༄༅། །འཇམ་དབྱངས་སྨྲ་སེང་གི་མངོན་རྟོགས་བཞུགས་སོ།།

ན་མོ་གུ་རུ་བྷྱཿ སྤྲོས་བྲལ་གདོད་ནས་དག་པའི་ངང་ཉིད་ལས། །གདོང་ལྔ་པད་ཟླར་རང་སེམས་དྷཱིཿ ཡིག་དང༌། ། ས་བོན་གྱིས་མཚན་རལ་གྲིའི་འཕྲོ་འདུ་ལས། །བདག་ཉིད་འཇམ་དཔལ་རབ་མཛེས་ལི་ཁྲིའི་མདངས། །ཕམ་བྱེད་མཚན་དཔེའི་དཔལ་འབར་ཕྱག་གཉིས་ཀྱིས། །ཆོས་འཆད་ཕྱག་རྒྱས་ཤེས་རབ་རལ་གྲི་དང༌། །ཤེར་ཕྱིན་གླེགས་བམ་གྱིས་མཚན་ཨུཏྤལ་བསྣམས། །སྐྱིལ་ཀྲུང་གིས་བཞུགས་དར་གྱི་ན་བཟས་ཀླུབས། །མདུན་དུ་པད་ཟླར་ཧྲཱིཿ ལས་མཚོན་ལྡན་མ། ། རྒྱན་རྫོགས་ཡབ་ཡུམ་གནས་གསུམ་འབྲུ་གསུམ་མཚན། །ས་བོན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ། །དབང་བསྐུར་རྒྱས་བཏབ་ཕྱག་མཚན་ས་བོན་དང༌། །སྔགས་ཕྲེང་འོད་ཟེར་འགལ་མེ་ལྟ་བུ་ཡིས། །རྨོངས་མུན་མཐར་བྱས་འཆད་རྩོད་རྩོམ་པ་དང༌། །རྣམ་འབྱེད་ཤེས་རབ་སྣང་བ་རྒྱས་པར་བསམ། །ཨོཾ་ཧྲཱིཿ དྷཱིཿ མ་མེ་དཾ་པཾ་མཉྫུ་ཤྲི་ཡུཾ་ཧྲཱིཿ པྲཛྙཱ་བ་དྷ་ནི་ཧྲཱིཿ དྷཱིཿ སྭཱ་ཧཱ། བཟླས་མཐར། དགེ་བ་འདི་ཡིས་སོགས་ཀྱིས་བསྔོ་སྨོན་བྱ། ཚུལ་འདི་དགེ་ཚུལ་དར་རྒྱས་ཀྱི། །མོས་ངོར་དབྱངས་ཅན་བཞད་པས་བྲིས། ། དགེ་འདིས་སྐྱེ་ཀུན་འཇམ་དབྱངས་ཀྱིས། །རྗེས་བཟུང་ཤེས་རབ་མཆོག་ཐོབ་ཤོག།། །། ཆོས་དབྱིངས་ཀློང་དུ་རང་སེམས་དྷཱིཿ ཡིག་ལས། ། འཇམ་དཔལ་སྐུ་མདོག་དམར་སེར་གླེགས་རལ་འཛིན། །རྒྱན་ཆས་ཡོངས་རྫོགས་རྡོ་རྗེ་གསུམ་མཚན་པའི། །ཧཱུཾ་ཡིག་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ། །སྔགས་བཟླ། དགེ་བ་འདི་ཡིས་སོགས་བརྗོད། ཚུལ་འདི་དགེ་ཚུལ་བློ་བཟང་རིགས་གྲོལ་གྱི་འདོད་མོས་བཞིན། ༧ དབྱངས་ཅན་བཞད་པས་བྲིས་པའོ།།

དཔྱད་མཆན་སྤེལ།