྣམས་མཆོད་གཏོར་ཉིན་རེ་བཞིན་དུ་མཆས་བ་བྱ། དེ་ནས་ཐམས་ཅད་བཞིངས་ཏེ། ཡིག་དྲུག་བཟླས་བའི་ཡུངས་གར་གྱིས་བྲག་ཆུས་བྱུགས།སྦྱིན་སྲེག་གི་ཐལ་བ་ཆུ་དང་བསྭེས་བས་བྱུགས་བ་སོགས་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་བྱ་ཞིང་ཡིག་དྲུག་ཀྱང་བཟླའོ། དེ་བཞིན་དུ་ཡིག་དྲུག་བཟླས་ཏེ་བ་བྱུང་གིས་ས་གཞི་བྱུགས་ལ། རྡོར་དྲིལ་འཛིན་བའི་ལག་པ་གཉིས་ཐལ་མོ་ཁ་འོག་ཏུ་ཕྱོགས་བས་ས་ལ་རེག་སྟེ། ཨོཾ་བྷཱུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་སྟོང་བ་ཉིད་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནི་བཛྲི་བྷ་ཝ་བཛྲ་བན་བྷ་ཧུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་བྱས།ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ། ཨོཾ་ཨཱཿ ཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་ར་ཀྵ་ར་ཀྵ་ཧུཾ་ཧཱུཾ་ཕཊ། རྡོ་རྗེ་སུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་གྱུར། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་དྲིའི་ཐིག་ལེ་དང་ཚོམ་བུ་མཆོད་གཏོར་སོགས་སྔར་ལྟར་བཤམས། མཆོད་པ་བྱིན་གྱིས་བརླབས་ནས། ལྕགས་ཀྱུའི་བྱག་རྒྱ་བྱས་ཏེ། ཨོཾ་ལཱཾ་ཨཱཿ ཧུཾ་བ་སུནདྷ་རི་སརྦ་བུ་དྡྷ་ཛ་ན་ནི་སརྦ་སདྭ་བ་ཀཱ་རི་ཎི། བཛྲ་ས་ཏྭ་ཨཱ་ཛྙཱ་བ་ཡ་ཏི་ཤཱི་གྷྲི་ཨཱ་གཙྪ་ཨཱ་གཙྪ། སའི་ལྷ་མོ་ནམ་མཁར་བཏེགས་པ་སྦྱན་དྲངས། པདྨ་དང་ཟླ་བའི་གདན་ལ་བཞུགས་པར་གྱུར།རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་྾྾བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཚོགས་རྒྱ་མཚོའི་ཚོགས། ཨོཾ་ལཾ་ཨཱཿ ཧུཾ་ནས་ཨི་དཾ་ཨᨗ་བཱ་བྱཾ་པྲཀྵ་ཎཾ་ཨཉྩ་མཱ་ཎཾ་ག་ན་ངྷཾ་ནས། ཀཱ་མེཾ་ད་དཱ་མི་ཏ་བདྭ་མེ་བ་གྲྀཧྣ་གྲྀཧྣ། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས། རྒྱལ་བས་ལྷ་ཡི་྾྾བ་ལིཾ་འདུད་རྩིའོ། །ཨོཾ་ལཱི་ནས། བ་ལིཾ་ཨམྲྀ་ཏ་ད་དཱ་྾ལན་གཉིས།ཇི་ལྟར་རྒྱལ་པ་྾྾྾ས་ཡི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད། །ཅེས་གནང་བ་བྱིན་ཏེ་དེ་ཉིད་དུ་ཐིམ་ནས་སའི་ངོ་བོར་གནས་པར་གྱུར། ཨོཾ་ཨཱཿ ཧུཾ་ཧོཿ ཧཾ་ཀྵཿ ཞེས་བརྗོད་ཅིང་པད་སྐོར་བྱའོ། །གསུམ་བ་ནི། ཨོཾ་ན་མོ་བཛྲ་སཏྭཱ་ཡ་ནས། སཾ་སྟུ་ཏ་ཙ་ར་ཎཱ་ཡ། ཞེས་པའི་བར་ཀྱིས་རྐང་བ་བཅུ་དྲུག་པ་ཚར་གཅིག་བརྗོད། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་དུ་དབྱེར་མེད་བའི་དེ་ཁོ་ན་ཉིད་དུ་གྱུར། ཅེས་བརྗོད་ཅིང་སྒོམ་པར་བྱའོ། །བཞི་བས་བཟུང་བ་ལ་བཞི། བདག་སྐྱེད་སྒོམ་ནས་གནང་བ་ནོད་ཅིང་གསོལ་གདབ་བྱ་བ། དཀྱིལ་འཁོར་བཏེག་ཅིང་ཕྱག་འཚལ་ནས་སེམས་བསྐྱེད་པ། ཁྲོ་བོ་བསྐྱེད་ཅིང་མིག་གཉིས་བྱིན་གྱིས་བརླབས་ནས་ང་རྒྱལ་བཟུང་བ། བཀའ་སྒོ་སྟང་སྟབས་ས་གཞི་མཆོད་པའོ། དང་པོ་ན། རང་ཉིད་དཀྱིལ་འཁོར་གྱི་དབུས་དང། སྒོའི་སློབ་དཔོན་བཞི་ཕྱོགས་བཞིར་འཁོད། རང་གི་མདུན་དུ་བདག་སྐྱེད་ཀྱི་མཆོད་པ་དང་། ནང་མཆོད་སོགས་བཀོད་དེ། རྡོར་དྲིལ་བྱིན་རླབས་ནས་ཟུང་སྟེ། བདུད་རྩི་མྱངས་པས་ལུས་ཀྱི་ལྷ་རྣམས་ཚིམ་པར་གྱུར། ཅེས་པའི་བར་དུ་སྲུང་འཁོར་དོར་དེ་སྒྲུབ་ཐབས་ནས་འབྱུང་བ་ཇི་ལྟ་བ་བཞིན་རྫོགས་པར་བསྒོམ་ཞིང། དེ་ནས། ཨོཾ་གུ་རུ་བུ་དྡྷ་བོ་དྷི་སཏྭ་ས་བ་རི་ལྭར་བཛྲ་ས་མ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས། བླ་མ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་གུ་རུ་ནས། ཨᨗ་གན་དྷཾ་ནས། ཀུ་རུ་ཀུ་རུ་སྭཱཧཱ། བདག་ཉིད་ཀྱི་ལྕེ་ཧུཾ་ལས་སྐྱེས་བའི་རྡོ་རྗེ་གྱུར། བཛྲ་ཛི་ཧྭཱ། ཞེས་བརྗོད་དེ། རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱ་ལྕེ་ལ་རག་ནས། སྤོས་དང་རྡོ་དྲིལ་འཛིན་པས་བུས་མོ་ས་ལ་བཙུགས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། བདག་ནི་ཆོ་ག་རྡོ་རྗེ་ཅན། །འདིར་ནི་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་བྱོན་ལ། །འདིར་ནི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་བས་རིག་པ་འཛིན་པ་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་གྱུར། དེ་ནས་ཕྱོགས་བཞིར། ཤར་དུ་མཆོད་ཡོན། དྲི། ཕྲེང་བ། རོལ་མོ། གར་མ། ལྷོར་ཞབས་བསིལ། སྤོས། མར་མེ། བྱང་དུ་བསང་གཏོར། ཞལ་ཟས། འབྲས་བུ། ནུབ་ཏུ་ཞལ་བསིལ། སྒེག་མོ། བཞད་མ། ཀླུ་མ། འདོང་མ་རྣམས་ཀྱི་མཆོད་པ་མཎྜལ་དང་བཅས་པ་བཤམས་ཏེ། མཆོད་པ་དང་ནང་མཆོད་དུས་གཅིག་ཏུ་གོང་ལྟར་བྱིན་གྱིས་བརླབས། དེ་ནས་ཤར་གྱི་སློབ་དཔོན་འཁོར་དང་བཅས་པས། ཨོཾ་ཨཱཿ ཧུཾ་ཧོཿ ཁམས་གསུམ་དབང་ཕྱུག་ནི། །ཞེས་སོགས་ཀྱིས་མཆོད་ཡོན་དང་། ཙ་སྡེ་ཐུང་རིང་ལས་སྐྱེས་པའི། ཞེས་དང་། ཀ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞེས་སོགས་ཀྱི་ཚིགས་བཅད་རེ་རེས་མཆོད། མི་རྟག་མ་ཡིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པ་མིན། །རྟེན་འབྲེལ་ཆོས་སྐུ་ལ་ཕྱག་འཚལ། །ཞེས་པས་བསྟོད། བླ་མ་དང་དུས་ཀྱི་འཁོར་ལོ་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་ཞལ་དུ་ན་མཿ ཞེས་པས་ནང་མཆོད་དབུལ། དེ་ནས་ལངས་ཏེ་མཎྜལ་བཟུང་ནས། ཨོཾ་བཛྲ་བྷཱུ་མི་ཨཱཿ ཧུཾ། རྡོ་རྗེའི་ས་གཞི། ཞེས་པ་ནས། ནུབ་ཏུ་དུས་མེ། བདག་གཞན་ལུས་ངག་ཅེས་པ་ནས། བྱིན་གྱིས་བརླབ་ཏུ་གསོལ། རང་ཉིད་དོན་གྲུབ་ནག་པོ། ཞེས་པ་ནས། ཁཌྭཾ་ག་དཀར་པོ་འཛིན་པ། ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལན་གསུམ་གསོལ་བ་བཏབ་ནས། རྐང་པ་གཡོན་སྔོན་དུ་འགྲོ་བའི་གཞི་བཅལ་དང་བུས་མོ་ས་ལ་བཙུགས་ཏེ། གུ་རུ་ཨི་དཾ་མཎྜལ། སོགས་ཀྱིས་དབུལ། དེ་ནས་ལྷོ་བས། ཚིགས་བཅད་ལྔ་མས་ཞབས་བསིལ་དང་། ཊ་སྡེ་ཐུང་རིང་ལས་སྐྱེས་པའི། ། ཞེས་པ་གཅིག་གིས་མཆོད།གང་ཞིགས་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདིར། །ལོངས་སྐུ་རྫོགས་སྐུ་ལ་ཕྱག་འཚལ། །ཞེས་བསྟོད། གསུང་རྡོ་རྗེ་དབྱེར་མི་ཕྱེད་པའི། ཞེས་སྦྱར་ནས་ནང་མཆོད་དབུལ། མཎྜལ་སྔར་ལྟར་ཕུལ། རང་ཉིད་རིན་འབྱུང་དམར་པོ། ཞེས་པ་ནས། རིན་པོ་ཆེ་ཆ་དགུ་པ་འཛིན་པ། ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་ནི།ཞི་བའི་ཆོས་ནི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་བ་རྣམ་སྤྱོང་མཛད། །ཀུན་ཏུ་བཟང་བར་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་ཏུ་གསོལ། །ཞེས་ལན་གསུམ་དང་། མཎྜལ་སྔར་ལྟར་ཕུལ། དེ་ནས་བྱང་བས།བསང་གཏོར་དང་།བ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞེས་པ་གཅིག་གིས་མཆོད།རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལ། །རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་སྐུ་ལ་ཕྱག་འཚལ། །ཞེས་བསྟོད། སྐུ་རྡོ་རྗེ་དབྱེར་མི་ཕྱེད་པའི། ཞེས་སྦྱར་ནས་ནང་མཆོད་དང་མཎྜལ་ཕུལ་ལ། རང་ཉིད་འོད་དཔག་མེད་དཀར་པོ། ཞེས་པ་ནས། བགྲང་ཕྲེང་འཛིན་པ། ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་ནི། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མེད་པ་རྣམ་བར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ལན་གསུམ་དང་། མཎྜལ་སྔར་ལྟར་དབུལ། དེ་ནས་ནུབ་བས། ཞལ་བསིལ་དང་། ཏ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞེས་དང་། ས་སྡེ་ཐུང་རིང་ལས་སྐྱེས་པའི། ། ཞེས་པ་ཚིགས་བཅད་རེ་རེས་མཆོད།སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །ངོ་བོ་ཉིད་སྐུ་ལ་ཕྱག་འཚལ། །ཞེས་བསྟོད། ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པའི། ཞེས་སྦྱར་ཏེ་ནང་མཆོད་དང། མཎྜལ་ཕུལ།རང་ཉིད་རྣམ་སྣང་སེར་བོ།ཞེས་པ་ནས།སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ།ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་ནི།དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་བ་བཤད་དུ་གསོལ། །ལན་གསུམ་དང་། སྔར་ལྟར་མཎྜལ་ཕུལ། གཉིས་པ་ནི། རྡོར་དྲིལ་འཛིན་པའི་ལག་པ་ཁུ་ཚུར་བཅིངས་པའི་མཛུབ་མོ་གཉིས་རྩེ་སྦྲད་པ་འོག་ཏུ་ཕྱོགས་ནས་སྤྱི་བོར་ཁྱེར་ཏེ། ཧཱུཾ་བཛྲ་ཨུ་ཏི་ཥྛ། བསྒོམས་པའི་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། དེ་ནས་ལངས་ཏེ་མཉམ་པའི་རྐང་སྟབས་བྱས་པའི་ཐལ་མོ་སྤྱི་བོར་སྦྱར་ནས། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏཱ་ན། ཞེས་བརྗོད་དེ་ཕྱག་བྱ། དེ་ནས། སེམས་ཅན་རྣམས་སུ་བསྡུ་བ་ཡིས། །བསྡུས་པའི་སེམས་ཅན་ཇི་སྙེད་པ། །སྒོང་སྐྱེས་མངལ་ནས་སྐྱེས་བ་འམ། དྲོད་གཤེར་ལས་སྐྱེས་བརྫུས་སྐྱེས་སམ། །གཟུགས་ཅན་རྣམས་དང་གཟུགས་མེད་དང་། །འདུ་ཤེས་ཅན་རྣམས་འདུ་ཤེས་མེད། །མེད་པ་མ་ཡིན་པ་རྣམས་སམ། །ང་ཡིས་སེམས་ཅན་དེ་རྣམས་ཀུན། །ཕྱག་རྒྱ་ཆེན་པོའི་གོ་འཕང་ལ། །རིང་བོར་མི་ཐོགས་དགོད་པར་བྱའོ། །ཞེས་སེམས་བསྐྱེད་དོ། །གསུམ་པ་ནི། སེམས་ཅན་མ་རིག་པའི་མུན་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ཀྱི་བདུད་བསལ་བའི་ཕྱིར་དུ་རང་ཉིད་གཙོ་བོ་ལས་ཕྱེ་བའི་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སུ་གྱུར་པའི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་འབར་བས་བདུད་དང་བགེགས་ཐམས་ཅད་ཚར་བཅད་པར་གྱུར། ཧཱུཾ་ཤེས་བརྗོད་དེ། རྡོར་དྲིལ་སྙིང་གར་བསྣོལ་ནས་ཁྲོ་བོའི་བལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ཏེ། ང་ནི་རང་ཉིད་རྡོ་རྗེ་ཅན། །ང་ནི་རྡོ་རྗེ་ཤུགས་ཉིད་དོ། །ང་ནི་སངས་རྒྱས་རྒྱལ་བོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །རྣལ་འབྱོར་དབང་ཕྱུག་རྒྱལ་བོ་ང། །ང་ནི་ཕྱག་ན་རྡོ་རྗེ་བརྟན། །ཞེས་བརྗོད་དེ་ང་རྒྱལ་བཟུང་ངོ་། །བཞི་པ་ནི། རྡོ་རྗེ་གསོར། དྲིལ་བུ་བསིལ་ཞིང་འགྱིང་བ་དང་བཅས་བས་པད་སྐོར་ཆེན་པོ་བྱས་ཏེ། རང་ཉིད་ཀྱི་རྐང་མཐིལ་གཉིས་སུ་ཧུཾ་ཧུཾ་ལས་རྡོ་རྗེ་འབར་བ་རེ་རེ། ཞེས་བརྗོད་ཅིང་བསམས་ཏེ་དབང་ལྡན་དུ་སོང་ནས། དཀྱིལ་འཁོར་གྱིས་ལ་ལན་གཅིག་བསྐོར་བ་བྱས་ཏེ། དབང་ལྡན་ནས་ཁ་ནང་དུ་ཕྱོགས་པས། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅི་འང་རུང་། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱི་ནི། །ལུས་གསུམ་ལས་སྐྱེས་དགོས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིགས་འགྱུར་གཞན་དུ་མིན། །ལན་གསུམ་གྱིས་བཀའ་བསྒོས་ནས། སུམ་བྷ་ནི་ལན་གསུམ་བརྗོད་ཅིང་། ཡུངས་ཀར་གྱིས་པྲ་བ། གུ་གུལ་གྱིས་བདུག །རོལ་མོའི་སྒྲ་དང་བཅས་པའི་ཚམ་རྔམས་ཀྱིས་བགེགས་བསྒྲད་དེ། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་བས་བགེགས་ཐམས་ཅད་ཚར་བཅད་ཅིང་། དཀྱིལ་འཁོར་གྱི་སའི་འོག་གཞི་ཐམས་ཅད་ཀྱང་ཧུཾ་ལས་རྡོ་རྗེའི་རང་བཞིན་དུ་གྱུར། ཅེས་བསམས་བར་བྱའོ། །དེ་ནས། བདག་ཅག་རྣམས་ཀྱི་རྐང་བའི་མཐིལ་གཉིས་སུ་ཧུཾ་ཧུཾ་ལས་རྡོ་རྗེ་འབར་བ་རེ་རེ། ཞེས་བརྗོད་ཅིང་བསམས་ནས་སློབ་མ་རྣམས་དང་ལྷན་ཅིག་རྡོ་རྗེའི་རྐང་སྟབས་ཀྱིས་བསྐོར་བའི་ཚེ། ཨོཾ་ཁ་བཛྲ་དྷྲྀ་ག་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་དེ། དཀྱིལ་འཁོར་གྱི་སྒོ་བཞིའི་ས་བཞིའི་ཐད་དུ་ཁ་སྦྱོར་བཞི་བཞི་སྟེ་བཅུ་དྲུག་བྱས་ནས། དེ་ནས་རྐང་མཐིལ་གཉིས་ལ་རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱས་རེག་སྟེ། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་རེ་རེ། ཞེས་བསམས། དེ་ནས་དབུས་སུ་བྱིན་ནས། གཡོན་སྔོན་འགྲོའི་གཡས་བརྐྱངས། གཡས་སྔོན་འགྲོའི་གཡོན་བརྐྱངས། གཡོན་སྔོན་འགྲོའི་མཉམ་པའི་རྐང་སྟབས་ཏེ་རྐང་སྟབས་གསུམ་བྱ། དེ་བཞིན་དུ་རལ་གྲིའི་ཕྱག་རྒྱས་རེག་ཅིང་། རྐང་མཐིལ་གཉིས་སུ་ཡཾ་ཡཱཿ ལས་རལ་གྲི་ནག་པོ་རེ་རེ། ཞེས་བསམས་ནས། ཤར་དུ་གཡོན་སྔོན་འགྲོའི་ཟླུམ་པོའི་རྐང་སྟབས་དང་། རིན་པོ་ཆེའི་ཕྱག་རྒྱས་རེག་ནས། རྐང་མཐིལ་གཉིས་སུ་རཾ་རཱཿ ལས་རིན་པོ་ཆེ་དམར་པོ་རེ་རེ། ཞེས་བསམས་ཞིང་། ལྷོར་གཡས་སྔོན་འགྲོའི་རོལ་བའི་སྟབས་དང་། འཁོར་ལོའི་ཕྱག་རྒྱས་རེག་ཅིང་། རྐང་མཐིལ་གཉིས་སུ་ལཾ་ལཱཿ ལས་འཁོར་ལོ་སེར་པོ་རེ་རེ། ཞེས་བསམས་ནས། ནུབ་ཏུ་གཡོན་སྔོན་འགྲོའི་ས་ཀའི་སྟབས་དང་། པདྨའི་ཕྱག་རྒྱས་རེག་ལ། རྐང་མཐིལ་གཉིས་སུ་ཝཾ་ཝཱཿ བས་པདྨ་དཀར་པོ་རེ་རེ། ཞེས་བསམས་ནས། བྱང་དུ་གཡོན་སྔོན་འགྲོའི་པདྨའི་གདན་དང་། དེ་ནས་བྱིན་གྱིས་བརླབས་པའི་སླད་དུ་ཏ་ན་ཌ་བའི་སྟབས་ཀྱིས་བཅག་ཅིང་བསྐོར་པར་བྱ། །དེ་ནས་དབང་ལྡན་ནས་འགོ་བརྩམས་ཏེ། སརྦ་བཛྲ་ཌཱ་ཀི་ཊཱི་ས་ཧི་ཏཿ་སདྭཱ་ནཱི་ཤཱ་ན་ཏི་ཀཾ་པཽ་ཥྚི་ཀཾ་ར་ཀྵ་བ་ར་ཎ་གུ་སྟི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་དབྱངས་དང་བཅས་ཏེ་རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་བསྐོར་བའི་ཕྱག་ལེན་ཡོད་དོ། །དེ་ནས། གན་དྷཾ་ནས། ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་གྱིས་ལེགས་པར་སྦྱངས་པའི་སེའི་གཞི་དེ་ཉིད་ལ་མཆོད་པར་བྱའོ། །གཉིས་བ་སྟ་གོན་གྱི་ཆོ་ག་ལ་དྲུག །ས་ལྷ་སྟ་གོན། རྫས་ལྔ་སྟ་གོན། སློབ་མ་སྟ་གོན། མལ་སྟན་སྟ་གོན། ཐིག་གདབ་པ། ལྷ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ། ཚོམ་བུ་མཆོད་གཏོར་སོགས་ལྔར་ལྟར་བཤམས། །མཆོད་པ་བྱིན་རླབས་གོང་བཞིན་བྱས་ནས། ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་སའི་དབུས་དང་རང་གི་སྙིང་གར་ཞེས་པ་ནས། ཇི་ལྟར་འདོད་པ་མཛོད། ཅེས་པའི་བར་ས་བསླང་གི་སྐབས་ཇི་ལྟ་བ་བཞིན་ལ་མི་འདྲ་བའི་ཁྱད་པར་མཆོད་པའི་སྐབས།བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཚོགས་རྒྱ་མཚོའི་ཚོགས། །ཞེས་དང་། ཨོཾ་ལཱཾ་ནས། ཨᨗ། བཱངྱཾ་ནས། ཀཱ་མེཾ་བར་གྱིས་མཆོད། དེ་ནས། ཅེས་གནང་བ་བྱིན་ཏེ། དེ་ཉིད་དུ་ཐུམ་ནས་རྡོ་རྗེའི་ས་གཞིར་གྱུར། ཨོཾ་ཨཱཿ ལཱཾ་ཧཱུཾ་བཛྲ་བྷཱུ་མི་ཏི་ཥྭ་མ་ཙ་ལ་ཧུཾ་གཱུཾ་ཕཊ། བཛྲ་གྷ་ར་ཨཱ་ཛྙ་བ་ཡ་ཏི་སྭཱ་ཧཱ། ཤེས་བརྗོད་དོ། །གཉིས་པ་ནི། བུམ་པ་རྣམས་གུ་གུལ་གྱིས་བདུག །ཡིག་དྲུག་བཟླས་ཤིང་ཡུངས་ཤར་གྱིས་པྲ་བ། ཆུ་གཙང་མས་རན་བར་བཀང་སྟེ་ཕྱག་ལེན་བཞིན་དུ་དགོད། ཡིག་དྲུག་གིས་བསངས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། བུམ་པ་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཾ་ཧཱཾ་ལས་སྟིང་དང་འོག་གི་བུམ་པ། ཧིཾ་ཧྙིཾ་ལས། ཤར་དང་ཤར་ལྷོའི་བུམ་པ། ཧྲྀཾ་ཧཱིུཾ་ལས་ལྷོ་དང་ལྷོ་ནུབ་ཀྱི་བུམ་པ། ཧུཾ་ཧཱུཾ་ལས་བྱང་དང་བྱང་ཤར་གྱི་བུམ་པ། ཧྥྀཾ་ཧླྀཾ་ལས་ནུབ་དང་ནུབ་བྱང་གི་བུམ་པ་རྣམས་རང་རང་གི་ཚད་དང་། ཁ་དོག་དང་། དབྱིབས་དང་། ནང་རྫས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ལྡན་པར་གྱུར། ཨོཾ་ཏ་པྟེ་ཏ་པྟེ་མ་ཧཱ་ཏ་པྷེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པ་རྣམས་ཀྱི་ཆུ་དབྱེར་མི་བྱེད་པར་གྱུར། ཨོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཧཱུཾ། ཞེས་ལན་བདུན་དང་། ཨོཾ་ཨཱཿ ཧུཾ་ཧོཿ ཧཾ་ཀྵཿལན་བདུན་བཟླས་ཏེ།བུམ་པ་རྣམས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་དུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རྣལ་རྒྱལ་ཆེན་པོའི་དུང་ཆོས་ཀྱི་ནང་དུ་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པ་དང་། ཕྱོགས་བཞི་དང་སྟེང་འོག་གི་བུམ་པའི་ནང་དང་མཚན་མའི་གནས་སུ་ཨོཾ་ལྶ་པདྨ་དཀར་པོ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། མཚམས་བཞིའི་བུམ་པའི་ནང་དང་མཚན་མའི་གནས་སུ་ཨོཾ་ལས་པདྨ་དམར་པོ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ།རྣམ་རྒྱལ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་ཉི་སྒྲ་གཅན་དུས་མེའི་གདན་གྱི་སྟེང་དུ་ཧུཾ་དང་རྡོ་རྗེ་ལས་སྐྱེས་པའི་དཔལ་དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲ་བའི་སྡོམ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ། དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། ཞེས་པ་ནས།བདེ་བ་ཆེན་པོའི་འཁོར་ལོའོ། ། ཨ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་ལྗང་ཁུ། ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག །དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་ཤེར་ཕྱིན་མས་འཁྱུད་པ། གཙོ་བོའི་ལུས་ལ་དབྱེར་མེད་དུ་ཞུགས། ཨཱ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ། ཞེས་པ་ནས། ཚངས་མགོ་འཛིན་པ།རྡོ་རྗེ་སེམས་དཔས་འཁྱུད་པ་རྡོ་རྗེ་མཁའ་འགྲོ་མ་ལ་དབྱེར་མེད་དུ་ཞུགས་སླར་ཡང་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་གཙོ་བོ་ལ་ཞུགས་ཤིང་།ཤེར་ཕྱིན་མ་ལ་མི་བསྐྱོད་པས་འཁྱུད་པ་རྡོ་རྗེ་མཁའ་འགྲོ་མ་ལ་དབྱེར་མེད་དུ་ཞུགས་པར་གྱུར།ཤ་Ὴᨗ་ཥཱྀ་྾྾ཤཱི་སླྀ་རྣམས་དང་གྲི་གུག་དང་རྡོ་རྗེ་ཟུང་རྣམས་ལས་སྐྱེས་པའི་ཡེ་ཤེས་ཀྱི་འཁོར་ལོའི་ཤར་རྩིབས་ཀཱ་མ་རཱུ་བར་ཤི་རྡོ་རྗེ་མ་ནག་མོ་྾྾྾སླཾ་རྡོ་རྗེ་སེར་བོས་འཁྱུད་པ། དྷི་དྀṚ་ཧྼྀ྾྾དྷཱི་ཧླྀ་རྣམས་དང་གྲི་གུག་དང་རྡོ་རྗེ་ཟུང་རྣམས་ལས་སྐྱེས་པའི་སའི་འཁོར་ལོའི་ཤར་རྩིབས། ཞེས་པ་ནས། གཟུངས་མ་དཔག་ཏུ་མེད་པ་སྤྲོས༷་ཏེ༷་འདོད་ཡོན་གྱི་སྣམ་བུའི་སྟེང་དུ་འཁོད་པར་གྱུར། ཅེས་པའི་བར་གྱི་པདྨ་ནས་སྤྲོས་ཏེ་ཞེས་པ་དང་། བདེ་ཆེན་ཡུམ་གྱིས་པདྨ་ནས། །ས་བོན་ཕྱག་མཚན་ལས་སྤྲོས་ཏེ། ཞེས་པ་རྣམས་དོར་ནས་དུར་ཁྲོད་བསྡུས་པ་བྱ། ཁྱད་པར་གསལ་བྱེད་དུ་དག་སྦྱོར་མདུན་སྐྱེད་སོགས་ལ་ངོར་ཡོད་པ་ལྟར་འདིར་ཡང་དེ་མཐུན་བྱས་ལ། ལྷག་མ་རྣམས་སྒྲུབ་ཐབས་ཇི་ལྟ་བ་བཞིན་ནོ། །དེ་ནས། ཤར་དང་ཤར་ལྷོའི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་དོན་གྲུབ་དང་སྒྲོལ་མ་ནག་མོ་ལ་རིམ་པ་བཞིན་སྤྱན་མ་དང་རྣམ་སྣང་གིས་འཁྱུད་པ།ལྷོ་དང་ལྷོ་ནུབ་ཀྱི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་རིན་འབྱུང་དང་གོས་དཀར་མོ་དམར་མོ་ལ་རིམ་པ་བཞིན།མ་མཱ་ཀི་དང་འོད་དཔག་མེད་ཀྱིས་འཁྱུད་པ།བྱང་དང་བྱང་ཤར་གྱི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་འོད་དཔག་མེད་དང་མ་མཱ་ཀཾ་དཀར་མོ་ལ་རིམ་པ་བཞིན་གོས་དཀར་མོ་དང་རིན་འབྱུང་གིས་འཁྱུད་པ། །ནུབ་དང་ནུབ་བྱང་གི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་རྣམ་སྣང་དང་སྤྱན་མ་སེར་མོ་ལ་རིམ་བ་བཞིན་སྒྲོལ་མ་དང་དོན་གྲུབ་ཀྱིས་འཁྱུད་པ།རྒྱལ་བའི་བུམ་པའི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་མི་བསྐྱོད་པ་ལྗང་གུ་ལ་ཤེར་ཕྱིན་མས་འཁྱུད་པ།རྣམ་རྒྱལ་བུམ་པའི་བུམ་ཆུ་བུམ་པའི་མཚན་མ་དང་བཅས་པ་རྣམས་རྡོར་སེམས་སྔོན་པོ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། ཧཱུཾ་ཡིག་དང་བཅས་པ་ལས་སྐྱེད་པའི་དུས་ཀྱི་འཁོར་ལོ་ཤེར་རབ་མ་དང་བཅས་པའི་ཡབ་ཀྱི་ཐུགས་ཀའི་པདྨ་དང་ཟླ་བ་སྦྱར་བ་དང། ཤེར་རབ་ཀྱི་ཐུགས་ཀའི་པདྨ་དང་ཉི་མ་སྦྱར་བ་ལས་རྡོ་རྗེ་དྲི་མ་མེད་པའི་འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས། ལྕགས་ཀྱུའི་ཕྱག་རྒྱ་དང་། བཛྲ་བྷཻར་ཝ་ཨཱ་ཀརྵ་ཛཿ གན་དྷཾ། སོགས་ཀྱིས་མཆོད་ཨོཾ་པྲཛྙཱནྟ་ཀ་ཧུཾ། ཞེས་སོགས་ཕྱག་རྒྱ་དང་བཅས་ནས། གཙོ་བོ་ཡབ་ཡུམ་དམ་ཚིག་པ་ལ། གཙོ་བོ་ཡབ་ཡུམ་ཡེ་ཤེས་པ་རོ་མཉམ། ཞེས་པ་ནས། ཉི་ཟླ་དམ་ཚིག་པ་ལ་ཉི་ཟླ་ཡེ་ཤེས་པ་རོ་མཉམ། ཞེས་པའི་བར་དང་། བུམ་པ་དང་མཚན་མའི་ལྷ་དམ་ཚིག་པ་ལ། བུམ་པ་དང་མཚན་མའི་ལྷ་ཡེ་ཤེས་པ་རོ་མཉམ་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས། གན་དྷོཾ་སོགས་ཀྱིས་མཆོད། དབང་གི་ལྷ་རྣམས་ཀྱིས་འདི་དག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་ཨཱ་ཨཱི་སོགས་ནས་སྭཱ་ཧཱ། ཞེས་ཡུམ་ལྔས་བདུད་རྩིའི་ཆུས་དབང་བསྐུར། གཙོ་བོ་ཡབ་ཡུམ་དང་ནུས་མ་བརྒྱད་ལ་རྡོ་རྗེ། ཞེས་པ་ནས། ལྗང་གུ་རྣམས་ལ་མི་བསྐྱོད་པས་རྒྱས་བཏབ་བར་གྱུར། ཅེས་པའི་བར་སྒྲུབ་ཐབས་བཞིན་ནོ། །གཙོ་བོའི་གཙུག་ཏོར་དུ་ཐིག་ལེ་ལ་ཨ་ལས་མི་བསྐྱོད་པ། ཞེས་པ་ནས། རྡོ་རྗེ་ནོར་བུའི་རྩེ་མོ་ཨ། ཞེས་པའི་བར་ཡང་སྒྲུབ་ཐབས་ལྟར་བྱས་ཏེ།གཙོ་བོའི་དབྲལ་བར་ཨ་ལས་ཟླ་པའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ། མགྲིན་པར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿ ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ། ཐུགས་ཀར་ཐིག་ལེ་ལས་སྒྲ་གཅན་ཀྱི་དཀྱིལ་འཁོར་སྔོན་པོའི་སྟེང་དུ་ཧུཾ་ལས་རྡོ་རྗེ་རྩེ་ལྔ་པ་ནག་པོ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ནག་པོ། ཤེས་རབ་ཀྱི་ལྟེ་བར་ཧོཿ གསང་བར་སྭ། གཙུག་ཏོར་ལ་ཧ། ཞེས་རྒྱས་གདབ་དང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བྱ། དེ་ནས་མཆོད་པ་སྔར་ལྟར་བྱིན་གྱིས་བརླབས་ནས།ཨོཾ་ཤཱི་ཀཱ་ལ་ཙ་ཀྲ་བཛྲ་བྷེ་ར་ཝ་བྷི་སྐར་ས་བ་རི་ཝྭ་ར་ཨᨗ་སོགས་ཀྱིས་ཆུ་བཞི་ལྷ་མོ་བཅུ་གཉིས་དང་བཅས་པས་མཆོད། ཨོཾ་ཤིུ་ཀཱ་ལ་྾ཝྭ་ར་བྷྱཿ ནམཿ ས་ནང་མཆོད་ཕུལ། མཆོག་སྦྱིན་རྡོ་རྗེ་མས་བསྟོད། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་ལ་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་གྱི་བདུད་རྩི་སྤྱན་དྲངས། བུམ་པའི་ཆུ་རྣམས་དང་རོ་གཅིག་ཏུ་གྱུར། ཞེས་པ་དང་། གཟུངས་ཐག་ནས་བཟུང་སྟེ། གཙོ་བོའི་སྔགས་དང་འཁོར་གྱི་སྔགས་རྣམས་དང་། ཨོཾ་བཛྲ་ས་དྭ་ཨ་ཀྵོ་བྷྱཿ ཞེས་སོགས་ཀྱང་བཟླས། མཐར་ཡིག་བརྒྱ་དང་། སྔར་བཞིན་ཨᨗ་སོགས་ཆུ་བཞི་ལྷ་མོ་བཅུ་གཉིས་ཀྱིས་མཆོད། ཨོཾ་ཨཱཿ ཧུཾ་ཧོཿ ཧཾ་ཀྵཿཞེས་བཟླས་ཤིང་མེ་ཏོག་འཐོར།བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར།མཚན་མའི་ལྷ་རྣམས་ཀྱང་ཞུ་ནས་ལྷ་རང་རང་གི་ཕྱག་མཚན་གྱི་རྣམ་པར་གནས་པར་གྱུར། གཞན་ཡས་ཁང་ཞུ་ནས་རྣམ་རྒྱལ་ཆེན་པོའི་དུང་གི་རྣམ་པར་གྱུར། དེ་ནས་བུམ་པ་རྣམས་སྦོས་དང་། རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས་ཏེ།དཀྱིལ་འཁོར་གྱི་སའི་དབུས་སུ་བུམ་གདན་བཏིང་བ་ལ་སྔར་ལྟར་ཕྱོགས་མཚམས་མ་འཆོལ་བར་སློབ་དཔོན་གྱིས་རྡོར་དྲིལ་མཛིན་པས་དུང་ཆོས་གཟུངས་ཐག་བཅས་སྔར་ལྟར་བཀོད།ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲིཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླྀཾŒ་པཛྲ་པདྨ་ཨ་མྲི་ཏ་སྷ་ཊ་སུ་བི་ཤུར་དྷ་དྷ་རྨ་དྷ་ཏུ་སྭ་བྷཱ་ལྭ་སརྦ་དྷ་རྨཱ་ན། སུ་བི་ཤུད་དྷ་དྷ་རྨ་དྷཱ་ཏུ་སྭ་བྷཱ་ལཱཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། དེ་ནས་གན་དྷཾ་སོགས་ཀྱིས་མཆོད། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས། ཨོཾ་བཛྲ་ས་ཏྭ་ཨཀྵོ་བྷྱ་ཨ་མོ་གྷ་སིད་དྷ། རཏྣ་སཾ་བྷ་པྭ། ཨ་མི་ཏྭ་བྷ་ཝྭ། བཻ་རོ་ཙ་ན། པྲཛྙ་བཱ་ར་མི་ཏཱ ལོ་ཙ་ནཱི། མཱ་མ་ཀཱི། པཎྜ་རཱ། ཏཱ་ར་བཛྲ་དྷ་ཏྭི་ཤཱ་རི་ས་པ་རི་ཝྭཱ་ར་བྷྱཿ ཨི་དཾ་བ་ལིཾ་སོགས་གཏོར་བསྔགས་རྫོགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དེ་སྲིད་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་བརྗོད་ནས་བུམ་པ་ལ་རེག་བའི་ཏོན་དུ་གཟུངས་ཐག་ནས་བཟུང་སྟེ། མཆོག་སྦྱིན་རྡོ་རྗེ་མས་བསྟོད་དེ། དྲིལ་བུ་དཀྲོལ་བར་བྱའོ། དེ་ནས་ལས་ཐིག་ནི། མཚན་ལྡན་པ་ཙན་དན་དཀར་པོ་སོགས་ཀྱིས་བྱུགས་ཏེ། སྣོད་གཙང་མར་བཀོད་ནས། ཡིག་དྲུག་དང་ནང་མཆོད་ཀྱིས་བསངས། ཤཱུ་ནྱ་ཏཱས་སྦྱངས་ཐིག་སྐུད་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱཾ་ཨཱིཾ་རཱིཾ་ཨཱུཾ་ལཱྀཾ་རིང་པོ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་བ་ཡུམ་ལྔའི་ངོ་བོར་གྱུར་བའི་རྡོ་རྗེའི་ཐིག་སྐུད་དུ་གྱུར། །རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་ཨཱ་ལི་ལས་ཟླ་བ།ཀཱ་ལཱི་ལས་ཉི་མ།ཧཱུཾ་ཡིག་དང་བཅས་པ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་ཤེས་རབ་ཀྱི་ཐུགས་ཀའི་པདྨ་དང་ཉི་མ་སྦྱར་བ་ལས་རྡོ་རྗེ་དྲི་མ་མེད་པའི་འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས་ཡུམ་ལྷ་རྣམས་སྤྱན་དྲངས་ཏེ། ཐིག་སྐུད་ཀྱི་རྣམ་པར་གྱུར་ནས་རྡོ་རྗེའི་སྲད་བུ་དང་རོ་མཉམ་དུ་གྱུར། ཛཿ ཧུཾ་བཾ་ཧོཿ ཧི། ཨོཾ་ཨཱཾ་ཨཱིཾ་རཱཾ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་སརྦ་དྷ་རྨཻ་ཀ་སྭ་བྷཱ་ཝ། སརྦ་དྷ་རྨཱ་ན་ཨེ་ཀ་ཨཱ་ཀཱ་ར་སྭ་བྷ་ཝན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་། རྒྱལ་བའི་བུམ་པ་དང་ཤར་གྱི་བུམ་པའི་བར་དུ་བཞག་ནས། གན་དྷཾ་སོགས་ཀྱིས་མཆོད། དེ་ནས་ལེགས་པར་ཁ་བསྒྱུར་བའི་རྡུལ་ཚོན་རྣམས་སྣོད་སོ་སོར་བཀོད་དེ། ཕྱོགས་བཞི་དང་དབུས་སུ་གོ་རིམ་བཞིན་རང་གི་མདུན་དུ་བཞག་ནས། ཚོན་སོ་སོ་ལ་ཨཾ་ཨིཾ་རིཾ་ཨཱུཾ་ལིཾ་རྣམས་བྲིས་ལ། སྔར་ལྟར་བསངས་སྦྱངས། རྡུལ་ཚོན་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཾ་ཨིཾ་རིཾ་ཨུཾ་ལིཾ་ཐུད་དུ་ཡོངས་སུ་གྱུར་བ་ལས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤགས་པ་ལྔའི་ངོ་བོར་གྱུར་བའི་རྡོ་རྗེའི་རྡུལ་ཚོན་དྲི་མ་མེད་བར་གྱུར། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། ཧུཾ་ཡིག་དང་བཅས་པ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་ཡབ་གྱི་ཐུགས་ཀའི་པདྨ་དང་ཟླ་བ་སྦྱར་བ་ལས་རྡོ་རྗེ་དྲི་མ་མེད་བའི་འོད་ཟེར་ཀྱི་ལྕགས་ཀྱུ་འཕྲོས་པས། རྒྱལ་བ་ལྔ་རྣམས་སྤྱན་དྲངས་ཏེ་རྡུལ་ཚོན་གྱི་རྣམ་པར་གྱུར་ནས་རྡོ་རྗེའི་རྡུལ་ཚོན་རྣམས་དང་རོ་མཉམ་དུ་གྱུར། ཛཿ ཧུཾ་བཾ་ཧོཿ ཧི། ཨོཾ་ཨཾ་ཨིཾ་རིཾ་ཨུཾ་ལྀཾ་སུ་བི་ཤུད་དྷ་བ་ཉྩ་སྐན་དྷ་སྭ་བྷཱ་ལྤ་བ་ཉྩ་སྒན་དྷ་ན་སུ་བཾ་ཤུར་དྷ་དྷ་རྨྭན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་རྒྱལ་བ་དང་ནུབ་ཀྱི་བུམ་པའི་བར་དུ་ཚོན་ལྔ་མ་འཆོལ་བར་ཕྱོགས་བཞི་དང་དབུས་སུ་བཀོད། གན་དྷཾ་སོགས་ཀྱིས་མཆོད། དེ་ནས་རྡོ་རྗེ་སྔར་བསངས་སྦྱངས།རྡོ་རྗེ་སྟོང་པ་ཉིད་དུ་གྱུར།སྟོང་པའི་ངང་ལས་ཧུཾ་དང་རྡོ་རྗེ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པར་གྱུར། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། ཧུཾ་ཡིག་དང་བཅས་པ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོར་ཤེས་རབ་མ་དང་བཅས་པའི་ཡབ་ཀྱི་ཐུགས་ཀའི་པདྨ་དང་ཟླ་བ་སྦྱར་བ་ལས་རྡོ་རྗེ་དྲི་མ་མེད་པའི་འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས།བསྒོམས་པ་དང་འདྲ་བའི་དུས་ཀྱི་འཁོར་ལོ་ཡེ་ཤེས་པ་སྦྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ ཧི། དམ་ཚིག་བ་དང་རོ་མཉམ་དུ་གྱུར། ཡུམ་རྣམས་ཀྱིས། ཨཱ་ཨཱི་རཱ་ཨཱུ་ལཱི་བཉྩ་ཏུ་བོ་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བདུད་རྩིའི་ཆུས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པ་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར། ཨོཾ་ཧཱུཾ་ཀྲོ་དྷ་བཛྲ་ས་དྭ་ཀ་རུ་ཎ་ཨཱ་ཏྨ་ཀ་སརྦ་དྷ་རྨཻ་ཀ་སུ་ཁ་སྭ་བྷཱ་ཝ་སརྦ་དྷ་རྨཱན་བཛྲ་པུ་ཁ་སྭ་བྷཱ་ཝྭན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ་རྒྱལ་བ་དང་ལྷོའི་བུམ་པའི་བར་དུ་རྡོ་རྗེ་མགོ་མཇུག་མ་ལོག་པར་བཞག་སྟེ། གན་དྷཾ་སོགས་ཀྱིས་མཆོད། དེ་ནས་དྲིལ་བུ་སྔར་ལྟར་བསངས་སྦྱངས།དྲིལ་བུ་སྟོང་བ་ཉིད་དུ་གྱུར།སྟོང་བའི་ངང་ལས་ཧོ་དང་གྲི་གུག་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་མར་གྱུར། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ལར་ཨཱ་ལི་ལས་ཟླ་བ། ཀཱ་ལ་ལས་ཉི་མ།ཧུཾ་ཡིག་དང་བཅས་པ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་ཤེས་རབ་ཀྱི་ཐུགས་ཀའི་བདྨ་དང་ཉི་མ་སྦྱར་བ་ལས་རྡོ་རྗེ་དྲི་མ་མེད་པའི་འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས། བསྒོམས་པ་དང་འདྲ་བའི་རྡོ་རྗེ་མཁའ་འགྲོ་མ་ཡེ་ཤེས་པ་སྦྱན་དྲངས། ཛཿ ཧུཾ་བཾ་ཧོཿ ཧི། དམ་ཚིག་པ་དང་རོ་མཉམ་དུ་གྱུར། ཡུམ་རྣམས་ཀྱིས་ཞེས་པ་ནས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་བ་ཞུ་བ་ལས་བྱུང་བའི་དྲིལ་བུར་གྱུར། ཨོཾ་ཧོ་བཛྲ་གྷཎ་ཊེ་སརྦ་དྷ་རྨཻ་ཀ་བྲ་ཛྙཱ་དྷཱ་ནི་སྭ་བྷཱ་ཝ་སརྦ་ཨཱ་ཀཱ་རེ་སརྦ་དྷ་རྨ་པྲ་བོ་དྷ་ནི། སརྦ་དྷ་རྨན་ཎིཿ སྭ་བྷཱ་ཝེན་བྲ་བོ་དྷ་ཡ་པྲ་བོ་ཡ་སྭཱ་ཧཱ། ཞེས་བརྗོད་དེ། རྒྱལ་བ་དང་བྱང་གི་བུམ་པའི་བར་དུ་དྲིལ་བུ་ཞལ་རྒྱལ་བ་ལ་བསྟན་ཏེ་བཞུགས་སུ་བཅུག །གན་དྷཾ་སོགས་ཀྱིས་མཚོད་དོ། །གསུམ་པ་སློབ་མ་སྟ་གོན་དང་ བཞི་བ་མལ་སྟན་སྟ་གོན་གཉིས་མཁས་གྲུབ་ཐམས་ཅད་མཁྱེན་པའི་དཀྱིལ་ཆོག་ཆེན་མོ་ལས་ཤེས་པར་བྱའོ། ལྔ་པ་ནི། དེ་ནས་རྫས་ལྔ་སོ་སོར་བཀོད་པ་བསྡུས་ཏེ།ཨོཾ་ཨཱཿསོགས་ཀྱི་ཡིག་དྲུག་བཟླ་བཞིན་དཀྱིལ་འཁོར་གྱི་ས་ལ་དྲིའི་ཆུས་གཡས་བསྐོར་དུ་བྱུགས།སྔར་གྱི་ཐིག་སྐུད་སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་གཙོ་བོའི་ང་རྒྱལ་ལ་གནས་ཏེ་དཀྱིལ་འཁོར་གྱི་ནུབ་ནས་ཁ་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་པས་ལྟེ་བའི་ཐད་དུ་བཟུང་སྟེ།སློབ་མ་སྐད་ཅིག་གིས་རྡོ་རྗེ་ཤུགས་སུ་གྱུར་པར་བསམས་ལ་རྡོར་དྲིལ་འཛིན་པའི་ཁུ་ཚུར་གཡོན་དུ་གཏད་ནས་ལྟེ་བའི་ཐད་དུ་དྲངས་ནས་འཛིན་པ་དང་མཉམ་དུ། ཨོཾ་ཨཱཿ ཧུཾ་ཀཱ་ཡ་ཝཱ་ཀ་ཙི་ཏ་ཏཻ་ཀ་བྷཱ་ཏཱཿ སརྦ་དྷ་རྨཱ་ཨེ་ཀཱ་ཀཱ་རེ་ཎ་བཛྲ་ས་ཏྭ་ཧཾ་བྷུ་མི་སུ་ཏྲ་ཡཱ་མི་ཧཱུཾ་ཨཱཿ ཕཊ། ཅེས་བརྗོད། དེ་ནས་དབོན་སློབ་གཉིས་ཀའི་ལག་པ་ས་ལ་མཉམ་དུ་ཕབ་ཏེ། སློབ་དཔོན་གྱི་ནང་པ་གཡོན་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་པ་ས་ལ་བཞག་ཅིང་། སློབ་མའི་སྡོད་ལུགས་དེ་ལས་བཟློག་པས་ཤར་ནུབ་ཀྱི་ཚངས་ཐིག་གདབ་པར་བྱ་ཞིང་། ཨོཾ་བཛྲ་སཱུ་ཏྲཻ་ཀཱ་ཀཱ་ར་སྭ་རཱུ་པེ་ཎ་ཛཿ ཛཿ ཛཿ སརྦ་དྷ་རྨཱ་ན་སཱུ་ཧྲ་ཡ་ཨོཾ་ཨཱཿ ཧཱུཾ་ཧོཿ ཧཾ་ཀྵ་ཕཊ། ཅེས་བཟླ། དེ་ནས་སློབ་དཔོན་ནུབ་དང་ལྷོ་ལས་ཕར་མི་འདའ་ཞིང་། སློབ་མ་ཤར་དང་བྱང་ལས་ཚུར་མི་འདའ་བས་ཡོངས་འཇོམས་སྤང་ཏེ། ལྷོ་བྱང་གི་ཚངས་ཐིག་གདབ། དེ་ནས་སློབ་དཔོན་རླུང་ལ་ཉེ་བར་གནས་པས་ཟུར་ཐིག་དང་བོ་དང་། དེ་ནས་བདེན་བྲལ་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་སྟེ། ཐིག་དེ་དག་དང་ལྷག་མ་གཞན་ཐམས་ཅད་ལའང་དཔོན་སློབ་གཉིས་ཀྱི་སྡོད་ས་དང་འདུག་སྟངས་དང་སྔགས་བརྗོད་པ་སྔར་ཇི་ལྟ་བ་བཞིན་བྱ། ཕྱི་ནང་གི་སྐོར་ཐིག་བྱེད་པའི་ཚེ། དབུས་སུ་ཕུར་བུ་འདེབས་པའི་སྔགས་ཀྱིས་བཏབ་པ་འམ། བཏབ་པར་མོས་ལ་སྐོར་ཐིག་བྱ། ཐིག་རྣམས་ཇི་ལྟར་འདེབས་པའི་ཚུལ་ནི། ཡེ་ཤེས་ལེའུ་ལས། ཐིག་ནི་དྲུག་དང་བུག་བའི་ཆ་ཤས་གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་དཀྱིལ་འཁོར་ཐིག་བཏབ་ནས། །སྙིང་བོ་ལས་ནི་དྲུག་དྲུག་ཆ་རྣམས་ཀྱིས་དེ་པདྨའི་འདབ་མ་ལྟེ་བར་ལྡན་པའི་ཕྱེད་ལ་ཡང་། །གྲི་གུག་འཁོར་ལོ་ཆུ་སྐྱེས་རིན་ཆེན་རལ་གྲི་མཆོག་གི་རྡོ་རྗེའི་ཕྲེང་བ་གཉིས་གཉིས་ཆ་རྣམས་ཀྱིས། །ཉི་མ་རྣམས་ཀྱི་སྒོ་ཁྱུད་དུས་དང་རོ་རྣམས་ཀྱིས་ཀྱང་སྟེགས་བུ་དང་ནི་དོ་ཤལ་བ། །གསུམ་གྱིས་ཀྱང་ནི་རྭ་བ་ལྔ་ཡི་རེ་ཁ་རྩེ་མོ་ཅན་གྱི་དོ་ཤལ་རྩ་བར་སྣམ་བུའོ། །ཉི་མ་རྣམས་ཀྱིས་ལོགས་དང་འགྲུམ་རེས་སུམ་འགྱུར་བཞི་བྱེད་རྣམས་ཀྱིས་ཀ་བའི་སྟེང་དུ་རྟ་བབས་སམ། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་སྒོ་ནི་བརྒྱད་རྣམས་བྱ་སྟེ་དཀྱིལ་འཁོར་ཆེན་པོའི་འདུ་ནི་ཟླུམ་པོའོ། །གསུངས་པ་ལྟར་ཐིག་གདབ་ཚུལ་ནི། །ཚངས་ཐིག་ལེགས་པར་བཏབ་ནས་ནི། །དབུས་ནས་ཆ་ཆུང་དྲུག་གིས་བསྐོར། །བདེ་བ་ཆེན་བོའི་འཁོར་ལོ་ཉིད། །ཕྱི་ནས་འཁོར་ལོ་དྲག་པོ་ལ། །ཆ་ཕྲན་དྲུག་གིས་བསྒོར་བར་བྱ། །ཆ་ཕྲན་བཞི་ནི་རྩིབས་དང་ནི། །གཉིས་ནི་ལྟེ་བ་བསྐོར་བར་བྱ། །མུ་ཁྱུད་མེད་ཅེས་མཁས་རྣམས་གསུངས། །གྲུབ་དབང་སྒྲོལ་བའི་མགོན་པོ་སོགས་མཁས་བ་སྔ་མ་རྣམས་འདི་ལྟར་འཁོར་ལོ་རྣམས་ལ་མུ་ཁྱུད་མེད་པར་གསུངས་ཀྱང་། རང་ལུགས་དམ་པ་གོང་མས་སྡོམ་ཆེན་སྒྲུབ་ཐབས་སུ་མུ་ཁྱུད་ཡོད་པར་ཊིཀ་ཆེན་ཏུ་གསུངས་བ་ལྟར་གསུངས་པས་འདི་བཞིན་བྱའོ། །དེ་ནས་དྲུག་གིས་རྩ་ཐིག་སྟེ། །དབུས་ནས་ཞེ་བརྒྱད་ཉིད་ནའོ། །དེ་ལྟར་ཤར་ནས་ནུབ་ཀྱི་བར། །ཆ་ཆུང་གོ་དྲུག་མཐའ་སྐོར་དུ། །ཉིས་བརྒྱ་གྱ་བརྒྱད་ཡོད་པར་གསུངས། །དེ་ནས་ཕྱི་རོལ་གསུམ་དང་དྲུག །གསུམ་དྲུག་གསུམ་དང་གསུམ་གྱི་སྟེང། །རྩིག་པ་སྟེགས་བུ་ཕ་གུ་དང་། །དོ་ཤལ་ཤར་བུ་མདའ་ཡབ་བ། །བསྡོམ་པ་བཅུ་གཉིས་བཅུ་གཉིས་ཏེ། །ཉེར་བཞིས་མདས་ཡབ་ཐིག་གདབ་བྱ། །དེ་ནས་ཟླུམ་ཐིག་ཕྱི་མ་ཡི། །སྟེང་ནས་ཚངས་ལས་ཕྱི་རོལ་དུ། །ཉེར་བཞིའི་ཚད་ནས་གཅུས་ཐིག་གདབ། །དེ་ལྷའི་ཆ་རུ་བགོ་བར་བྱ། །དེ་ལྟར་ངེས་བྱས་དེ་ནས་ནི། །ཚངས་པས་གཡས་དང་གཡོན་དུ་ནི། །ཆ་ཆུང་དགུ་ནས་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་དྲུག་རྩེར་རེག །ཉིེར་བཞི་དོར་ནས་སྟེགས་བུ་ཡི། །ཐིག་ལས་དྲངས་པའི་ཐིག་གཉིས་ཏེ། །བར་མ་ཆ་ཆུང་གསུམ་ཉིད་དེ། །དབངས་སུ་ཆ་ཆུང་བཅོ་ལྔའོ། །དང་པོ་ངོས་ཐིག་རྩེ་མོར་རེག །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཅུ་གཉིས་ངེས་སྟེང་དུ་འང་། །བཅུ་གཉིས་ཉི་མ་གསུམ་འཁྱོག་པའོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །གཉིས་གཉིས་བརྒྱད་དང་གཅིག་གཉིས་དྲུག །གཅིག་གཉིས་བཞི་དང་གཅིག་དང་ནི། །གསུམ་དོར་ཐིག་ནི་བཅུ་གཅིག་སྟེ། །གདུང་དང་མྱོས་སྲུང་ལྷ་མོའི་གནས། །གསུམ་ཉིད་གསུམ་བརྩེགས་ཧེར་མིའོ། །བརྩེགས་མ་དང་པོའི་གདུང་གི་སྲིད། །ཞེ་བརྒྱད་མྱོས་སྲུང་སོ་གཉིས་སྟེ། །ལྷ་མོའི་གནས་གསུམ་ཆ་ཆུང་བརྒྱད། །རྒྱ་དང་དབངས་མཉམ་ཀ་བ་བཞི། །སྲིང་དུ་ཆ་ཆུང་གཉིས་གཉིས་སྟེ། །སྔོམ་དུ་སོ་གཉིས་མྱོས་སྲུང་ཚད། །བརྩེགས་མ་བར་མའི་གདུང་གི་སྲིད། །སོ་དྲུག་མྱོས་སྲུང་ཉེར་བཞི་སྟེ། ལྷ་མོའི་གནས་གསུམ་རྒྱ་དང་དབངས། །དྲུག་དྲུག་མཉམ་ལ་ཀ་བ་བཞི། །རེ་རེའི་ཞིང་ལ་ཆ་བྱེད་གཉིས། །བརྩེགས་མ་གོང་མའི་གདུང་གི་སྲིད། །ཆ་ཆུང་སུམ་ཅུ་མྱོས་སྲུང་ནི། །བཅུ་དྲུག་ལྷ་མོའི་གནས་གསུམ་རྒྱར། །ཆ་ཆུང་བཞི་མཉམ་ཀ་བ་བཞི། །ཆ་ཆུང་རེ་རེའི་བར་ཞིང་དུའོ། །ཧར་མེ་འདེགས་པའི་གདུང་གི་སྲིད། །ཉེར་བཞི་ཧར་མིའི་སྟེང་བཅུ་དྲུག དེ་སྟེང་བུམ་པ་ཆ་ཆུང་བཞི། །དེ་ནས་དཀྱིལ་འཁོར་རྟ་བབས་ཀྱི། །ནང་དུ་སྒོ་ཚད་གཉིས་དོར་ཏེ། །བརྩེགས་མ་གསུམ་བའི་མྱོང་སྲུང་དང་། །ཚངས་ཐིག་ཟད་མཚམས་ཕྲད་པ་ལས། །ཟླུམ་པོའི་དེ་ནས་རིམ་བཞིན་ཕྱིར། །དཀྱིལ་འཁོར་སྒོ་ཚད་ཕྱེད་དང་སླར། །གཅིག་དང་གཅིག་དང་གཅིག་དང་ཕྱེད། །གསུམ་དོར་ཟླུམ་པོའི་ཐིག་ལྔའོ། །ཞེས་གསུངས་པ་ལྟར་ལེགས་པར་གདབ། དེ་ནས་ཐིག་རྣམས་ཐེབས་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་སོང་ནས། རང་ཉིད་རྡོ་རྗེ་ཤུགས་སུ་གསལ་བའི་མིག་གཉིས་ཧཱི་ཧཱི་ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་བོ་ཅན་དུ་གྱུར། ལག་བ་གཉིས་ཀྱིས་རྡོར་དྲིལ་འཛིན་པའི་ཁུ་ཚུར་ཁ་གྱེན་དུ་བསྟན་ཏེ་དགུ་གཉིས་སུ་བཞག་ཅིང་གཡས་བརྒྱང་བྱས་ཏེ། ཧཱི་ཧཱི་ཞེས་བ་རྗོད་ཅིང་གཡས་གཡོན་དུ་འགྱིང་བར་བྱེས་ལ། ཤར་སྒོའི་རྩ་ཐིག་དྲི་བཟང་གིས་དབྱེ་ཞིང་། དེ་ནས་རིམ་པ་བཞིན་ལྷོ་བྱང་ནུབ་གསུམ་ལ་ཡང་དེ་ལྟར་དབྱིའོ། །དེ་ནས་བཏབ་ཟིན་པའི་ཐིག་དེ་ལ། གན་དྷཾ་སོགས་ཀྱིས་མཆོད། ཐིག་སྐུད་སྣོད་དུ་བཀོད་ལ། གན་དྷཾ་སོགས་ཀྱིས་མཆོད། ཨོཾ་ལོ་ཙ་ནི། བཎྜ་རཱ། བཱ་མ་ཀཱཾ། ཏཱ་རཱ། བཛྲ་དྷཱ་ཏྭཱི་ཤྭ་རཱི་ས་པ་རི་ཝཱ་ར་སྷྱཿ ནམཿ ཞེས་ནང་མཆོད་དབུལ། གཏོར་མགོང་ལྟར་བྱིན་གྱིས་བརླབས་ནས། ཨོཾ་ལོ་ཙ་ནི། ཞེས་པ་ནས། ཝཱ་ར་སྷྱཿ ཞེས་བ་ལ་སོགས་ལན་གཅིག་གིས་གཏོར་མ་དབུལ། པད་སྐོར་དང་བཅས་ཏེ། ཨོཾ་ཨཱཿ ཧུཾ་བཛྲ་མུཿ ཐིག་སྐུད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་གཤེགས་སུ་གསོལ། དྲུག་པ་ནི། དེ་ཡང་སློབ་དཔོན་གྱིས་དྲིའི་ཐིག་ལེ་དང་། སློབ་མས་ཚོམ་བུ་འགོད་དགོས་ལ། ལྷ་རང་རང་གི་སྔགས་བརྗོད་ཅིང་། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུབ་བཞི་དང་། གཞན་ཐམས་ཅད་ལ་ཟླུམ་པོ་བྱའོ། །མཆོད་པ་ཚར་བཅུ་ལས་མི་ཉུང་བ་ཕྱག་ལེན་ལྟར་བཤམས། ལྷ་བསྐྱེད་ཚུལ་ཡང་བསྡུས་པ་ལ་མོས་ན་གྲུབ་དབང་སྒྲོལ་བའི་མགོན་པོས་སྐད་ཅིག་གིས་བསྐྱེད་པར་གསུངས་བ་རུང་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པས། ཡང་ན་བླ་མ་དག་གི་ཕྱག་ལེན་ལྟར་ས་བོན་དང་ཕྱག་མཚན་མེད་བར་དཀྲོངས་བསྐྱེད་ཙམ་བྱེད་པའང་རུང་ལ། ཞེས་གསུངས་པས་ཁྱད་པར་གསལ་བྱེད་ལྟར་བྱ། རྒྱས་པར་བྱེད་ན། དཀྱིལ་འཁོར་ཡིག་དྲུག་དང་ནང་མཆོད་ཀྱིས་བསངས་སྦྱངས་ནས། དངོས་པོ་མེད་པ་བསྒོམ་པ་མེད། །ཅེས་པ་ནས། རང་གི་མཚན་ཉིད་ཀྱི་གྲུབ་པས་སྟོང་བ་ཉིད་དོ། ཨོཾ་ཋཱུ་ནྱ་ཏཱ་སོགས་དང་ནམ་མཁའི་ཁམས་མཐའ་ཡས་པའི་ཆོས་འབྱུང་གི་ནང་དུ། ཞེ་པ་ནས། ཕྱི་རོལ་དུ་འོད་ཟེར་འབར་བས་བསྐོར་བར་གྱུར། ཅེས་པའི་བར་སྒྲུབ་ཐབས་ཇི་ལྟ་བ་བཞིན་ནོ། །གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་ཉི་སྒྲ་གཅན་དུས་མེའི་གདན་གྱི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་དཔལ་དུས་ཀྱི་འཁོར་ལོ་ཞེས་པ་ནས། འདོད་ཡོན་གྱི་སྣམ་བུའི་སྟེང་དུ་འཁོད་པར་གྱུར། ཅེས་པའི་བར་བུམ་པ་ལྷས་གནས་ལྟར་བྱ། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཞེས་སོགས་བུམ་པ་ལྷག་གནས་ཀྱི་སྐབས་དང་འདྲ་བར་སྦྱར་ནས། འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས་བསྒོམས་བའི་དཀྱིལ་འཁོར་ནམ་མཁར་བཏེགས་པ་སྤྱན་དྲངས། བཛྲ་བྷཻ་ར་ཝ་ཨཱ་ཀ་རྵ་ཡ་ཛཿ ཞེས་པ་ནས། ཉི་ཟླ་དམ་ཚིག་པ་ལ། ཉི་ཟླ་ཡེ་ཤེས་པ་རོ་མཉམ། ཞེས་པའི་བར་དང་། རང་གི་སྙིང་གའི་ཧུཾ་གི་འོད་ཟེར་གྱིས་དབང་གི་ལྷ་ཞེས་བ་ནས། གཙུག་ཏོར་ལ་ཧ། ཞེས་པའི་བར་ཐམས་ཅད་ཀྱང་བུམ་པ་ལྷག་གནས་ཀྱི་སྐབས་ལྟར་རོ། །དེ་ནས་མཆོད་པ་སྔར་ལྟར་བྱིན་གྱིས་བརླབས་ནས། སྔགས་འབུལ་བྱ། གཏོར་མ་ཡང་སྔར་ལྟར་བྱིན་གྱིས་བརླབས་ནས།ཨོཾ་ཨཱཿཧཱུཾ་ཧོཿ༼ཧཾཀཥམལཝརཡ༽་ཤྲཱི་ཀཱ་ལ་ཙ་ཀྲ་བཛྲ་བྷཻར་ཝ་བྷི་སྐཱ་ར་མཎྜལ་ས་པ་རི་ཝཱ་ར་བྷྱཿ ཨཾ་དི་བ་ལིཾ་སོགས་གཏོར་སྔགས་རྫོགས་པས་དཀྱིལ་འཁོར་པ་ལ་དབུལ། ཨོཾ་ཨཱཿ ནས། ས་བ་རི་ཝཱ་ར་བྷྱཿ ནམཿ ཞེས་ནང་མཆོད་ཕུལ་ནས། རྡོར་དྲིལ་འཛིན་བའི། གཡས་སྤོས་ཐོགས་ཤིང་། བུས་མོ་བཙུགས་ཏེ། བདག་ཉིད་ཀྱི་ལྕེ་ཧུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་ཧུཾ་གིས་མཚན་པར་གྱུར། བཅོམ་ལྡན་དུས་ཀྱི་འཁོར་ལོ་མཆོག །རིག་བའི་རྒྱལ་བོ་ཕྱག་འཚལ་ལོ། །མགོན་བོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་དག་ནི་འབྲི་བར་འཚལ། །བདག་ཅག་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ནི་མཆོད་ཕྱིར་ཡང་། །དེ་ལ་བདག་གུས་བཅོམ་ལྡན་འདས། །བཀའ་དྲིན་དང་ནི་མཛད་པར་འོས། །བདག་ལ་དགོངས་མཛོད་སངས་རྒྱས་ནི། །འགྲོ་བའི་འཁོར་ལོ་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་བོ་བྱང་ཆུབ་བསྟན་གནས་དང། །སེམས་ཅན་བསྟན་ལ་མངོན་དགའ་དང། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ནི་རྡོ་རྗེ་ཆེ་གེ་མོ། །དུས་འཁོར་འབྱུང་བའི་དཀྱིལ་འཁོར་ནི། །ཉེར་མཁོ་ཇི་ལྟར་ནུས་པ་ལས། །འགྲོ་བ་སྦྱད་སླད་བྲི་བར་བགྱི། །དེ་ཕྱིར་བདག་དང་སེམས་ཅན་རྣམས། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་གནས་པར་མཛད་པར་འོས། །ཞེས་ལན་གསུམ་གསོལ་བ་བཏབ་པས་རིག་པ་འཛིན་པ་ཅི་དགའ་བར་བྱོས་ཤིག་ཅེས་གནང་བ་བྱིན་པར་གྱུར། སྔར་གྱི་ཕྱག་རྒྱ་དང་བཅས་ཏེ། ཧཱུཾ་བཛྲ་ཨུ་ཏི་ཥྛ། སྟ་གོན་གྱི་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་བཀྱེ་བ། བུམ་པ་བཀོད་ཅིང་དཀྱིལ་འཁོར་བརྒྱན་པ། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གཉིས། ཡེ་ཐིག་གདབ་པ་དང། ཚོན་བཀྱེ་བའོ། །དང་པོ་ནི། སྟ་གོན་གྱི་ཚོམ་བུ་རྣམས་བསྡུས་ཤིང་དཀྱིལ་འཁོར་གྱིས་བཞིའི་མཐའ་ལ་དྲི་བཟང་གིས་བྱུགས། རྡོར་དྲིལ་འཛིན་པའི་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་དང་། སློབ་མ་ཤར་དུ་འགྲེང་བས། ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་གྱུར། གན་དྷཾ་སོགས་ཀྱིས་མཆོད། ཐིག་སྐུད་ལྗང་ནག་དམར་དཀར་སེར་བ་རྣམས་སློབ་དཔོན་གྱི་ལག་པ་གཡོན་བའི་མཛུབ་མོ་རྩ་བ་ནས་རྩེ་མོའི་བར་ལ་རིམ་བཞིན་བཀོད་ནས་ལྟེ་བའི་ཐད་དུ་བཟུང་སྟེ།སློབ་མ་རྣམས་རྡོ་རྗེ་ཤུགས་སུ་གསལ་བར་གྱུར་བའི་ལག་པ་གཡོན་དུ་ཨོཾ་ཨཱཿཧུཾ་ཀཱ་ཡ་སོགས་སྔགས་བརྗོད་ཅིང་བཏང་ནས་བརྐྱངས་ཏེ་སློབ་མ་རྣམས་ཀྱིས་ཡང་ལྟེ་བའི་ཐད་དུ་བཟུང་སྟེ། ཐིག་སྐུད་སྔར་བཞིན་བསང་སྦྱངས། ཐིག་སྐུད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཐིག་སྐུད་ལྗང་ཁུ་ཨཱཾ་ལས་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ། ནག་པོ་ཨཱིཾ་ལས་སྒྲོལ་མ། དམར་བོ་རཱིཾ་ལས་གོས་དཀར་མོ། དཀར་པོ་ཨཱུཾ་ལས་མཱ་མ་ཀཱི། སེར་པོ་ལྀཾ་ལས་སྤྱན་མའི་ངོ་བོར་གྱུར། ནམ་མཁར་བཞུགས་སུ་གསོལ་བའི་ཡུམ་ལྷའི་ཐུགས་ཀར་ཨཱི་ཨིཾ་རཱིཾ་ཨཱུཾ་ལཱྀཾ་རྣམས་ལས་གྲུབ་བའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔའི་རང་བཞིན་ཅན་རྣམས་སུ་གྱུར། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི། ཞེས་སོགས་སྔར་ཐིག་སྐུད་ལྷག་གནས་ཀྱི་སྐབས་བཞིན་དུ་སྦྱར་ཏེ། འོད་ཟེར་གྱི་ལྕགས་ཀྱུ་འཕྲོས་པས། ཡེ་ཤེས་ཀྱི་ཐིག་རང་རང་གི་མདོག་ཅན་གྱི་ས་བོན་གྱི་ཡི་གེའི་གཟུགས་ཡུམ་ལྔའི་ཐུགས་ཀ་ནས་བཏང་བ་རྣམས་ལག་བའི་ཐིག་སྐུད་སོ་སོ་དང་རོ་མཉམ་དུ་གྱུར། ཅེས་བསམས་ཏེ། སྔར་གྱི་ཐིག་སྐུད་ལྷག་གནས་ཀྱི་སྔགས་བརྗོད་བཞིན་ཐིག་སྐུད་ལྔ་ཚན་རྣམས་གཅིག་དུ་སྒྲིལ། དེ་ནས་ཐིག་སྐུད་ནམ་མཁའ་ལ་བརྒྱང་བ་དེ་ལ། གན་དྷཾ་སོགས་ཀྱིས་མཆོད། རྡོ་རྗེ་དང་བཅས་པའི་ལག་པ་གཡས་བའི་མཐེབ་མཛུབ་ཀྱིས་ཐིག་འོག་ཏུ་གཅུས་ནས་འཐེན་ཏེ་སྟེང་དུ་གདབ་ཅིང་སྔར་གྱི་ཐིག་འདེབས་པའི་སྔགས། ཨོཾ་བཛྲ་སཱུ་ཏྲཻ་སོགས་བརྗོད་དེ། ཐིག་གི་སྒྲས་བསྐུལ་ཏེ་བྱོན་བའི་ནམ་མཁའ་ཁྱབ་པའི་རྒྱལ་བ་ཡབ་ཡུམ་དཔག་ཏུ་མེད་པ་ལག་པའི་ཐིག་སྐུད་ལ་ཐིམ་པར་གྱུར། ཅེས་བསམས་ཏེ་དཔོན་སློབ་གཉིས་ཀའི་ལག་པ་ས་ལ་མཉམ་དུ་ཕབ་ནས་བདུག་སྟངས་སོགས་སྔར་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཤར་ནུབ་ཀྱི་ཚངས་ཐིག་གདབ། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཁ་དོག་ལྔར་གསལ་བ་རེ་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་གྱུར། ཅེས་བསམས་ནས། ལྷོ་བྱང་གི་ཚངས་ཐིག་ཀྱང་ནམ་མཁའ་དང་ས་གཉིས་ཀ་ལ་དེ་ཇི་ལྟ་བ་བཞིན་དུ་གདབ། དེ་ནས་ཐིག་ལྷག་མ་ནམ་མཁའ་ལ་འདེབས་མི་དགོས་པར་ལས་ཐིག་བཞིན་དུ་གདབ་པོ། །དེ་ལྟར་ཐིག་རྣམས་ཐེབས་ནས་ཡེ་ཐིག་ལ། གན་དྷཾ་སོགས་ཀྱིས་མཆོད། ཨོཾ་ལོ་ཙ་ནི་སོགས་ཀྱིས་ནང་མཆོད་ཕུལ། གཏོར་མ་གོང་ལྟར་བརླབས་ཏེ། སྔར་བཞིན་འབུལ། ཨོཾ་ཨཱཿ ཧུཾ་བཛྲ་མུཿ སོགས་ཀྱིས་གཤེགས་གསོལ་བྱ། གཉིས་པ་ཚོན་བཀྱེ་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་གནས་པས། དྲིལ་བུ་དཀྲོལ་ཞིང་། ཁ་ཤར་དུ་ཕྱོགས་པས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་གྲོལ་བྱེད། །རང་ཉིད་རྡོ་རྗེ་འཛིན་རྒྱལ་བོ། །དེ་བཞིན་གཤེགས་པ་ཀུན་ཀྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་བརྗོད་ཅིང་། ལག་པ་གཡོན་བའི་རྡོ་རྗེ་ཁུ་ཚུལ་གྱིས་དབང་ལྡན་ནས་ནང་ནས་རིམ་པ་བཞིན་ལྗང་ནག་དམར་དཀར་སེར་བའི་རེ་ཁཱ་དྲང་བོར་བྲི་ཞིང་། ལྷག་མ་སློབ་མ་ལ་སོགས་པས་ཅི་བདེར་བྲི་བར་བྱ་ལ། དེ་ཡང་ཡ་ཡོ་ཕྲ་སྤོམ་སོགས་ཀྱི་སྐྱོན་དང་བྲལ་ཞིང་། ཚོན་ས་དང་ལྷའི་མཚན་མ་འགོད་ཚུལ་སོགས་སྒྲུབ་ཐབས་ལྟར་བྱའོ། །ཚོན་བཀྱེ་ཟིན་པ་དང་ཧུཾ་དང་། ཡིག་དྲུག་བཟླ་བཞིན་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་མཐར་བྱུགས། ཚོན་ལྷག་མ་རྣམས་ལ་གན་དྷཾ་སོགས་ཀྱིས་མཆོད་ནས། ཨོཾ་ཨཱཿ ཧུཾ་བཛྲ་མུཿ ཚོན་གྱི་ཡེ་ཤེས་པ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་གཤེགས་པར་གྱུར། ཅེས་གཤེགས་སུ་གསོལ། དེ་ནས་སྤོས་འཛིན་པས། བཅོམ་ལྡན་དུས་ཀྱི་འཁོར་ལོ་མཆོག །ཅེས་སོགས་ལ། དཀྱིལ་འཁོར་སྒྲུབ་པར་བདག་འཚལ་ལོ། ། ཞེས་ཁ་བསྒྱུར་ཏེ་སྙན་གསན་ལན་གསུམ་ཕབས། གཉིས་པ་བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་ནི། དཀྱིལ་ཆོག་ཆེན་མོ་ལས་ཤེས་པར་བྱའོ། ། གསུམ་པ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ་དང་། མཆོད་པ་དང་། དབང་བསྐུར་བའི་ཆོ་ག་འོ། །དང་པོ་ནི། རྒྱུད་སྡེ་གཞན་དུ་བདག་མདུན་ཐ་མི་དད་གསུངས་པ་མང་ཡང། འདིར་ཐ་དད་དུ་བསྒྲུབ་པའི་ལུགས་གསལ་བར་མཁས་པ་རྣམས་བཞེད་པ་ལྟར་ལ། དེ་ཡང་བུམ་པ་དང་མདུན་བསྐྱེད་གཉིས་སྒྲགས་ནས་བསྒྲུབ་ཚུལ་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོས་ལོགས་སུ་བསྒྲིགས་ཡོད་པ་ལྟར་ཡིན་ནོ། །གཉིས་པ་མཆོད་པའི་ཆོ་ག་ནི། མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། བསྟོད་པའི་བར་མཁས་གྲུབ་ཐམས་ཅད་མཁྱེན་བའི་མཆོད་པའི་ཆོ་ག་ལྟར་ལ། མི་འདྲ་བའི་ཁྱད་པར་མཆོད་སྔགས་ལ། ཨོཾ་ཤྲཱི་ཀཱ་ལ་ཙ་ཀྲ་བཛྲ་བྷཻ་ར་ཝ་བྷཱི་སྐཱ་ར་ཡ་ས་པ་རི་ཝཱ་ར་ཞེས་སྦྱོར། དེ་ནས་བུམ་བ་ཟླས་ནས་ནང་དུ་གཏོར་མ་འབུལ་བ་སོགས་གཞུང་བཞིན་བྱ་ལ། ཕྱི་རོལ་མཆོད་པ་གཏོང་ཚུལ་སོགས་ཀྱང་དཀྱིལ་ཆོག་ཆེན་མོ་ལས་འབྱུང་བ་ལྟར་བྱའོ། །གསུམ་པ་དབང་བསྐུར་བའི་ཆོ་ག་ལ་གཉིས། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང་། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། དཀྱིལ་འཁོར་དུ་ཞུགས་པ་དང་། དབང་བདུན་གྱི་ཆོ་ག་བདག་གི་བླ་མ་༸རྡོ་རྗེ་འཆང་ཆེན་པོས་མཛད་པའི་རིག་འཛིན་སྲོག་གི་རྩི་སྨན་དངོས་གྲུབ་རྒྱ་མཚོའི་གཏོར་མཛོད་ལྟར་ཉམས་སུ་བླངས་པར་བྱ་ཞིང་། དབང་གོང་མ་དག་ནི་བདག་འཇུག་ཙམ་ལ་མི་དགོས་པར་དབང་བདུན་ཙམ་གྱིས་ཆོ་ག་སྟེ། བདག་འཇུག་གི་དགོས་པ་ནི། དམ་ཚིག་དང་སྡོམ་པ་གསོ་བའི་ཆེད་ཡིན་ནོ། །གཉིས་པ་གཞན་ལ་དབང་བསྐུར་བའི་ཚུལ་གཞན་ལས་ཤེས་པར་བྱའོ། །བཞི་པ་མཇུག་གི་ཆོ་ག་ནི། གཏང་རག་གི་མཆོད་པ་ཆུ་བཞི་ལྷ་མོ་བཅུ་གཉིས་འདོད་ཡོན་ལྔ་རྣམས་བྱིན་གྱིས་བརླབས་ཏེ་ཕུལ། ཨོཾ་བུདྡྷ་ཡ་ན་མཿ སོགས་ཀྱིས་ནང་མཆོད་ཕུལ། མཆོག་སྦྱིན་རྡོ་རྗེ་མས་བསྟོད། སྨོན་ལམ་རྒྱས་པ་དང། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས་ཤར་སྒོ་ནས་འགྲེང་སྟེ། ཡིག་བརྒྱ་ལན་གསུམ་བརྗོད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། གང་ཡང་བདག་བློ་མ་དང་ ། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ་ཏེ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བྱས་ཏེ། ཨོཾ་ཁྱོད་གྱིས་སེམས་ཅན་ནས། འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿ ཧུཾ་ཧོ་ཧཾ་ཀྵཿ བཛྲ་མུཿ འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རང་གི་སྙིང་གར་གཤེགས། ལག་བའི་རྒྱབ་བསྟན་བའི་སེ་གོལ་དང། ཀྵཿ དབང་བོ་ལ་སོགས་པའི་འཇིག་རྟེན་བ་རྣམས་རང་རང་གི་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སློབ་དཔོན་ཀྱིས་དཀྱིལ་ཆོག་ནས་འབྱུང་བ་ལྟར་རྡུལ་ཚོན་རྣམས་བསྡུས་ཏེ་བུམ་པར་བླུགས་ནས་རྡུལ་ཚོན་ཀླུ་ལ་གཏད་པའི་ཆོ་ག་གཞན་ལས་འབྱུང་བ་ལྟར་བྱ། དེ་ནས་ལས་ཐིག་གི་རྗེས་མི་མངོན་པར་བྱས་ནས། རང་ཉིད་རྡོ་རྗེ་ཤུགས་ཀྱིས་ང་རྒྱལ་གྱིས་རྡོར་དྲིལ་འཛིན་པའི་ལག་པ་གཉིས་ཀྱིས་སྐམ་བའི་ཕྱག་རྒྱ་བྱས་ཏེ། ཨོཾ་བཛྲ་ཀཱཾ་ལ་ཨུ་ཏ་ཀཱཾ་ལ་ཡ་སརྦ་བིགྷྣན་བཛྲ་དྷ་ར་ཡ་ཨ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་པས་ཕུར་བུ་དབྱུང་། ཨོཾ་རུ་རུ་སོགས་བརྒྱ་རྩ་བརྒྱད་བཟླས་ཏེ་ཕུར་བུ་འོ་མས་བཀྲུས་པས། བགེགས་རྣམས་སོས་ཏེ་སངས་རྒྱས་པར་བསམ་མོ། རྡུལ་ཚོན་སྤྱན་འདྲེན་གྱི་གོང་དུ་ཕུར་བུ་དབྱུང་བ་འང་རུང་ངོ། ཕུར་བུ་རྣམས་རང་གི་མདུན་དུ་བཀོད། ཕུར་བུ་སྲུང་བའི་ཁྲོ་བོ་དང་བཅས་པ་ལ་ས་ཆོག་གི་སྐབས་སུ་བཤད་པ་ལྟར་མཆོད་གཏོར་ཕུལ་ནས། ལག་པ་གཡས་པའི་རྒྱབ་བསྟན་པའི་སེ་གོལ་དང། ཀྵཿ ཞེས་བརྗོད་དེ།ཕུར་བུའི་ཡེ་ཤེས་པ་རྣམས་དང་།ཕུར་བུ་བསྲུང་བའི་དོན་དུ་བཀོད་པའི་ཁྲོ་བོ་རྣམས་རང་གི་གསང་གནས་གྱི་འཁོར་ལོར་ཧཾ་ལ་བཅུག་ཅིང་གཤེག་པར་གྱུར། དེ་ནས་དཔོན་སློབ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་བཞིན་ཤིས་པ་བརྗོད་པ་རྒྱས་པས་མཐའ་བརྒྱན་པར་བྱའོ། །སྨྲས་པ། རྒྱུད་རྒྱལ་དགོངས་དོན་ཟབས་ཡངས་མ་དྲོས་མཚོར། །མཁྱེན་དཔྱོད་འདབ་མའི་གར་གྱིས་ཉེར་རྩེན་ཞིང་། །གདམས་པའི་མགྲིན་རྔ་འཁྲོལ་པའི་དཔལ་ཡོན་ཅན། །བཀའ་དྲིན་ཟླ་བྲལ་རྗེ་བཙུན་ཝཱ་ཀི་ནྟྲ། །གང་གི་ཐུགས་རྗེའི་སྐེད་མེད་ཞལ་ཆང་གིས། །བདག་བློའི་བ་ཀུ་ལ་ཡི་འདབ་མའི་རྒྱ། །གྲོལ་ཏེ་སྐལ་བཟང་བུང་བའི་དགའ་སྟོན་དུ། །ལེགས་བཤད་གསར་བའི་དྲི་བཟང་འདི་འཐུལ་ལོ། །ཕྱོགས་ལྷུང་གདོན་གྱི་ཁྲོན་པར་གནས་བཅས་པའི། །མདོག་ནག་འཕར་འགྲོའི་ཚོགས་ལ་འདིས་ཅི་བྱ། །གཟུར་གནས་བློ་གྲོས་གཤོག་རྩལ་རབ་རྫོགས་པའི། །སྐལ་ལྡན་རྐང་དྲུག་ཡོངས་ཀྱི་ཉེར་འཚོ་ཡིན། འོན་ཀྱང་རྒྱུད་དོན་རྒྱ་མཚོའི་གཏིང་ལྟར་ཟབ། །བདག་བློ་པདྨའི་ཟེ་ལྟར་ཉག་ཕྲ་བས། །མ་བཤད་ལོག་བཤད་ཀྱིས་མཚོན་ཉེས་པའི་ཚོགས། །བླ་མ་ལྷ་དང་མཁས་བའི་ཚོགས་ལ་བཤགས། །འབད་པའི་དགེ་ཚོགས་རྡོ་རྗེ་རྩེ་བརྒྱ་བས། །ལས་རླུང་སྒྲིབ་བའི་སྦྱིན་སྐྱེས་ཉེར་བཅོམ་སྟེ། །མི་འགྱུར་བདེ་བས་རྣམ་མེད་ཕྱག་རྒྱ་ལ། །འཁྱུད་བའི་སྒྱུ་འཕྲུལ་དྲ་བའི་སྐུ་ཐོབ་ཤོག །ཅེས་དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིར་རྟ་ཞེས་བྱ་བ་འདི་ནི། དུས་འཁོར་གྲྭ་ཚང་འདུས་སྤྱི་ནས་ཡང་ཡང་བསྐུལ་ཞིང་། ཉེ་ཆར་བསྟན་བའི་གསལ་བྱེད་དམ་པ་མཚན་སྒྲོགས་མཁན་ཆེན་གྱི་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཀྱང་བསྙེན་ཡིག་དང་བཅས་པ་ཞིག་བྲི་དགོས་བཀའ་གནང་ནན་ཏན་བྱུང་བ་ཟློག་མ་ནུས་པར་༸དབྱངས་ཅན་བཞད་པས་མཁས་གྲུབ་ཐམས་ཅད་མཁྱེན་པའི་དཀྱིལ་ཆོག་དགོངས་པ་རབ་གསལ་གཞིར་བཟུང། གྲུབ་དབང་སྒྲོལ་བའི་མགོན་པོའི་སྡོམ་ཆེན་གྱི་སྒྲུབ་དཀྱིལ་ཁྱད་པར་གསལ་བྱེད་གྱིས་ཟུར་བརྒྱན་ཏེ། ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་རང་གི་སྦྱིལ་བུར་བཅད་རྒྱའི་ཐུན་མཚམས་རྣམས་སུ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་གྲགས་པ་ཀླུ་སྒྲུབ་གྱིས་བགྱིས་པ་འདིས་ཀྱང་།དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་རྣམས་དབྱར་མཚོ་ལྟར་འབེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། །ངག་དབང་འཇམ་དཔལ་གཞོན་ནུ་ཡབ་སྲས་ཀྱི། །ཞབས་སེན་འོད་དམར་གྱི་མཛེས་དགེ་མཚན་དབ༷ལ། །མཆོག་ལྡན༷་སྨྲ༷་བ༷འི་སེང་གེ༷འི་གླིང་མཆོག་ནས། །ཆོས་སྦྱིན་ཟད་མེད་པར་གྱི་རྒྱུན་འདི་སྤེལ།། །།