༄༅།།ན་མོ་གུ་རུ། འདིར་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་པོ་གཅིག་པའི་བླ་མ་བརྒྱུད་བའི་གསོལ་འདེབས་དང༌། ནང་མཆོད་ཀྱི་ཁ་བསྐང་གཉིས་ྋརྗེ་རིན་པོ་ཆེ་ཡན་པཎ་ཆེན་རིན་པོ་ཆེས་མཛད་པ་ལྟར་ལ། དེ་ནས། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་གྲུབ་དམ་བ་ཤེས་རབ་སེང་གེ་དང༌། །ཟུང་འཇུག་མཆོག་བརྙེས་དཔལ་ལྡན་བཟང་པོའི་ཞབས། །གསོལ་བ༌྾མདོ་རྒྱུད་བསྟན་པའི་མངའ་བདག་དགེ་འདུན་འཕེལ། །རྒྱུད་དོན་ཇི་བཞིན་གཟིགས་བའི་བཀྲ་ཤིས་འཕགས། །དོན་གཉིས་ལྷུན་གྲུབ་བསམ་འགྲུབ་རྒྱ་མཚོའི་ཞབས། །གསོལ་བ༌྾ཡོངས་རྫོགས་བསྟན་པའི་མངའ་བདག་བརྩོན་འགྲུས་འཕགས། །ལེགས་བཤད་འབྱོར་བའི་མཛོད་འཛིན་རྡོ་རྗེ་བཟང༌། །གདམས་པའི་གཏེར་མཛོད་སངས་རྒྱས་རྒྱ་མཚོ་ལ། །གསོལ་བ༌྾སྣང་བ་མཐའ་ཡས་པཎ་ཆེན་ཆོས་རྒྱན་ཞབས། །རིགས་གྲོལ་སྨྲ་བ་སངས་རྒྱས་བཀྲ་ཤིས་དང༌། །རིགས་པའི་དབང་ཕྱུག་ངག་གི་དབང་བོ་ལ། །གསོལ་བ༌྾སྨྲ་བའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་དང༌། །སྨྲ་ངན་ཚར་གཅོད་འཇམ་དབྱངས་བཞད་པའི་སྡེ། །སྨྲ་བ་ཟླ་མེད་སངས་རྒྱས་རྡོ་རྗེ་ལ། །གསོལ་བ༌྾རྡོ་རྗེ་འཛིན་པའི་གཙོར་གྱུར་འཇིགས་མེད་དབང༌། །རྡོ་རྗེ་འཆང་དངོས་བསྟན་པའི་སྒྲོན་མེའི་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་དགྱེས་པའི་བློར། །གསོལ་བ༌྾སྨྲ་བའི་གཙུག་རྒྱན་དཀོན་མཆོག་རྒྱལ་མཚན་དང༌། །རྡོ་རྗེ་འཆང་ཆེན་ངག་དབང་ཆོས་འཕེལ་ཞབས། །རྩ་བའི་བླ་མ་འཇམ་དབྱངས་མཚན་ཅན་ལ། །གསོལ་བ༌྾རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མན་འདྲ།ནང་མཆོད་འབུལ་སྐབས་ྋརྗེ་རིན་པོ་ཆེའི་འཕྲོར། །རྗེ་བཙུན་ཤེས་རབ་སེང་གེའི༌྾འདུལ་འཛིན་དཔལ་ལྡན་བཟང་པོའི༌྾འཇམ་དབྱངས་དགེ་འདུན་འཕེལ་བའི༌྾རྒྱུད་ཆེན་བཀྲ་ཤིས་འཕགས་ཀྱི༌྾པཎ་ཆེན་བསམ་འགྲུབ་རྒྱ་མཚོའི༌྾རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱི༌྾རྒྱུད་ཆེན་རྡོ་རྗེ་བཟང་པོའི༌྾རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི༌྾སྣང་བ་མཐའ་ཡས་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི༌྾རྗེ་སངས་རྒྱས་བཀྲ་ཤིས་ཀྱི༌྾བསམ་སྒང་བ་ངག་གི་དབང་པོའི༌྾ཁྲི་ཆེན་བློ་གྲོས་རྒྱ་མཚོའི༌྾ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི༌྾མཁན་ཆེན་སངས་རྒྱས་རྡོ་རྗེའི༌྾ཀུན་མཁྱེན་ཆེན་པོ་འཇིགས་མེད་དབང་པོའི༌྾རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི༌྾རྡོ་རྗེ་འཛིན་པ་དཀོན་མཆོག་དགྱེས་པའི་བློ་གྲོས་ཀྱི༌྾འཇམ་དཔལ་དབྱངས་དངོས་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི༌྾རྡོ་རྗེ་འཆང་དངོས་ངག་དབང་ཆོས་འཕེལ་གྱི༌྾རྩ་བའི་བླ་མ་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་བའི་བླ་བརྒྱུད་གསོལ་འདེབས་དང༌། ནང་མཆོད་གཉིས་ཀྱི་ཁ་བསྐང་འདི་ཡང་ྋདབྱངས་ཅན་བཞད་པས་བྲིས།། །།
ཡང་འཇིགས་བྱེད་ལྷ་བཅུ་གསུམ་མའི་བླ་བརྒྱུད་ཁ་བསྐང་ནི།རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་གྲུབ་དམ་པ་ཆོས་ཀྱི་རྒྱལ་མཚན་དང༌། །རྡོ་རྗེའི་སྐུ་བརྙེས་ཆོས་ཀྱི་རྡོ་རྗེའི་ཞབས། །གསོལ་བ༌྾སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་བ། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ༌྾ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །རྒྱལ་བ་རྒྱ་མཚོ་ངག་དབང་བྱམས་པའི་མཚན། །དགེ་ལེགས་རྒྱལ་མཚན་བློ་བཟང་དར་རྒྱས་ལ། །གསོལ་བ༌྾རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོའི་ཞབས། །བཀའ་དྲིན་མཚུངས་མེད་ཆོས་སྐྱོང་རྒྱ་མཚོ་དང༌། །བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལ། །གསོལ་བ༌྾རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །རབ་འཇིགས་དྲག་པོའི་གར་མཛད་ལྷག་པའི་ལྷ། །ངུར་སྨྲིག་ཚུལ་རོལ་མཁྱེན་ར༷བ་རྒྱ༷་མཚོ་ལ། །གསོལ་བ༌྾རྒྱལ་བ་ཀུན་གྱི་མན་འདྲ། ནང་མཆོད་སྐབས། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི༌྾མཁས་གྲུབ་དགེ་ལེགས་དབལ་བཟང་གི༌྾བ་སོ་ཆོས་ཀྱི་རྒྱལ་མཚན་གྱི༌྾གྲུབ་དབང་ཆོས་རྡོ་རྗེའི༌྾རྒྱལ་བ་བློ་བཟང་དོན་གྲུབ་ཀྱི༌྾མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི༌྾པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི༌྾རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི༌྾འཕགས་པ་རྒྱལ་བ་རྒྱ་མཚོའི༌྾མཁས་བའི་དབང་པོ་ངག་དབང་བྱམས་པའི༌྾གདམས་པའི་གཏེར་མཛོད་དགེ་ལེགས་རྒྱལ་མཚན་གྱི༌྾མཁས་གྲུབ་ཆེན་པོ་བློ་བཟང་དར་རྒྱས་ཀྱི༌྾རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོའི༌྾བཀའ་དྲིན་མཚུངས་མེད་ཆོས་སྐྱོང་རྒྱ་མཚོའི༌྾རྡོ་རྗེ་འཆང་དངོས་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཀྱི༌྾རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི༌྾འདི་ཡང་རྗེ་ཉིད་ཀྱིས་གསུངས་སོ།། །།འཇིགས་བྱེད་ལྷ་བཅུ་གསུམ་མའི་ནང་མཆོད་ཁ་བསྐང་ནི། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི༌྾མཁས་གྲུབ་ཐམས་ཅད་མཁྱེན་པའི༌྾པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི༌྾གྲུབ་ཆེན་ཆོས་རྡོ་རྗེའི༌྾རྒྱལ་བ་བློ་བཟང་དོན་གྲུབ་ཀྱི༌྾མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི༌྾རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི༌྾ཐམས་ཅད་མཁྱེན་བ་བློ་བཟང་རྒྱ་མཚོའི༌྾རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི༌྾གྲུབ་དབང་བློ་བཟང་རིགས་གྲོལ་གྱི༌྾མཁས་དབང་བློ་བཟང་ཕུན་ཚོགས་ཀྱི༌྾འཇམ་དབྱངས་བདེ་བའི་རྡོ་རྗེའི༌྾མཁན་ཆེན་དགེ་འདུན་རྒྱ་མཚོའི༌྾ཀུན་མཁྱེན་འཇིགས་མེད་དབང་བོའི༌྾འཇམ་དཔལ་དབྱངས་དངོས་དཀོན་མཆོག་བསྟན་པའི་སྒྲོན་མེའི༌྾མཁས་གྲུབ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི༌྾རིགས་ཀུན་ཁྱབ་བདག་རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི༌྾འཁོར་ལོའི་མགོན་པོ་རྗེ་བཙུན་ངག་དབང་ཆོས་འཕེལ་གྱི༌྾རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི༌྾འདི་ཡང་རྗེ་ཉིད་ཀྱིས་གསུངས་སོ།།གྲུབ་ཆེན་ལུ་ཨི་བའི་ལུགས་ཀྱི་བདེ་མཆོག་ནང་མཆོད་ཁ་བསྐང་ནི། ཆོས་ཀྱི་རྒྱལ་པོ་རྒྱལ་བ་བློ་བཟང་གྲགས་བའི་དཔལ་གྱི༌྾ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གི༌྾པཎ་ཆེན་བུ་ནྱཻ་ཤྲིའི༌྾འབྲོམ་བཙུན་ཤེས་འབྱུང་བློ་གྲོས་ཀྱི༌྾མཁས་བཙུན་ཡོན་ཏན་རྒྱ་མཚོའི༌྾གསོར་ལྡིང་བ་བཀྲ་ཤིས་འོད་ཟེར་གྱི༌྾དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་྾མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་྾པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་྾རྗེ་དཀོན་མཆོག་རྒྱལ་མཚན་གྱི་྾པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི༌྾རྒྱལ་དབང་སྐལ་བཟང་རྒྱ་མཚོའི༌྾གྲུབ་དབང་རོལ་བའི་རྡོ་རྗེའི༌྾ཆོས་ཀྱི་རྒྱལ་པོ་འཇིགས་མེད་དབང་བོའི༌྾འཇམ་དཔལ་དབྱངས་དངོས་དཀོན་མཆོག་བསྟན་པའི་སྒྲོན་མེའི༌྾རྡོ་རྗེ་འཆང་དངོས་དཀོན་མཆོག་དགྱེས་བའི་བློ་གྲོས་ཀྱི༌྾རིགས་ཀུན་ཁྱབ་བདག་རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི༌྾སྙན་རྒྱུད་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་དངོས་ངག་དབང་ཆོས་འཕེལ་བའི༌྾མགོན་དེའི་ཐུགས་སྲས་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི༌྾། །འདི་ཡང་རྗེ་ཉིད་ཀྱིས་གསུངས་སོ།། །། དཔལ་གསང་བ་འདུས་བ་འཕགས་ལུགས་ཀྱི་བླ་བརྒྱུད་ཁ་བསྐང་ནི། རྗེ་རིན་པོ་ཆེ་ཡན་རྒྱལ་ཚབ་ཐམས་ཅད་མཁྱེན་བའི་གསུངས་ལྟར་དང༌། དམ་པ་གོང་མ་ཡན་རྗེ་ཉིད་ཀྱི་གསུངས་ལྟར་ལ། དེ་ནས་སྨིན་གྲོལ་གདམས་པའི་གཏེར་མཛོད་འཁོར་ལོའི་མགོན། །བཀའ་དྲིན་མཉམ་མེད་ངག་དབང་ཆོས་འཕེལ་ཞབས། །མགོན་དེའི་སྲས་མཆོག་མཁྱེན་རབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༌྾། །ནང་མཆོད་ཁ་བསྐང་ནི།རིགས་ཀུན་ཁྱབ་བདག་ངག་དབང་ཆོས་འཕེལ་དཔལ་བཟང་བོའི༌྾རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི༌྾།། །།སྟག་ཕུ་རིན་པོ་ཆེའི་གཟིགས་སྣང་སྒྲོལ་མའི་བླ་བརྒྱུད་ཁ་བསྐང་ནི། སྐུ་ཞང་རྡོ་རྗེ་འཆང་ཡན་ཉིད་ཀྱི་གསུངས་ལྟར་ལ། དེ་ནས། སྙན་རྒྱུད་ཟབ་དོན་གདམས་ངག་སྦྲང་རྩིའི་བཅུད། །མཁྱེན་དཔྱོད་འདབ་སྟོང་ལྟོ་བར་ཡོངས་སྨིན་ལས། །སྐལ་ལྡན་བུང་བ་ཚིམ་མཛད་དབྱངས་ཅན་སྡེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འདུ་ཡང་རྗེ་ཉིད་ཀྱིས་གསུངས་སོ།། །།དུས་འཁོར་སྡོམ་ཆེན་གྱི་བླ་བརྒྱུད་ཁ་བསྐང་ནི། མགོན་པོ་ཚེ་དབང་བདེ་མཆོག་རྡོ་རྗེའི་ཞབས། །ཞེས་བ་ཡན་ཆད་དམ་པ་གོང་མའི་གསུངས་ལྟར་ལ། དེ་ནས། འཇམ་དཔལ་དབྱངས་དངོས་བསྟན་པའི་རྒྱལ་མཚན་ལ། །གསོལ་བ༌྾རྒྱལ་ཀུན་འདུས་ཞལ་མཚན་ལྡན་དགེ་བའི་བཤེས། །ཟླ་བྲལ་དཀོན་མཆོག་ཡེ་ཤེས་ཆོས་ལྡན་དང༌། །འཁོར་ལོའི་མགོན་བོ་མཁྱེན་རབ་མཚན་ཅན་ལ། །གསོལ་བ༌྾། །ནང་མཆོད་སྐབས། དང་བོའི་སངས་རྒྱས་བདེ་མཆོག་རྡོ་རྗེའི་འཕྲོར།ཨོཾ་འཇམ་དཔལ་དབྱངས་དངོས་དཀོན་མཆོག་བསྟན་པའི་རྒྱལ་མཚན་ལ༌྾ཨོཾ་མཁས་པའི་གཙུག་རྒྱན་དཀོན་མཆོག་ཡེ་ཤེས་ཆོས་ལྡན་ལ༌྾ཨོཾ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོ་ལ་ན་མཿ །།ཀུན་རིག་བླ་བརྒྱུད་དམ་བ་གོང་མའི་བར་ཉིད་ཀྱི་ཁ་བསྐང་ལྟར་ལ། དེ་ནས། རིགས་བརྒྱའི་ཁྱབ་བདག་ངག་དབང་ཆོས་འཕེལ་ཞབས། །མཁས་བའི་གཙུག་རྒྱན་ཡེ་ཤེས་ཆོས་ལྡན་དཔལ། །རྡོ་རྗེའི་སྲས་མཆོག་མཁྱེན་རབ་རྒྱ་མཚོ་ལ། །གསོལ་བ༌྾།། རྟ་མགྲིན་ཡང་གསང་ལྷ་དགུའི་བླ་བརྒྱུད་ཁ་བསྐང་ནི། དམ་པ་གོང་མའི་འཕྲོར། མཁས་གྲུབ་བསྟན་འཛིན་བྱེ་བའི་ཟུར་ཕུར་རྩེར། །ཞབས་སེན་འཆར་ཁའི་འོད་ཀྱི་རྩེ་དགའ་ཅན། །བགྲང་ཡས་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །ཀུན་མཁྱེན་ངག་དབང་ཆོས་འཕེལ་ལ༌྾བདེ་སྟོང་དབང་དྲག་རོལ་བའི་གཞལ་ཡས་སུ། །སྨིན་བྱེད་དབང་གིས་སྐུ་བཞིའི་ས་བོན་མཆོག །བསྐྲུན་མཛད་མཚུངས་མེད་སྐལ་བཟང་འགྲོ་བའི་མགོན། །འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལ྾། །སྨན་མཆོད་སྐབས། གྲུབ་བའི་དབང་ཕྱུག་དགེ་འདུན་ཕུན་ཚོགས་ཞབས། །ཁྱབ་བདག་དཀོན་མཆོག་བསྟན་པའི་རྒྱལ་མཚན་དང༌། །རིགས་བརྒྱའི་ཁྱབ་བདག་ངག་དབང་ཆོས་འཕེལ་ལ། །རྣམ་དག་དམ༌྾འགྲོ་བའི་འདྲེན་མཆོག་མཁྱེན་རབ་རྒྱ་མཚོ་སོགས། །སྨིན་གྲོལ་གདམས་ངག་མཛོད་ལ་མངའ་བརྙེས་པའི། །དངོས་བརྒྱུད་རིག་འཛིན་བླ་མ་ཐམས་ཅད་ལ། །རྣམ་དག༌྾། ཡང་ན་བླ་རྒྱུད་ཁ་བསྐང་ལ། ངག༷་གི་དབ༷ང་ཕྱུག་ཁྱབ་བདག་རྡོ་རྗེ་འཛིན། །གསང་ཆེན་ཆོ༷ས་ཀྱི་བདུད་རྩིའི་ཆར་རྒྱུན་གྱིས། །དད་པའི་མྱུ་གུ་འཕེལ་བའི་དཔལ་ཡོན་ཅན། །བཀའ་དྲིན་མཚུངས་མེད་བླ་མ་ལ༌྾མཆོག་ཐུན་འདོད་པ་འཇོ་བའི་དཔལ་ཡོན་ཅན། །རྡོ་རྗེ་འཆང་དངོས་ཞབས་སེན་དབང་གི་རྒྱལ། །གནག་སྣམ་རལ་བའི་རྒྱན་དུ་ཉེར་མཛེས་པ། །འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལ༌྾། །སྨན་མཆོད་སྐབས། མཁས་པའི་དབང་ཕྱུག་ར་ཏྲཱ་དྷཱ་ཛའི་ཞབས།།བཀའ་དྲིན་མཉམ་མེད་ངག་དབང་ཆོས་འཕེལ་དང༌། །རྩ་བའི་བླ་མ་མཁྱེན་རབ་རྒྱ་མཚོ་ལ། །རྣམ་དག་དམ་རྫས་བདུད་རྩིས༌྾། །རྗེ་ལུང་རིགས་རྒྱ་མཚོས་མཛད་བའི་སྒྲོལ་དཀར་ཚེ་སྒྲུབ་གྱི་བཟླས་དམིགས་ཁ་བསྐང་ནི། སྙིང་གར་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ། །ལྟེ་བར་ཟླ་སྟེང་ཏཱཾ་ཡིག་སྤེལ་ཚིག་དང༌། །རྩིབས་ལ་ཡི་གེ་བརྒྱད་དང་མུ་ཁྱུད་ལ། །དབྱངས་གསལ་རྟེན་སྙིང་བཅས་ལས་འོད་དཀར་པོ། །འཕྲོས་བས་ནད་གདོན་ཚེ་ཡི་བར་ཆད་ཞི། །ཕྱིར་འཕྲོས་འོད་དཀར་གུར་ཁང་འདོམས་གང་གིས། །ཞི་བའི་ལས་དང་དེ་བཞིན་འོད་སེར་པོས། །ཚེ་བསོད་ལུང་རྟོགས་ཡོན་ཏན་ཤེས་རབ་རྒྱས། །གུར་ཁང་སེར་པོས་བསྐོར་བས་རྒྱས་པའི་ལས། །འགྲུབ་ཅིང་སླར་ཡང་རབ་དམར་འོད་ཟེར་གྱིས། །ཁམས་གསུམ་དབང་སྡུད་གུར་ཁྱིམ་དམར་བོ་ཡིས། །དབང་དང་མཐིང་གའི་འོད་ཀྱིས་ནད་གདོན་བགེགས། །ཚར་བཅད་གུར་གྱིས་དྲག་པོའི་ལས་ཀུན་འགྲུབ། །ལྗང་ཁུས་མཆོག་ཐུན་དངོས་གྲུབ་མ་ལུས་དང༌། །འོད་གུར་གྱིས་བསྐོར་འཕྲིན་ལས་ལས་ཀུན་འགྲུབ། །མཆིན་ཁས་དངོས་གྲུབ་བརྟག་བྱས་གུར་ཁང་གིས། །བྱིན་བརླབ་རབ་བརྟན་བར་མཚས་ཨུ་ཏྭལ་གྱིས། །ཡོངས་གང་གཞིག་བྲལ་སྲུང་བའི་རྭ་བ་བསྒོམས།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།