༄༅།། དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་མཆོག་ཐུན་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

༄༅།།ན་མོ་གུ་རུ་བྷ་ག་ཝ་ཏེ་ཀཱ་ལ་ཙ་ཀྜ་ཡ། འགྱུར་མེད་སྤྲོས་བྲལ་བདེ་ཆེན་ཡེ་ཤེས་ཉིད།། རྟེན་དང་བརྟེན་པའི་རྣམ་འགྱུར་འབྱམས་ཀླས་པར།། ཡོངས་ཤར་བླ་མ་དུས་ཀྱི་འཁོར་ལོ་ཡིས།། བྱིན་ཆེན་ཤིས་པ་དམ་པས་སྐྱོང་གྱུར་ཅིག། །བདེ་སྟོང་ཟུང་འཇུག་ཡེ་ཤེས་མེ་ལྕེ་ཡིས།། སྒྲིབ་གཉིས་བུད་ཤིང་བསྲེགས་མཛད་དུས་འཁོར་ལོ།། མཉེས་བྱེད་སྦྱིན་སྲེག་བཀླགས་ཆོག་སྤེལ་བ་ལ།། བླ་མ་ཡི་དམ་སྲུང་མས་གནང་བ་སྩོལ།། དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ནི། དབང་ལེའི་ཚིགས་བཅད་དོན་གཅིག་པར། ཟླུམ་པོའམ་ནི་རིག་བྱེད་ཟུར་དག་རིགས་ཀྱི་དབང་གིས་ཞི་དང་རྒྱས་པ་དག་གིས་ཐབ་ཏུ་འགྱུར།། ཞེས་དང༌། དེའི་ཐད་ཀྱི་འགྲེལ་ཆེན་དུ། ཞི་བ་ལ་ཟླུམ་པོ་དཀྱིལ་འཁོར་གྱི་ཕྱེད་དོ།། ཞེས་སོགས་ཀྱི་སྐབས་སུ་གསུངས་པའི་ཐབ་ཀྱི་དབྱིབས་དང་ཁ་དོག་ཆ་ཚད་བསྲེག་རྫས་དང་མཆོད་རྫས་ཀྱི་རྣམ་བཞག་སོགས་རྒྱུད་འདི་ནས་བཤད་པའི་དཀྱིལ་འཁོར་ཐམས་ཅད་ལ་འདྲ་བར་མངོན་ཏེ། རྫས་ལ་སོགས་པའི་ངེས་པ་སྔགས་པས་རིག་བར་བྱའོ།། ཞེས་དང༌། ཊིཀ་ཆེན་ལས། རྒྱུད་འདིར་གསུངས་པའི་རྣལ་འབྱོར་གྱི་རྒྱུད་འདུས་བ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་དང་རྣལ་འབྱོར་མའི་རྒྱུད་སྡོམ་པ་ཆེ་ཆུང་ལ་སོགས་པ་ཐམས་ཅད་ལ་ཚུལ་དེ་ལྟར་བྱ་བ་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ཞེས་གསུངས་བས། དེས་ན་ཐབ་དང་མཆོད་རྫས་བཤམས་ཚུལ་སོགས་འཇམ་དབྱངས་དགོངས་རྒྱན་ལྟར་བྱ། ངག་འདོན་དངོས་ལའང་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྒྲུབ་མཆོད་དང་འབྲེལ་ན་སྒོ་དབྱེ་བའི་རྗེས་སུ་ཐིག་གི་ཕྱི་རོལ་ཏུ་འཁོད་ནས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཤུགས་སུ་གསལ་བར་གྱུར།འདིར་ཐབ་བསྲུང་བའི་ཁྲོ་བོ་བསྐྱེད་པ་སོགས་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་བས་མཛད་པའི་སྦྱིན་སྲེག་ཏུ་མི་སྣང་བསམ་བྱས་ཀྱང་ཆད་སྐྱོན་མེད་པར་སེམས་ཤིང༌། དབང་པོའི་ཚིགས་བཅད་དོན་བཞི་བར། ཐབ་ཀྱི་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཁྲོ་བོའི་རྒྱལ་པོ་ལྷ་མོར་བཅས་བས་བསྲུང་བ་བྱས་ནས་ནི། ཞེས་དང༌། འགྲེལ་ཆེན་ལས། སྔགས་ཀྱི་ཚིགས་རྣམས་ཀྱིས་ཕུར་བ་བཏབ་སྟེ། ཞེས་བགེགས་ཕྱིས་མི་འཇུག་པའི་ཆེད་དུ་ཁྲོ་བོ་བསྒོམ་པ་དང༌། སྔར་ཡོད་ཀྱི་བགེགས་ལ་ཕུར་གདབ་བྱ་བར་གསུངས་པས། སྤྲོ་ན་འཇམ་དབྱངས་ཐུབ་བསྟན་ཉི་མས་མཛད་པའི་སྦྱིན་སྲེག་ལྟར་བྱས་ན་ལེགས་སོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རང་གི་རྐང་མཐིལ་གཉིས་སུ་ཧཱུཾ་ལས་རྡོ་རྗེ་འབར་བ་རེ་རེ་བསམ་ཞིང་རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱས་རེག་སྟེ་བྱིན་གྱིས་བརླབས་ལ་རྡོ་རྗེ་ཤུགས་ཀྱི་སྔགས་རྒྱས་ཡིད་ཀྱི་རི་མོ་བཏེགས་པར་བསམ་ནས་སྒོའི་ངོས་ནས་ཞུགས་ཐབ་ལ་གཡས་བསྐོར་བྱས་ཏེ་གདན་དབུས་མར་དཀྱིལ་ཀྲུང་གིས་འཁོད་ནས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཤུགས་གཙོ་བོའི་སྐུའི་ཞལ་གཙོ་བོར་བྱས་པའི་ཞི་བའི་ཉམས་ཅན་དུ་གྱུར། དེའི་གཙུག་ཏོར་དུ་ཨ་ལས་མི་བསྐྱོད་པ་ལྗང་གུ། ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག།།དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། དཔྲལ་བར་ཨུ་ལས་འོད་དཔག་མེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱ་བ་དང༌། མེ་ལོང༌། བགྲང་ཕྲེང་འཛིན་པ། མགྲིན་པར་རཾ་ལས་རིན་འབྱུང་དམར་པ། དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ། སྙིང་གར་ཨི་ལས་དོན་གྲུབ་ནག་པོ། ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི༌། གྲི་གུག།།རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊཱི་ག་དཀར་པོ་འཛིན་པ། ལྟེ་བར་ལཾ་ལས་རྣམ་སྣང་སེར་པོ། སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང༌། རྡོ་རྗེ་ལྕགས་སྒྲོག།།སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། གསང་གནས་སུ་ཨཾ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག། དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པར་གྱུར། བསྡུ་བ་ལ་མོས་ན། དེའི་གཙུག་ཏོར་དུ་ཨ་ལས་མི་བསྐྱོད་པ། དཔྲལ་པར་ཨུ་ལས་སྣང་མཐའ། མགྲིན་པར་རཾ་ལས་རིན་འབྱུང༌། སྙིང་གར་ཨི་ལས་དོན་གྲུབ། ལྟེ་བར་ལཾ་ལས་རྣམ་སྣང༌། གསང་བར་ཨཾ་ལས་རྡོར་སེམས་རྣམས་འཁོད་པར་གྱུར། སྒྲུབ་མཆོད་དང་མ་འབྲེལ་ན། ཨོཾ་ཨཱཿ ཧཱུཾ་ཧྲཿ ཕཊ། བརྒྱ་རྩས་བསང་ཆུ་བསྒྲུབ་ནས་སྔགས་དེ་ཉིད་ཀྱིས་བསང་ཆུའམ་རྣམ་རྒྱལ་ཆེན་པོའི་དུང་ཆོས་ཀྱི་ཆུས་བསང་གཏོར་བྱས་ཏེ། རང་དང་ཐབ་བསྲེག་རྫས་རྣམས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ནམ་མཁའི་ཁམས་མཐའ་ཡས་པའི་ཆོས་འབྱུང་གི་ནང་དུ་ཞེས་པ་ནས་སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་བའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་གུར་གྱི་ནང་དུ་བྷྲཱུཾ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་ཟླུམ་པོ་སྒོ་གཅིག་པ། རྟ་བབས་དང་བཅས་པ་ནོར་བུའི་འོད་ཟེར་རྣམ་པར་འཕྲོ་བ། ནོར་བུ་གསེར་གྱི་རང་བཞིན་ཅན་གྱི་རྒྱལ་མཚན་རྣམ་ཀྱིས་མཚན་པར་གྱུར། ཡིག་དྲུག་གིས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་གི་སྟེང་དང་ཕྱོགས་བཞིར་ཨཾ་ལས་ཟླ་བ། འོག་དང་མཚམས་བཞིར་རཾ་ལས་ཉི་མའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་ཁྲོ་བོ་བཅུའི་ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས། རང་རང་གི་ས་བོན་གྱི་ཡི་གེ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བཅུའི་སྐུར་ཡོངས་སུ་རྫོགས་པར་གྱུར་པ་ནི། སྟེང་དུ་ཧཾ་དང་རྡོ་རྗེ་ལས་སྐྱེས་པའི་གཙུག་ཏོར་ཅན་ལྗང་གུ། ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག།།དགྲ་སྟ་གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། ཤར་དུ་ཡཾ་དང་རལ་གྲི་ལས་སྐྱེས་པའི་བགེགས་མཐར་བྱེད་ནག་པོ། ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི༌། གྲི་གུག།།རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པ། ལྷོར་རཾ་དང་རིན་པོ་ཆེ་ལས་སྐྱེས་པའི་ཤེས་རབ་མཐར་བྱེར་དམར་པོ།། དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ། བྱང་དུ་ཝཾ་དང་པདྨ་ལས་སྐྱེས་པའི་པདྨ་མཐར་བྱེད་དཀར་པོ།དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པ་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱ་བ་དང༌། མེ་ལོང༌། བགྲང་ཕྲེང་འཛིན་པ། ནུབ་ཏུ་ལཾ་དང་འཁོར་ལོ་ལས་སྐྱེས་པའི་གཤིན་རྗེ་མཐར་བྱེད་སེར་པོ།སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང༌། རྡོ་རྗེ་ལྕགས་སྒྲོག།།
སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། མེར་ཡཱ་དང་དབྱུག་པ་ལས་སྐྱེས་པའི་དབྱུག་སྔོན་ཅན་ནག་པོ། ནག་དམར་དཀར་པའི་ཞལ་གསུམ་ཕྱག་གི་གཡས་པ་གསུམ་ན་རལ་གྲི། གྲི་གུག།།རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པ།བདེན་བྲལ་དུ་རཱ་དང་མདའ་ལས་སྐྱེས་པའི་འདོད་པའི་རྒྱལ་པོ་དམར་པོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་པ་གསུམ་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་བ་འཛིན་པ། དབང་ལྡན་དུ་ཝཱ་དང་གཏུམ་ཤིང་ལས་སྐྱེས་པའི་མི་གཡོ་བ་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱ་བ་དང༌། མེ་ལོང༌། བགྲང་ཕྲེང་འཛིན་པ། རླུང་དུ་ལ་དང་བེ་ཅོན་ལས་སྐྱེས་པའི་སྟོབས་པོ་ཆེ་སེར་པོ།སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང༌། རྡོ་རྗེ་ལྕགས་སྒྲོག།།སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། འོག་ཏུ་ཧ་དང་རྡོ་རྗེ་རྩེ་གསུམ་ལས་སྐྱེས་བའི་གནོད་མཛེས་སྔོན་པོ།སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག།།དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་རྣམས་རང་རང་གི་ས་བོན་དང་ཕྱག་མཚན་ལས་སྐྱེས་པའི་ཤེས་རབ་མ་དང་བཅས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ ཧཾ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡུམ་རྣམས་ཀྱིས། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་བཱྀ་མ་ཉྩ་དྷ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བདུད་རྩིའི་ཆུས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར། གནྡྷྃྃ་སོགས་ཀྱིས་མཆོད། རྐང་བ་བདུན་ཅུ་བ་ཚར་གཅིག་བརྗོད། གདན་གསུམ་ཡིག་དྲུག་གིས་བསངས། ཤཱུནྱ་ཏཱས་སྦྱངས། སྟོང་བའི་ངང་ལས་གདན་གསུམ་ཡང༌། བཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། པདྨས་མཚན་པར་གྱུར། རྫས་རྣམས་ཡིག་དྲུག་གིས་བསངས། ཤཱུནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་སྦོཾ་ལས་བྱུང་བའི་རིན་པོ་ཆེའི་ཤེལ་གྱི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་ལ་སོགས་པ་རྣམས་རང་བཞིན་སྟོང་པ་ཉིད་དང་བདེ་བ་ཆེན་པོ།རྣམ་བ་མཆོད་རྫས་དང་བསྲེག་རྫས་སོ་སོའི་རྣམ་པ་ཅན།བྱེད་ལས་དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨ຋ᨗ་ཧཾ་ཨཱཿ ཧཱུཾ། ཞེས་སོགས་ཆུ་བཞི། ལྷ་མོ་བཅུ་གཉིས། ཉེར་སྤྱོད་རོལ་མོ་རྣམས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་མཇུག་ཏུ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད། རྫས་སྦྱོར་བའི་ཕྱག་རྒྱ་བཅིངས་ལ།ཨོཾ་སྭཱ་ཧཱ་ཞེས་བས་རྫས་རྣམས་བཀྲུས་བར་བསམ། ཨོཾ་ཨཱཿ སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱིཾ་སྭཱཧཱས་མར་ཁུ། ཨི་ཛྲ་སྭསྟས་འབྲུ།ཨོཾ་ཀུ་རུ་ཀུ་རུ་སྭཱཧཱས་དེ་དག་ལས་གཞན་བའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་བདུད་རྩི་ལྔའི་རང་བཞིན་དུ་གྱུར། རྡོ་དྲིལ་བསངས་སྦྱངས་བྱས་ལ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། དེ་ནས་ཐབ་ཡིག་དྲུག་གིས་བསངས། ཤཱུནྱ་ཏཱས་སྦྱངས། ཐབ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཧཱུཾ་ལས་མེ་ཐབ་ཟླུམ་པོ་རྒྱར་ཁྲུ་གང་བ། ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་མཚན་མ་དགུ་དང་ལྡན་པ། དབུས་སུ་ཁྲུ་བྱེད་པ། མཆུ་དང་རེ་ཁཱའི་དཀྱིལ་འཁོར་དང་ཁ་ཁྱེར་དང་བཅས་ཤིང༌། ཁ་ཁྱེར་ལ་པདྨའི་ཕྲེང་བས་ཀུན་ནས་བསྐོར་བ། ཁ་ཁྱེར་འོག་ཏུ་པདྨའི་འདབ་མས་བསྐོར་བ་དྭངས་ཤིང་ཐོགས་པ་མེད་པར་གྱུར།ཞི་རྐྱང་གི་ཐབ་ཏུ་དུར་བ་བཀྲམ་པར་འགྲེལ་ཆེན་ལས་གསུངས་བ་ལྟར་དུར་བ་རྩ་རྩེ་མཉམས་པ་ལག་ཏུ་བཟུང་ནས།ཨོཾ་བཛྲ་སཏྭ་ཨ།ལན་བདུན་བཟླས་ལ་ཁ་ཁྱེར་གྱི་འོག་གི་པདྨའི་ཕྱི་རོལ་གྱི་སའི་གཞིར་འགོད་པར་ཊིཀ་ཆེན་ལས་གསུངས་སོ།། དེ་ནས་སྦྱིན་སྲེག་གི་མེ་ལ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བསྲུང་ཞིང༌། ཡིག་དྲུག་བཟླས་ལ་མེ་སྤར། སླར་ཡང་ཡིག་དྲུག་བརྗོད་དེ་བསང་གཏོར་ལན་གསུམ་བྱས་ནས་རྩའི་ཆུན་པོ་དང་ལྷན་ཅིག་ཐབ་ཏུ་བཅུག་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད། ༼ཧཾཀཥཡལཝརཡ༽་ཞེས་པས་རླུང་གཡབ་ཀྱིས་མེ་སྤར། ཨོཾ་ཨཱཿ ཧཱུཾ་ཧོ༌༼ཧཾཀཥཡལཝརཡ༽་སྭཱཧཱ། ཞེས་མར་ཁུ་བླུག་གཟར་བདུན་གྱིས་མེ་གསོ། གཉིས་པ་དངོས་གཞིའི་ཆོ་ག་ལ་གསུམ་ལས། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ། ཡིག་དྲུག་གིས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་དབུས་སུ་མེ་ལྷའི་གདན་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། རང་གི་སྙིང་ག་དང་ཐབ་གཉིས་ཀ་ལ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་པདྨ་ཡོངས་སུ་གྱུར་པ་ལས་མེ་ལྷ་དཀར་པོ་ཞི་བའི་ཉམས་ཅན་ཞལ་གཅིག་ཕྱག་བཞི་པ་གཡས་པ་གཉིས་ན་པདྨ་དང་ཤེལ་ཕྲེང༌། གཡོན་པ་གཉིས་ན་རིལ་བ་དང་དུང་འཛིན་པ།གོས་དཀར་པོ་ཅན་མུ་ཏིག་ལ་སོགས་པ་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་པ། པདྨའི་འདུག་སྟངས་ཀྱིས་བཞུགས་པ།ཟླ་བའི་ལྕེ་ཡོངས་སུ་དག་པའི་རང་བཞིན་ཅན་དུ་གྱུར་བ་ལ་ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས་བསྲུང་བར་གྱུར་པར་བསམ། ཨོཾ་ཨཱཿ ཧཱུཾ་ཧྲཿ ཕཊ། ཅེས་བརྗོད་ཅིང་དྲིའི་ཆུས་བསང་གཏོར་བྱ། སྙིང་གའི་མེ་ལྷའི་སྙིང་གར་ཡི་གེ་ཛཿ ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བར་གྱུར། པར་བསམ་ལ། ཛཿ ཧཱུཾ་བཾ་ཧོཿ ཧི། རང་གི་སྙིང་ག་ནས་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་ཏུ་ནང་གི་མེ་ལྷ་སྤྱན་དྲངས། ཨོྃ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀཱ་མ་ཨརྠ་ས་དྷ་ཀ་ཀཱ་རུ་ཎི་ཀྲྀ་ཏ་ས་ཏྭ་ཨ་རྠ་ཨསྨིནྣ་ཧི་ཏོ་བྷ་ཝ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ནང་གི་མེ་ལྷ་ཐབ་ནང་གི་མེ་ལྷ་ལ་དབྱེར་མེད་དུ་ཐིམ་པར་གྱུར། །གཡས་པ་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གཡབ་ཅིང༌། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག།
འོད་ཟེར་ཆེན་པོའི་མཚོན་བཟུང་ནས།། འདིར་ནི་ཡང་དག་བསྟེན་པར་མཛོད།། རྡོ་རྗེ་འཆང་གི་བཀའ་བཞིན་མཛོད།། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་གྲི་ཧཱི་ཏྭཱ་ཡུ་དྷ་མ་ཧཱ་ཨསྨིན་ཨསྨིན་ས་ནྣི་ཧེ་ཏོ་བྷ་བཱ་བཛྲ་དྷ་ར་ཨ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། མེ་མཚམས་ཀྱི་རི་རབ་ཀྱི་རྭ་ལ་གནས་པའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བྱོན་ནས་ཐབ་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར་པར་བསམ་ལ། ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཐབ་ནང་དུ་འདོར་བར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས་སོ།། དེ་ནས་ཕྱག་རྒྱ་དང་བཅས་བསང་གཏོར་དང་མཆོད་ཡོན་འོག་ནས་འབྱུང་བ་ལྟར་འབུལ།ཨོཾ་ཨཱཿཧཱུཾཧོ་ཧཾ་ཀྵཿཧྲཱཿཧྲཱཿཧྲཱཿཧྲཱཿར་ར་ར་ར་བཛྲ་ཨཱ་ན་ལ་སརྦ་ཨཱ་ཝ་ར་ཎ་དྷ་རྨཱ་པྲ་ལ་ཡ་སྭ་བྷཱ་ཝ་ས་རྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀ་ཨཱ་དཱི་ནཱྃ་ད་ཤ་དིག་ག་ཏཱ་ནཱཾ་ཀཱ་ཡ་ཝཱ་ཀ་ཙི་ཏྟ་ནི་ད་ཧ་ད་ཧ་བ་ཙ་བ་ཙ་བྷསྨི་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་ཕྱི་འབྲང་གི་བགེགས་བསྐྲད། ཛཿ ཧཱུཾ་བཾ་ཧོཿ ཧི། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ། སླར་ཡང་ཞེས་པ་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། རྡོ་རྗེ༌གསོར་དྲིལ་བུ་དཀྲོལ་ཏེ་དབང་དུ་བྱའོ།། དེ་ནས་ཀུ་ཤའི་མོས་མཆོད་ཡོན་གྱི་སྣོད་ནས་དྲིའི་ཆུ་བླངས་ལ། བཟེད་ཞལ་དང་བོར་མཐེ་བོས་མཛུབ་མོ་མནན་ནས་ལན་གསུམ་ཆུ་ཡིས་བསང་གཏོར་བྱ་ཞིང༌། ཨོཾ་མ་ཧཱ་ར་སྨིན་བྲོཀྵ་ཎཾ་པྲ་ཏཱི་ཙྪ་སྭཱཧཱས་བསང་གཏོར་སྐུ་ལ་དང༌། ཨོཾ་པྲ་ཝཱ་ར་སད་ཀཱ་རཾ་མ་ཧཱ་རསྨིན་པྲ་ཏཱིཙྪ་སྭཱཧཱས་བཟེད་ཞལ་དང་པོར་རྡོ་རྗེ་སྙིམ་པ་ཁ་ཕྱེ་བས་མཆོད་ཡོན་གྱི་སྣོད་ནས་ཆུ་དང་བཅས་པའི་མེ་ཏོག་གིས་མཆོད་ཡོན་མདུན་དུ་དང༌། བཟེད་ཞལ་གཉིས་པར་ཞལ་བསིལ་གྱི་སྣོད་ནས་མཐེ་བོང་དང་མཛུབ་མོས་མེ་ཏོག་བླངས་ཏེ་ཁུ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་འཛུབ་མོའི་བར་རིམ་གྱིས་དཀྲོལ་ཞིང༌། ཨོཾ་མཧཱ་རསྨིན་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱཧཱས་ཞལ་བསིལ་ཕྱག་དང་ཞལ་དུ་འབུལ། དེ་ནས་དྲིལ་བུ་དཀྲོལ་ཞིང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས།། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད།དེ་ནས་མཆོད་པ་རང་རང་གི་ཕྱག་རྒྱ་དང་བཅས་པས།
ཨོཾ་མཧཱ་རསྨིན་བཛྲ་གནྡྷཾ་སོགས་ལྷ་མོ་བཅུ་གཉིས་དང༌། ཨོཾ་མཧཱ་རསྨིན་བཱ་ཏྱཾ་ནས་ཤབྷ་པྲ་ཏྭིཙྪ་སྭཱ་ཧཱ། ཨོཾ་མ་ཧཱ་རསྨིན་ན་མཿ ཞེས་ཉེར་སྤྱོད་རོལ་མོ་ནང་མཆོད་བཅས་འབུལ། དེ་ནས་རྡོ་རྗེ་ཁུ་ཚུར་བཅིངས་པ་གྲུབ་པའི་རིགས་ཀྱི་ཕྱག་རྒྱའམ། ལག་པ་གཉིས་འཇིག་རྟེན་པའི་ཁུ་ཚུར་དུ་བྱས་ལ་གཡས་པ་འབར་བ་ལྟར་བྱས་པ་མེ་ལྷའི་དམ་ཚིག་ཕྱག་རྒྱ་བྱས་ཏེ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨིན་ཀུ་རུ་སརྦ་དུ་ཥྜན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿཧུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཏ་ཧཾ། ལན་གསུམ་གྱིས་མེ་ལྷ་དམ་ཚིག་ལ་གནས་པར་བསམ་ལ། ལག་པ་གཉིས་བུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་འཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང༌། གཡས་པས་ཕྱག་རྒྱ་དེ་ཉིད་ཁ་འོག་ཏུ་བལྟས་པས་བླུགས་གཟར་གྱི་ཡུ་བ་བཟུང་སྟེ། གཡོན་བའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་བྱས་ལ། དགང་བླུགས་ཀྱི་ཁ་ལ༌༼ཧོཾཀཥམལཝརཡ༽་གི་ཡི་གེ་ཟེར་དང་བཅས་པ་དང༌། མེ་ལྷའི་ཞལ་འཛུམ་པ་དང་བཅས་པ་ཅུང་ཟད་གདངས་པའི་ལྕེ་ལ་རཾ་ཡིག་གིས་མཚན་པར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨཱ་ན་ལ་སརྦ་བྷུ་ཏ་ན་ཛྭ་ལ་ཡ་སརྦན་རསྨིན་ཀུ་རུ་སརྦ་ཛ་ནུ་དུཤྚཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་མར་ཁུ་བདུན་ཕུལ་ཏེ་གསོལ་བ་བཏབ་པས་འཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་ཞིང༌། མེ་བྲ་བརྟགས་ལ་ངན་ན་བསྲེག་སྔགས་བཟླ་བ་སོགས་བཟློག་ཐབས་གཞན་ལས་ཤེས་པར་བྱའོ། །ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨ་ན་ལ་སོགས་ཀྱིས་ཡམ་ཤིང་ཕུལ་བའི་མཐར། ཨོྃ་བོ་དྷི་པྲྀཀྵ་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཀྲ་མི་ཤེས་པ་རྣམས་དང༌། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང༌། ཆོ་ག་དང་སྔགས་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ན་མཿ ཞེས་པ་དང༌། དེ་ནས་རྫས་ཐམས་ཅད་མེ་ལྷའི་སྔགས་ཀྱིས་འབུལ་བ་འདྲ་ལ། རྫས་སྔགས་དང་སྤེལ་ཚིག་ནི། མར་ཁུ་ལ། ཨོཾ་ཨགྣེ་ཡ། བདག་ཅག་ཅེས་པ་ནས། ཁྱད་པར་དུ་འབྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང༌། ཆོ་ག༌྾྾ཏིལ་ལ། ཨོཾ་སརྦ་བཱ་བཾ་ད་ཧ་ན་བཛྲ་ཡེ། བདག་ཅག་ཅེས་པ་ནས་ཁྱད་པར་དུ་སྡིག་པ་ཐམས་ཅད་དང་། ྾྾སོ་བ་ལ། ཨོཾ་བཛྲ་བི་ཛ་ཡེ། བདག་ཅག་ནས་ཁྱད་པར་དུ་ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་དང༌྾྾འབྲས་མ་བྱུག་པ་ལ། བཛྲ་པུཥྚ་ཡེ། བདག་ཅག་ནས་ཁྱད་པར་དུ་བསོད་ནམས་རྒྱས་པ་ལ་྾྾ནས་ལ། མ་ཧཱ་པེ་གཱ་ཡེ། བདག་ཅག་ནས་ཁྱད་པར་དུ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་྾྾སྲན་མ་ལ། མཧཱ་བཱུ་ལ་ཡེ། བདག་ཅག་ནས་ཁྱད་པར་དུ་སྟོབས་ཕུན་སུམ་ཚོགས་པ་ལ྾྾གྲོལ། བཛྲ་གསྨ་རི། བདག་ཅག་ནས་ཁྱད་པར་དུ་ནད་ཐམས་ཅད་དང༌྾྾དུར་བ་ལ། བཛྲ་ཨ་ཡུ་ཥེ། བདག་ཅག་ནས་ཁྱད་པར་དུ་ཚེ་མཐར་ཕྱིན་ལ་བར་དུ་གཅོད་པ་དང༌། ཆོ་ག་དང༌྾྾ཤཱནྟིཾ་ཀུ་རུ་ན་མཿ སླར་ཡང་ཨོཾ་བཛྲ་ཨ་ན་ལ་སོགས་ཀྱིས་མར་ཁུ་ལན་བདུན་དང༌།དེ་ནས་ཆུ་བཞི་ཉེར་སྤྱོད་རོལ་མོ་སླར་ཡང་ཞལ་བསིལ་བསང་གཏོར་རྣམས་སྔར་ལྟར་ཕུལ་ནས། མེ་ལྷ་ཚིམ་ནས་མེ་འབར་བའི་རྣམ་པར་གྱུར་པར་བསམ། གཉིས་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ཨོཾ་ཨཿ ཧཱུཾ་ཧྲཿ ཕཊ་ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ་ནམ་མཁའི་ཁམས་མཐའ་ཡས་པའི་ཆོས་འབྱུང་གི་ནང་དུ་ཞེས་པ་ནས་འོད་ཟེར་འབར་བས་བསྐོར་བར་གྱུར། ཅེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དེ་ནས་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་སྐབས་འདིར་ལས་ཀྱི་རྡོ་རྗེས་ལྷ་རྣམས་ཀྱི་སྔགས་བརྗོད་ནས་མེ་ཏོག་བླངས་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ལས་རང་འདྲ་གཉིས་པ་རེ་སྤྱན་དྲངས་ལ། མེ་ཏོག་དེ་ཉིད་སློབ་དཔོན་གྱིས་ཐབ་ཏུ་དོར་ཞིང་སྔགས་བརྗོད་པའི་ལྷ་རྣམས་རང་རང་གི་གདན་ལ་བཞུགས་པར་བསམ་ལ། ལྷ་རྣམས་དཀྱིལ་འཁོར་གྱི་ལྷ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་ཏེ་ཐབ་ནང་གི་མེ་འབར་བའི་གཞལ་ཡས་ཁང་གི་ནང་གི་གདན་སོ་སོའི་སྟེང་དུ་གཙོ་བོའི་སྐུ་ཞལ་གཙོ་བོར་གྱུར་པའི་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་དུ་འཁོད་པར་གྱུར། ཅེས་བརྗོད། སྒྲུབ་མཆོད་དང་མ་འབྲེལ་ཚེ། ཐབ་ཀྱི་ནང་དང་རང་གི་སྙིང་གར་དཀྱིལ་འཁོར་གྱི་ལྷ་རྣམས་རིམ་བ་བཞིན་གྲུབ་པར་གྱུར་བ་ནི། ཐབ་ཀྱི་དབུས་ཀྱི་གདན་དང་རང་གི་སྙིང་གར་དབུས་སུ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་དཔལ་དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲ་བའི་སྡོམ་པ་ཆེན་པོ་ཞེས་པ་ནས་ཐོད་པ་བརྒྱད་དེ་བདེ་བ་ཆེན་པོའི་འཁོར་ལོ་ཞེས་བའི་བར་སྒྲུབ་ཐབས་ལྟར་ལ། ལྷ་གཞན་རྣམས་བསྐྱེད་ཚུལ་ནི། ཨ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་ལྗང་གུ་ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག།།དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་ཤེར་ཕྱིན་མས་འཁྱུད་པ་གཙོ་བོའི་ལུས་ལ་དབྱེར་མེད་དུ་ཞུགས། ཨ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་གུ་ཞེས་པ་ནས་ཚངས་མགོ་འཛིན་པ་ལ་རྡོ་རྗེ་སེམས་དཔས་འཁྱུད་པ་རྡོ་རྗེ་མཁའ་འགྲོ་མ་ལ་དབྱེར་མེད་དུ་ཞུགས། སླར་ཡང་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་གཙོ་བོ་ལ་ཞུགས་ཤིང༌། ཤེར་ཕྱིན་མ་ལ་མི་བསྐྱོད་པས་འཁྱུད་པ་རྡོ་རྗེ་མཁའ་འགྲོ་མ་ལ་དབྱེར་མེད་དུ་ཞུགས་པར་གྱུར། ཅེས་པ་ནས། གཟུང་མ་དཔག་ཏུ་མེད་པ་འདོད་ཡོན་གྱི་སྣམ་བུའི་སྟེང་དུ་འཁོད་པར་གྱུར། ཅེས་བའི་བར་གྱི་ཡུམ་གྱི་པདྨ་ནས་སྤྲོས་ཏེ་ཞེས་པའི་ཚིག་དོར་བ་ལས་གཞན་འདྲ། རང་གི་སྙིང་གར་ཡི་གེ་ཛཿ ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོས་བར་གྱུར། ཛ་ཧཱུཾ་བཾ་ཧོཿ ཧི། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་སྙིང་གའི་ལྷ་རྣམས་དང་དབྱེར་མེད་དུ་གྱུར། རང་གི་སྙིང་ག་ནས་དབུགས་ཕྱིར་བྱུང་བ་དང་ལྷན་ཅིག་ཏུ་ནང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས། ཐབ་ཀྱི་དཀྱིལ་འཁོར་ཀྱི་ལྷ་ཚོགས་དང་དབྱེར་མེད་དུ་གྱུར། དེ་ནས་ཕྱིའི་ཡེ་ཤེས་སྤྱན་དྲངས་ཏེ་མཉམ་དུ་བྱ་བ་ནི། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌།། མཆོག་གི་རྡོ་རྗེ་སེམས་དཔའ་དང་ནི་གཤེགས་སུ་གསོལ། །རང་གི་སྙིང་གར་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་ཞེས་པ་ནས་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་ཤུགས་རང་གི་སྙིང་གར་ཐིམ། གནྡྷཾ་ནས་ཀཱ་མེའི་བར་གྱིས་མཆོད་པ་དང༌། བིགྷན་ཏ་ཀ་ཧི་ཞེས་པའི་བར་རྣམས་སྒྲུབ་ཐབས་བཞིན་བྱས་ནས། རང་གི་སྙིང་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས། གནྡྷཾ་སོགས་ཀྱིས་མཆོད། དབང་གི་ལྷ་རྣམས་ཀྱིས་འདི་དག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་ཨཱ་ཨཱི་སོགས་ནས་སྭཱ་ཧཱ། ཞེས་ཡུམ་ལྔས་བདུད་རྩིའི་ཆུས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར་པར་བསམ། དེ་ནས་སྤྲོ་ན། ཨོཾ་ཨཱཿ ཧཱུཾ་ཧོཿ ཁམས་གསུམ་དབང་ཕྱུག་ཅེས་ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན་ཨོཾ་ཤཱི་ཀཱ་ལ་ཅ་གྲ་བཛྲ་བྷཻ་ར་ཝ་བྷི་སྐ་ར་ས་པ་རི་ཝ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་པྲོཀྵ་ཎཾ་ཞེས་པའི་ཚབ་ཏུ། ཨ຋ᨗ་དང་ཨཉྩ་མ་ཎཾ་བཅུག་སྟེ་ཆུ་གསུམ་དང༌། ཨོཾ་ཤྲི་ཀཱ་ལ྾྾ནས་གནྡྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ནས་ཀཱ་མེའི་བར་ལྷ་མོ་བཅུ་གཉིས་ཀྱིས་མཆོད། པཱདྱཾ་པྲ་ཏཱི་ཙྪ་ནས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་བསྟོད། ཨོཾ་ཤྲི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ན་མཿ ཞེས་ནང་མཆོད་འབུལ།དགང་བླུགས་མར་གྱིས་བཀང་བ་སྔར་བཞིན་བཟུང་ནས།ལྷ་རྣམས་ཀྱི་ཞལ་འཛུམ་པ་དང་བཅས་བ་ཅུང་ཟད་གདངས་པའི་ལྗགས་ལ་ཨོཾ་ཨཱཿ ཧཱུཾ་༼ཧཾཀཥམལཝརཡ༽་འོད་ཟེར་དང་བཅས་པས་མཚན་པར་གྱུར། ཨོཾ་སརྦ་བཱ་བཾ་ད་ཧ་ན་བཛྲ་ཨགྣེ་བ་སཏྭ་སརྦ་བྵ་བཾ་ད་ཧ་ད་ཧ་སྭཱ་ཧཱ། ལན་བདུན་གྱི་མཐར་སྤེལ་ཚིག་སྦྱར་བར་པཎ་ཆེན་དཔལ་ལྡན་ཡེས་ཤེས་ཀྱིས་གསུངས་སོ། །དེ་ལྟར་འདོད་དོན་ལ་གསོལ་བ་བཏབ་པས་འཕྲིན་ལས་མཛད་པ་ཞལ་གྱིས་བཞེས་པར་བསམ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར་པར་བསམ། ཨོཾ་ཨཱཿ ཧཱུཾ་ཧོ༌ ༼ཧཾཀཥམལཝརཡ༽ ་ཧཱུཾ་ཕྲེཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོྃ་བོ་དྷི་པྲྀཀྵ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས་ཤཱིནྟཾ་ཀུ་རུ་ན་མཿ ཞེས་དུར་བའི་བར་གྱི་རྫས་ཐམས་ཅད་འདས་ལྷའི་སྔགས་ཀྱིས་འབུལ་བ་ལས་གཞན་རྫས་སྔགས་སྤེལ་ཚིག་གོང་ལྟར་ལ་ཡམ་ཤིང་གཉིས་གཉིས་སམ་རེ་རེ་དུར་བ་གཉིས་གཉིས་སྦྱར་ཏེ་འབུལ་བར་གསུངས་སོ།།གྲངས་ནི་ཡམ་ཤིང་དང་མར་ཁུ་གཉིས་ལ་བརྒྱ་རྩ་བརྒྱད་དང་ལྷག་མ་རྣམས་ལ་བདུན་ནམ་ཉེར་གཅིག་སོགས་གང་མོས་འབུལ། དེས་ན་སྡོམ་ཆེན་གྱི་སྐབས་འདིར་ཀླུ་སོགས་རྗེས་འབྲང་གི་ལྷ་ཙམ་ལས་རྩ་བའི་ལྷ་མ་ཡིན་པར་གསུངས་པས། དེས་ན་ནུས་མ་ནས་སྒོ་མཚམས་མའི་བར་གྱི་སྔགས་བཟླས་ནས་རྩ་བའི་ལྷ་རྣམས་ལ་རྫས་རྣམས་ཕུལ་ཏེ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བསྟན་པ་དར་ཞིང༌། བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འགལ་རྐྱེན་པར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་སྤྱི་འགྲོ་དང༌། དམིགས་བསལ་གྱི་ཚེ། མི་མཐུན་པའི་ཕྱོགས་དང་ཁྱད་པར་དུ་ཡང་ཆོ་ག་དང་སྔགས་ཆད་ལྷག་གི་ཉེས་པ་ཐམས་ཅད་ཞི་ཞིང༌། ཞེས་པ་ལྟ་བུས་ཚིག་ཕྲད་བསྒྱུར། དེ་ལྟར་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀར་ཟླ་ཉི་སྒྲ་གཅན་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་འོད་ཟེར་རྩེ་ལྔ་འཕྲོ་བའི་ལྟེ་བར་ཛཿ ལས་རྡོ་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྲིད་པ་གསུམ་པོ་མཐའ་དག་བཀང་ནས། དེས་སྲིད་པ་གསུམ་གྱི་རྣམ་པ་ཅན་དང༌། སྲིད་པ་གསུམ་ལ་ཁྱབ་བྱེད་དུ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་ཨ་ཝ་དྷཱུ་ཏཱིའི་སྒོ་ནས་གཙུག་ཏོར་དང༌། དཔྲལ་བ་དང༌། མགྲིན་བ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བའི་ལམ་དུ་བཅུག་པས་རྣམ་པ་ཐམས་ཅད་བ་ཟླ་བ་ཞུ་བ་དང་མཚུངས་བའི་བྱང་སེམས་ཀྱི་ཐིག་ལེ། རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོས་བའི་ཨ་ལ་སོགས་པའི་དབྱངས་ཡིག་དང་ལྡན་པའི་ཟླ་བ་ཞུ་བ་དང༌། ཡུམ་གྱི་རྡུལ་ཀ་ལ་སོགས་པའི་གསལ་བྱེད་དང་ལྡན་པའི་ཉི་མ་གཉིས་སྲོག་དང་ཐུར་སེལ་དང་ལྡན་པའི་དབུས་སུ་བཾ་དང་པདྨ་དཀར་པོ་ལས་ལྷ་དང་ལྷ་མོ་ཞལ་གཅིག་ཕྱག་གཉིས་པ། གླིང་པོ་ཆེ་ས་སྲུང་དཀར་པོ་ལ་ཞོན་པ། ཕྱག་གཡས་མི་འཇིགས་པ་སྦྱིན་པ། གཡོན་ལྷ་ཕོ་རྣམས་ཀྱིས་པདྨ་དཀར་པོ་དང༌། ལྷ་མོ་རྣམས་ཀྱིས་ཨུཏྤལ་དཀར་པོ་བསྣམས་པ། གོས་དཀར་པོ་བགོས་ཤིང༌། མུ་ཏིག་གི་འབྲས་བུས་བརྒྱན་པ། རབ་ཏུ་བཞད་པའི་ཞལ་ཅན་དུ་མ་སྤྲོས་ནས། བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བས། དེས་བསྒྲུབ་བྱ་བཟུང་ནས་དཀྱིལ་འཁོར་དུ་བཅུག་པ་ལ། གཙོ་བོས་འདི་ལ་ཞི་བའི་ལས་གྱིས་ཤིག་གི་བཀས། ཡུམ་བཞི་རབ་ཏུ་དགྱེས་པས་བདུད་རྩིའི་བུམ་པས་འཁྱུད། ནུས་མ་བཅུས་མཆོད། སེམས་མ་དྲུག་གིས་ནད་ལ་སོགས་པ་ཞི་བ་དང་ཚེ་དང་བསོད་ནམས་ཉམས་པ་གསོ། སྒེག་སོགས་བཅུས་ཚིམ་པར་བྱེད། ཙ་རྩི་ཀ་སོགས་ཀྱིས་འཇིགས་པ་མེད་པར་བྱེད། ཁྲོ་མོ་བཅུས་སྐྱོང་བར་བྱེད། ཀླུ་མོ་རྣམས་ཀྱིས་འོ་བྱེད། ལྷ་མོ་རྣམས་ཀྱིས་འཁྱུད་པར་བྱེད། གཏུམ་མོ་རྣམས་ཀྱིས་བསྲུང་བའི་སྒོ་ནས་ཞི་བའི་ལས་བསྒྲུབས་པར་གྱུར་པར་བསམ། ཡང་ན། གཙོ་བོའི་ཐུགས་ཀའི་ཕྱག་མཚན་དང་ཛཿ ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་པའི་དབྱངས་གསལ་དང་ལྡན་པའི་ཟླ་བ་དང་ཉི་མ་གཉིས་ཀྱི་དབུས་སུ་བཾ་དང་པདྨ་དཀར་པོ་ལས་ལྷའི་བུ་དཀར་པོ་པདྨ་དང་བུ་མོ་དཀར་པོ་ཨུཏྤལ་བསྣམས་ཤིང༌། གཡས་པས་མི་འཇིགས་པ་སྦྱིན་པ། ས་སྲུང་དཀར་པོ་ལ་ཞོན་པ། དར་དཀར་པོ་དང་མུ་ཏིག་གིས་བརྒྱན་པ། འཛུམ་པའི་མདངས་ཅན་དུ་མ་སྤྲོས་ནས་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བས། ཞེས་པ་ནས་ཞི་བའི་ལས་བསྒྲུབས་པར་གྱུར། ཅེས་པའི་བར་གོང་བཞིན་ནོ། །དམིགས་པ་འདི་རྣམ་བསྒྲུབ་ལེ་རྩ་འགྲེལ་གྱི་དངོས་བསྟན་ཡིན་པས་གལ་ཆེའོ། དེ་ནས་རྡོ་རྗེ་དྲུག་གིས། ཨོཾ་ཨཱཿ ཧཱུཾ་ཧོཿ ཧཾ་ཀྵ། ཞེས་པའི་སྔགས་གྱིས་ཡམ་ཤིང་བརྒྱ་རྩ་བརྒྱད་ཕུལ་ཏེ། ཨོཾ་བོ་དྷི་པྲྀཀྵ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས་ཤཱནྟི་ཀུ་རུ་ན་མཿ དེ་བཞིན་དུ་དུར་བའི་བར་གྱི་རྫས་ཐམས་ཅད་བརྒྱ་རྩ་བརྒྱད་རེ་འབུལ་ཞིང་རྫས་སྔགས་སྤེལ་ལ་ཚིག་གོང་བཞིན་ནོ། །ཨོཾ་ཨཱཿ ཧཱུཾ་ཧོཿ ༼ཧཾཀཥམལཝརཡ༽ ་ཧཱུཾ་ཕཊ། ཅེས་པས་མར་ཁུ་ལན་བདུན་མཐར་སྔགས་དང་སྤེལ་ཚིག་སྦྱོར། ཡན་ལག་དྲུག་གིས། ཨོཾ་ཧྲཱོཾ་ཧྲཱི་ཧྲཱྀཾ་ཧྲཱོཾཿ ཧྲཱྀཾ་ཧྲཱཿ སྭཱ་ཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་བརྒྱད་ཕུལ་ཏེ།ཨོཾ་ཨཱཿ ཧཱུཾ་ཧོཿ ༼ཧཾཀཥམལཝརཡ༽ ཧཱུཾ་ཕཊ། ཨོཾ་བོ་དྷི་པྲྀཀྵ་ཡ། བདག་ཅག་སོགས་སྤེལ་ཚིག་སྦྱོར། དེ་བཞིན་དུར་བའི་བར་རྫས་ཐམས་ཅད་བརྒྱ་རྩ་བརྒྱད་རེ་འབུལ་བ་སོགས་སྔར་བཞིན་བྱ། ཨོཾ་ཨཱཿ ཧཱུཾ་ཧོཿ ༼ཧཾཀཥམལཝརཡ༽ ་ཧཱུཾ་ཕཊ། ཀྱིས་མར་ཁུ་ལན་བདུན་སྔགས་སྤེལ་ཚིག་བཅས་ཕུལ། ཕུང་ཁམས་ཀྱིས། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ སྭཱཧཱ། ཞེས་ཡམ་ཤིང་ནས་དུར་བའི་བར་སྔར་བཞིན་བརྒྱ་རྩ་བརྒྱད་རེ་དང༌། གོང་བཞིན་མར་ཁུ་ལན་བདུན་ཕུལ། སྐྱེ་མཆེད་ཀྱིས། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ སྭཱ་ཧཱ། ཞེས་ཡམ་ཤིང་སོགས་རྫས་རྣམས་སྔར་བཞིན་བརྒྱ་རྩ་བརྒྱད་རེ་དང༌། མར་ཁུ་ལན་བདུན་རྣམས་གོང་བཞིན་ནོ།། ལས་དབང་ཡུལ་བཅས་ཀྱིས། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧ་ཧཿ སྭཱ་ཧཱ། ཞེས་ཡམ་ཤིང་སོགས་རྫས་རྣམས་སྔར་བཞིན་བརྒྱ་རྩ་བརྒྱད་རེ་ཕུལ། འདི་དག་སྒྲུབ་ལེར། གཙོ་བའི་རྡོ་རྗེའི་ཡན་ལག་གིས་ཀྱང་མདའ་བརྒྱའི་ཡམ་ཤིང་འབྲུ་དང་དུར་བ་མར་དང་འོ་མ་ཡིས།། ཞེས་དང༌། འགྲེལ་ཆེན་དུ། དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་ལྔ་བརྒྱའི་གྲངས་བཟུང་བར་བྱའོ། །ཞེས་པའི་དོན་ནོ། །དེ་ནས་ཨོཾ་ཨཱཿ ཧཱུཾ་ཧོཿ ༼ཧཾཀཥམལཝརཡ༽ ་ཧཱུཾ་ཕཊ། ཀྱིས་མར་ཁུ་བསྲེག་བླུགས་བདུན་དང་སྤེལ་ཚིག་སྦྱོར། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཐུགས་ཤིན་ཏུ་དགྱེས་ཏེ། ཇི་ལྟར་བཅོལ་བའི་ལས་ཐོག་པ་མེད་པར་བསྒྲུབས་ནས་ས་ལམ་ལ་བར་དུ་གཅོད་པའི་ནད་རིམས་གདོན་བགེགས་དུས་མིན་གྱི་འཆི་བ་སོགས་ཉེ་བར་འཚེ་བ་ཐམས་ཅད་ཞི་ཞིང༌། ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པས་ཐོས་བསམ་སྒོམ་གསུམ་སོགས་བཤད་སྒྲུབ་བསྟན་པའི་བྱ་བ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབས་པར་གྱུར། དེ་ནས་བཀྲ་ཤིས་པའི་ཆོ་ག་ནི། རྡོ་རྗེ་སློབ་དཔོན་ཐབ་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཕྱིན་ཏེ། ཆུ་དང་ཟན་དང་མེ་ཏོག་རྣམས་ཕྱོགས་བཅུར་གཏོར་ཞིང༌། ཨོཾ་བྷུར་བྷུ་ཝ་སྭཱ་ཧཱ། ན་མོ་དེ་བེ་བྷྱཿ སྭ་སྟི་པྲ་ཛ་བྷྱཿ སྭཱ་ཧཱ་རཱ་ཛ་བྷྱཿ སྭ་དྷ་པི་ཏྲི་བྷྱཨ་ལཾ་བྷཱུ་ཏེ་བྷྱཿ ཝ་ཥ་ཌིནྟྲ་ཡ། ཨོཾ་ས་འོག་ས་སྟེང་དབུགས་འབྱིན་ལ།། ལྷ་རྣམས་ལ་ནི་ཕྱག་འཚལ་ལོ།། སྐྱེ་དགུ་རྣམས་ལ་བཀྲ་ཤིས་དང༌།། རྒྱལ་པོ་རྣམས་ལ་དབུགས་དབྱུང་དང༌།། ཕ་མས་རྣམས་ལ་རོ་མྱོང་དང༌།། འབྱུང་པོ་རྣམས་ལ་ཚིམ་པ་དང༌།། དབང་པོ་ལ་ནི་དབང་གྱུར་ཅིག།།ཅེས་བཀྲ་ཤིས་བརྗོད་དེ་རང་ལ་བསང་གཏོར་བྱས་ཏེ། ནང་དུ་འོངས་ནས་འདུག་སྟེ། ཨོཾ་ཨཱཿ ཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་མེ་ལ་བསང་གཏོར་བྱ། ཨོཾ་ཨཱཿ བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་དང་། ཨོཾ་ཏམྦུ་ལ་ཡེ་སྭཱ་ཧས་སོ་རྩི་འབུལ། ཨོཾ་ཤྲཱི་ཀཱ་ལ༌྾྾ས་པ་རི་ཝ་ར་པྲོཀྵ་ཎཾ་པྲ་ཏཱི་ཙྪ་སྭཱ་ཧཱས་བསང་གཏོར་དང༌། མཆོད་ཡོན། ཞལ་བསིལ། ལྷ་མོ་བཅུ་གཉིས། ཞབས་བསིལ་ནས་རོལ་མོའི་བར་འབུལ། འདུད་ཉི་ཤུས་བསྟོད། ནང་མཆོད་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཱཾ་ཀ་རོ་མི། ཞེས་ཕྱག་བྱ། ཨོཾ་བཛྲ་ཨ຋ᨗ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་འབུལ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས།གང་ཡང་བདག་བློ་གཏི་མུག་པས།། ལེགས་སྤྱད་འདི་ལ་ཉེས་གྱུར་གང༌།། གང་ཕྱིར་ལུས་ཅན་སྐྱབས་གྱུར་པས།། མགོན་ཁྱོད་དེ་ཀུན་བཟོད་པར་མཛོད།། མ་འབྱོར་བ་དང་ཉམས་པ་དང༌།། གང་ཡང་བདག་རྨོངས་བློ་ཡིས་ནི།། བགྱིས་དང་བགྱིད་སྩལ་ཅི་མཆིས་པ།། དེ་ཀུན་མགོན་པོས་བཟོད་པར་མཛོད།། སྤྲོ་ན་འདོད་གསོལ་རྒྱས་པ་གཞན་ནས་འབྱུང་བ་ལྟར་བྱ།། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་དང༌། ཡི་གེ་བརྒྱ་བས་ལྷག་ཆད་ཁ་བསྐངས་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌།། སླར་ཡང་འབྱོན་པར་མཛད་དུ་གསོལ།། ཞེས་པས་བསྐུལ་ལ།

སྒྲུབ་མཆོད་དང་འབྲེལ་ཚེ་སློབ་དཔོན་གྱིས་ལྷ་རྣམས་ཀྱི་སྔགས་བརྗོད་ནས་མེ་ཏོག་དེ་ཉིད་སླར་དཀྱིལ་འཁོར་གྱི་དྲུང་དུ་སྦྱན་དྲངས་ཏེ་ལྷ་སོ་སོ་དང་དབྱེར་མེད་དུ་མོས། དེ་ལྟར་མ་ཡིན་ན། ཀྵ་ཞེས་བརྗོད་ཅིང་ལག་བའི་རྒྱབ་བསྟན་ནས་སེ་གོལ་གཏོགས་ཏེ། དབུགས་ནང་དུ་འཇུག་པ་དང་བསྟུན་ནས་རང་གི་སྙིང་གར་གཤེགས་པར་གྱུར་བར་བསམ། གསུམ་པ་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་ལྷ་སྐད་ཅིག་གིས་གསལ་པར་གྱུར་པར་བསམ་ལ། གནྡྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས།། ནས། དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།། ཞེས་པའི་བར་གྱིས་བསྟོད། ཨོཾ་མ་ཧཱ་ར་སྨིན་སོགས་ཀྱིས་བསང་གཏོར་དང༌། ཞབས་བསིལ་འབུལ། སོ་རྩི་དང༌། གོས་ཟུང་ཡང་འབུལ། མེ་ལྷའི་སྔགས་ལ་རང་རང་གི་སྔགས་དང་སྤེལ་ཚིག་སྦྱར་དེ་ཡམ་ཤིང་ནས་དུར་བའི་བར་འབུལ། འཇིག་རྟེན་དབང་ཕྱུག་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། མ་ཧཱ་ར་སྨིན་སོགས་ཀྱིས་ཆུ་གསུམ། ལྷ་མོ་བཅུ་གཉིས་བསྟོད་པ་ཚིགས་བཅད་གཅིག་དང༌། ནང་མཆོད་འབུལ་བའི་བར་གང་ལྟར་བྱའོ།། ཨོཾ་བཛྲ་ཨ຋ᨗ་པྲ་ཏཱི་ཙྪ་སྭཱ་ཧཱ། གང་ཡང་བདག་བློ་གཏི་མུག་པས།། སོགས་ཤོ་ལོ་ཀ་གཉིས་བརྗོད། ཨོཾ་བཛྲ་ས་ཏྭ་ཨཿ དང༌། ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན།། སྒྲུབ་བྱེད་བསྲེག་ཕྱ་ཟ་བ་གཤེགས།། ཇི་བཞིན་དུས་སུ་ཚུར་སྦྱོན་ཞིང༌།། བདག་ལ་དངོས་གྲུབ་ཀུན་འགྲུབ་མཛོད།། ཨཽཾ་ཛཿ འོད་ཆེན་ཡང་དག་པར།། ཚིམ་མཉེས་རང་གི་གནས་གཤེགས་ཤིག།།གང་ཚེ་སྤྱན་དྲངས་བར་བགྱི་བ།། ལྷ་ཡིས་སླར་ཡང་འབྱོན་པར་མཛོད།། སྭཱ་ཧཱ། ཨོཾ་ཛགཙྪ་མ་ཧཱ་རསྨིན་སྭ་སྠན་སནྟི་བྷོ་ཧོཿ བུ་ན་རཱ་གཱ་མི་ཥུ་སི་དེ་བ་སྱ་དཱ་ཨ་ཧཱ་ན་ཡཱ་ཨ་མི་སྭཱ་ཧཱ། ལག་པའི་རྒྱབ་བསྟན་པས་སེ་གོལ་གཏོགས་པ་དང་བཅས། ཀྵ། ཞེས་བརྗོད་ཅིང༌། དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་ཏུ་མེ་ལྷ་ཡེ་ཤེས་པ་རང་གི་སྙིང་གར་གཤེགས། འཇིག་རྟེན་པའི་མེ་ལྷ་རང་གནས་དུ་གཤེགས་པར་གྱུར། གསང་གནས་ལ་ཐབ་དང་ཕུར་བུ་དང་རྭ་བ་བསྲུང་བའི་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་པར་གྱུར། དགེ་ལྡན་བསྟན་འབར་མ་སོགས་བསྟན་པ་རྒྱས་པའི་སྨོན་ལམ་དང་ཤིས་བརྗོད་སོགས་རྗེས་ཆོག་སྤྱི་ལྟར་བྱའོ།། ཚུལ་དེ་ལྟ་བུས་སྒོ་ནས་ལྷ་མཉེས་པར་བྱ་བ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྦྱིན་སྲེག་ལས་ནི་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ནས་དངོས་གྲུབ་སྟེར།། གསང་སྔགས་ཆད་ལྷག་གང་ཡིན་པ།། ཐམས་ཅད་སྦྱིན་སྲེག་དག་གིས་བསྐོངས།། ཞེས་གསུངས་པ་ལྟར།། ཞི་སོགས་ཀྱི་ལས་རབ་འབྱམས་བདེ་བླག་ཏུ་འགྲུབ་པར་བྱེད་པ་དང༌། ནང་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་སྨིན་བྱེད་དང༌། སྔགས་ཀྱི་ཆད་ལྷག་བསྐང་བ་སོགས་དགོས་པ་ཁྱད་པར་ཅན་མཐའ་ཡས་པ་འབྱུང་བར་འགྱུར་རོ།། ཚུལ་འདིར་འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན།། བརྩེ་ལྡན་མགོན་གྱི་སྤྱན་སྔར་བཤགས་བྱས་ནས།། རྣམ་དཀར་ལེགས་བྱས་མཐུ་ཡིས་འགྲོ་བ་ཀུན།། སྒྲིབ་བྲལ་བདེ་ཆེན་ཆོས་སྐུའི་དཔལ་ཐོབ་ཤོག།།
ཅེས་དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྦྱིན་སྲེག་མཆོག་ཐུན་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི་དུས་འཁོར་ཁང་ཚན་མཁས་མང་བདེ་ཆེན་གླིང་གི་བླ་མ་ཆོས་དར་སོགས་འདུས་སྤྱི་ནས་ལྷ་རྫས་བཅས་ནན་ཆེར་བསྐུལ་བའི་ངོ་ལྡོག་མ་ནུས་པར་གྲུབ་དབང་སྡེ་ཁྲི་རིན་པོ་ཆེས་མཛད་པའི་སྦྱིན་སྲེག་ལ་གཞི་བྱས་ཏེ་སྡོམ་ཆེན་དང་མཐུན་པར་སྙོམས་ལས་བ།། ༧ །། དབྱངས་ཅན་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་བ་དགེ་སློང་དཀོན་མཆོག་ཐར་འདོད་ཀྱིས་བགྱིས་པ་ཛ་ཡནྟུ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།

དཔྱད་མཆན་སྤེལ།