༄༅། །སྟག་ཕུའི་གཟིགས་སྣང་སྒྲོལ་མའི་བསྙེན་ཆེན་གྱི་བཅུ་ཆའི་སྦྱིན་སྲེག་བཞུགས་སོ།།

༄༅། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡ། སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །གུས་པས་ཕྱག་འཚལ་དུས་ཀུན་རྗེ་བཙུན་མས། །དངོས་གྲུབ་རིན་ཆེན་བྱེ་བའི་ཆར་ཕོབས་ཤིག །དེ་ལ་འདིར་ཁྱབ་བདག་སྟག་ཕུ་གར་གྱི་དབང་བོའི་དག་སྣང་རྗེ་བཙུན་འཕགས་མ་སྒྲོལ་མའི་བསྙེན་ཆེན་ཚད་ལྡན་སོང་བའི་གང་ཟག་གིས་དངོས་གྲུབ་སྒྲུབས་བའི་དོན་དུ་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་སྲེག་བྱེད་བ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་ཆོ་གའོ། དང་པོ་ལ་གཉིས། ཡོ་བྱད་འདུ་བྱ་བ་དང༌། རྣལ་འབྱོར་ཉམས་སུ་བླངས་བའོ། །དང་པོ་ནི། སྦྱིན་སྲེག་གང་དུ་བྱ་བའི་གཞི་དེར་ས་བརྟགས་བསླང་སྦྱངས་གསུམ་སྔོན་དུ་འགྲོ་བས། ས་གཞི་རང་བཞིན་གྱི་དམར་བའམ། ས་དམར་སེར་བྱུགས་པ་ལ་ཐོག་མར་དབུས་བཙལ་ལ་ཚངས་ཟུར་གྱི་ཐིག་གདབས། དེ་ནས་ཐག་སྐུད་སོར་བཞི་པ་ཞིག་གིས་དབུས་ནས་ཟླུམ་པོར་བསྐོར། དེ་ནས་སོར་དྲུག་གིས་ཟླུམ་པོར་བསྐོར། དེ་ལ་པདྨ་ལྕགས་ཀྱུའི་དབྱིབས་ཅན་བརྒྱད་བྲི། ཤར་གྱི་འདབ་མར་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིའམ། སྣ་ཚོགས་རྡོ་རྗེ་གང་རུང་བྲི། ཡང་དེ་ལ་སོར་དོ་བསྣན་ནས་རྡོང་ཕྲེང༌། ཡང་སོར་བཞི་བསྣན་ནས་མུ་རན། མུ་རན་ལ་གེ་སར་དང་བཅས་བའི་ཟེའུ་འབྲུ་དང༌། ཡང་སོར་བཞི་ལ་ཁ་ཁྱེར་དང༌། ཁ་ཁྱེར་ལ་པདྨ་འདབ་མ་བཅུ་དྲུག ཕྱོགས་མཚམས་རྣམས་སུ་རྡོ་རྗེ་རྩེ་མོ་དབུས་བསྟན་བརྒྱད་བྲི། ཟླམ་ཐིག་ཕྱི་མར་སོར་དོ་བསྣན་པས་སྟེགས་བུ་གྲུ་བཞི་པ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། ཐབ་ཀྱི་དབུས་སུ་ཨུཏྤལ་ཏཱཾ་གྱིས་མཚན་པ་བྲིས། ཐབ་ཀྱི་རྣམ་བཞག་མང་ནའང་འདི་གསེར་ཁང་རྡོ་རྗེ་འཆང་གི་ཕྱག་བཞེས་ལྟར་ཡིན་ནོ། །རྫས་ནི་ཡམ་ཤིང་ལ་མཛོ་མོ་ནུ་ཤིང༌། ཁོ་ཆོར་སོགས་ཆོར་མ་ལྕགས་ཀྱུ་ལྟ་བུའི་ཤིང་དང༌། ཐང་ཤིང་ཡང་རུང་བར་གསུངས། ཚད་སོར་ལྔ་བྱ། མར་ཁུ་ཡང་འབྲི་སྨུག་གིས་དམར་པོར་ཁ་བསྒྱུར། རྫས་ཆེན་བཅུ་གཉིས་ཁྱད་པར་བའི་རྫས་ཐུན་མོངས་མ་ཡིན་པ་རྣམས་དང༌། ཉེར་སྤྱོད་ཚར་གཉིས། གོས་ཟུང༌། སོ་རྩི། གཞན་ཡང་ཆུ་བཞི་དང་བསངས་ཆུ། རླུང་ཡབ། ཀུ་ཤའི་ཆུན་པོ། དགང་གཟར་བླུགས། མེ་སྤར་བའི་ཆས་སོགས་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་ཕྱག་ལེན་ལྟར་ལེགས་པར་བཤམས། གཉིས་པ་རྣལ་འབྱོར་ཉམས་སུ་ལེན་པའི་རིམ་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རང་ཉིད་ཁ་ནུབ་ཏུ་ཕྱོགས་ཏེ། བདག་ཉིད་རྗེ་བཙུན་མའི་ལྷའི་རྣམ་འབྱོར་རྒྱས་པར་བསྒོམ་ཞིང་སྐུ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོ་བར་བསམ་ཞིང་བཟླས་བའི་ནུས་དང་མཐར་ཡིག་བརྒྱ་མཆོད་བསྟོད་སོགས་བྱས་ནས། ལས་བུམ་ལ་ཨ་མྲྀ་ཏ་བརྒྱ་རྩ་བཟླས་ཏེ་བསངས་ཆུ་བསྒྲུབ། སྔགས་དེ་ལ་ཛཿ བཏགས་པས་ཆུ་བཞི་བསྒྲུབས། སྨྲ་བ་བཅད་ལ། རྡོར་དྲིལ་བྱིན་རླབས་ནི། རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ་སྟེ། ཞེས་བ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། དེ་ནས་ལས་ཐགས་ཨ་མྲྀ་ཏས་བསངས་ཆུ་དང་ནང་མཆོད་གཉིས་ཀྱིས་གཡས་བསྐོར་དུ་ལན་གསུམ་གསུམ་བྱ། མཆོད་རྫས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་བ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསངས་གཏོར། མེ་ཏོག ནས་ཤཔྟའི་བར་གྱིས་ཆུ་བཞི་ཉེར་སྤྱོད་དང་བཅས་པ་བྱིན་གྱིས་བརླབས། དེ་ནས་རྫས་སྦྱོང་བའི་ཕྱག་རྒྱ་དང་བཅས། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱཿ སྭཱཧཱ། ཨོཾ་ཤྲིཾ་སྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིང་དག་ནས་ནང་གི་བདུད་རྩི་ལྔའི་ངོ་བོར་གྱུར་པར་བསམས་ལ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད་དེ་མེ་སྤར། ཨ་མྲྀ་ཏས་བསང་ཆུ་དང་ནང་མཆོད་གྱིས་ལན་གསུམ་གསུམ་བསངས་ལ་ཐབ་ཀྱི་ནང་དུ་བཅུག་སྟེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཧཱུཾ་ཞེས་བརྗོད་ལ་རླུང་གཡབ་ཀྱིས་མེ་སྤར། ཨ་མྲྀ་ཏ་ལན་བདུན་བཟླས་ཏེ་མར་ཁུ་བླུགས་གཟར་བདུན་གྱིས་མེ་གསོ། ཀུ་ཤ་རྣམས་ལག་ཏུ་ཐོགས་ལ། ཨོཾ་བཛྲ་སཏྭ་ཨཱཿ ལན་བདུན་བརྗོད། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བརྗོད་དེ་ཀུ་ཤའི་ཆུན་པོ་ཆུང་བ་བཞི་རང་གི་གཡོན་ངོས་ནས་ཐབ་ཀྱིས་ཁ་ཁྱེར་ལ་ལག་ལེན་བཞིན་བཀྲམས། ཐབ་ཁུང་དུ་རྩེ་མོ་ནུབ་ཏུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུས་གཡོག ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་དངོས་གཞི་ལ་གསུམ། ཐོག་མར་འཇིག་རྟེན་བའི་མེ་ལྷ་མཆོད་པ། བར་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ། མཐར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། ཨ་མྲྀ་ཏས་བསང་ཆུས་ཐབ་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་རིང་པོ་དམར་པོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དམར་ཞིང་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པ། མུ་རན་ལ་གེ་སར་དང་བཅས་པའི་ཟེའུ་འབྲུ་དང༌། ཁ་ཁྱེར་ལ་པདྨའི་འདབ་མའི་རྣམ་པ་ཅན་ལ་ཕྱོགས་མཚམས་སུ་རྡོ་རྗེས་བསྐོར་ཞིང༌། གྲྭ་བཞིར་ཟླ་བྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་ནང་དུ་རྡོ་རྗེའི་འཕྲེང་བས་བསྐོར་བའི་པད་འདབ་གནས་པའི་འདབ་མའི་ཚད་ཀྱི་དེ་བཞིན་གཤེགས་པ་བཞིའི་མཚན་མའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པས་མཚན་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར་པའི་ནང་དུ་བཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཏུ། རཾ་ལས་བགྲང་ཕྲེང་དམར་པོ་རཾ་གྱིས་མཚན་པ། ཡོངས་སུ་གྱུར་བ་ལས་མེ་ལྷ་སྐུ་མདོག་དམར་པོ་ར་སྐྱེས་ལ་གནས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་ཞིང་རལ་བའི་ཐོར་ཚུགས་ཅན། གོས་དམར་པོ་གསོལ་ཞིང་སྲད་བུ་དམར་པོའི་སེ་རལ་ཁ་ཐོགས་པ། སྤོམ་ཤིང་ཐུང་ལ་ཆགས་པའི་ཉམས་དང་ལྡན་པ། དེའི་དབྲལ་བར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་བསྒོམ་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་སྐོར་བ་སྤྱན་དྲངས་པར་བསམས་ལ། གཡས་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གཡོབ་ཅིང༌། ཨོཾ་ཚུར་བྱོན་ཆུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོད། །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་པས་སྤྱན་དྲངས། ཨོཾ་ཊ་ཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཨ་མྲྀ་ཏས་བསང་ཆུས་བགེགས་བསྐྲད། སྤྲོ་ན་ཆུ་བཞི་ད་ལྟ་འོག་ནས་འབྱུང་བ་ལྟར་འབུལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿ ཧྲཱིཿ པྲ་ཝ་ར་སད་ཀཱ་རཾ་པྲོཀྵ་ཎཱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་བསང་བཏོར་དང༌། དེ་བཞིན་དུ། ཨཱཉྩ་མ་ཎཱཾ་དང༌། ཨ຋ᨗ་དང༌། པཱདྱཾ་ཞེས་བཅུག་སྟེ། ཞལ་བསིལ། མཆོད་ཡོན། ཞབས་བསིལ་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་འབུལ། ཨོཾ་ཨགྣ་ཡེ། ཨཱ་དི་བྱཱ། ཨཱ་དི་བྱཱ། ཨ་བཱི་ཤ །ཨ་བཱི་ཤ །མ་ཧཱ་ཤྲཱི་ཡེ་ཧ་བྱ། ག་བྱ་བ་ཧཱ་ནཱ་ཡ་ཨོཾ་བཛྲ་པུ་ཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པས་མེ་ཏོག་དང༌། བུཥྤེ་ཞེས་པ་ནས། ཤ་པྟའི་བར་གྱིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ། སྔགས་དེ་ལ་ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད་འབུལ། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་པ་ནས། དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པའི་བར་བརྗོད། མེ་ལྷའི་དམ་ཚིག་གི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ། སརྦ་དུ་ཥྚཾ་ཧཱུཾ་ཕཊ། ཏྲིཤྱ་ཛཿ ཧཱུཾ་བཾ་ཧོཿ ས་ཡ་ཡ་ཧོཿ ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲགས། དེ་ནས། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་དང༌། དགང་བླུགས་ཀྱི་ཁ་ལ་ཏཱཾ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཨོཾ་ཨགྣེ། ས་མ་ཡ་སྟཱཾ། དེ་བ་ཏཱ་ཡ། དྷུ་བ་ཏ་ཡེ། ཛྭ་ལ་ནི། མ་ῼẌ་སིངྔྷི་མ་མེ་དི་ཧི་སྭཱཧཱ། ཞེས་ལན་བདུན་གྱིས་བྱོན་སྐྱེམས་ཕུལ། སྤེལ་ཚིག་ནི། རྒྱལ་བ་སྲས་བཅས་ཉན་ཐོས་རང་རྒྱལ། །ལྷ་དང་མི་དང་ལྷ་མིན་ཀུན་གྱི། །མཐུ་དང་ནུས་པ་ཡོན་ཏན་གཟི་བརྗིད། །མ་ལུས་དབང་དུ་བྱེད་པར་གྱུར་ཅིག །ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་མཆོག །ཁྱེད་ཀྱིས་འབྲལ་མེད་རྗེས་སུ་བཟུང་སྟེ། །གནས་སྐབས་མཐར་ཐུག་འདོད་པའི་དོན་ཀུན། །མ་ལུས་ཡིད་བཞིན་འགྲུབ་པར་མཛོད་ཅིག །ཝ་ཤཾ་ཀུ་རུ་ཧོཿ ཞེས་བྱོན་སྐྱེམས་ནས་ཁྱད་པར་བའི་བར་སྔགས་འདི་དང་སྤེལ་ཚིག་འདི་གཅིག་བུས་ཆོག་གོ །དེ་ནས། ཨཉྩ་མ་ཎཾ་དང་པྲ་ཀྵ་ཎཾ་གྱིས་ཆུ་གཉིས་ཕུལ། གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་བཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཏཱཾ་ཡིག་ལྗང་གུ་ཞིག་ཐོལ་གྱིས་བྱུང་ཞེས་པ་ནས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོར་གྱུར་བའི་ཞེས་པ་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་ཞིང༌། སྐུ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོ་བར་གྱུར། དག་ཅིང་དྲི་མེད་དང༌། ཨོཾ་ཨཱཿ ཧྲཱིཿ སོགས་ཀྱིས་ཆུ་བཞི་དང༌། ལྷ་ཡི་མེ་ཏོག་དང༌། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ལྤཱ་ར་བུཥྤེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། སྔགས་དེ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། བསྟོད་པ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད། ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨོཾ་ཏཱ་རེ་ཏུཏྟུ་རེ་ཏུ་རེ་མནྡྲ་སིདྡྷི་མ་མེ་དི་ཧི་སྭཱཧཱ། ལན་བདུན་གྱིས་མར་ཁུ་དང༌། རྒྱལ་བ་སྲས་བཅས་སོགས་སྤེལ་ཚིག་སྦྱར། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཅེས་པ་ནས་གྲོའི་བར་གྱི་རྫས་ཆེན་བཅུ་གཉིས་དང༌། རྫས་ཁྱད་པར་བ་མེ་ཏོག་དམར་པོ་སོགས་ལ་གྲངས་བསོགས། དེ་ནས། རྗེ་བཙུན་མའི་ཐུགས་ཀ་ནས་ལྷ་མོ་དམར་མོ་བུམ་པ་བདུད་རྩིས་གང་བ་ཐོགས་པ་མང་དུ་སྤྲོས་པས་བསྒྲུབ་བྱ་རང་ཉིད་ཟླ་བ་དམར་པོ་ལ་གནས་པ་ལ་སྤྱི་བོ་ནས་ཆུ་རྒྱུན་སྦྲེངས་པས་བླ་མ་ལ་མ་དད་པ་དང༌། དམ་ཚིག་ཉམས་ཆགས་ཉོན་མོངས་པ་སོགས་ཐར་བའི་གེགས་སུ་གྱུར་བ་ཐམས་ཅད་དག་པར་བྱས་ཏེ། མ་ནོར་བའི་དམ་ཆོས་དང༌། མཚན་ལྡན་གྱི་བླ་མ་དམ་པའི་དབང་དུ་རང་ཉིད་འདུས་ཏེ། ཆོས་ལ་བརྩོན་འགྲུས་དྲག་པོ་དང༌། བླ་མ་ལ་དད་པ་འཕེལ་བ་སོགས་རང་གི་ལུས་སེམས་དབང་དུ་གྱུར་ཏེ། སྔགས་ཀྱི་དངོས་གྲུབ་དང་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་གྱུར། ཡང་ཐུགས་ཀ་ནས་སྒྲོལ་མ་དམར་མོ་ཨུཏྤ་ལའི་མདའ་གཞུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས་ཕྱོགས་བཅུ་རྒྱལ་བ་རྣམས་ཀྱི་ཐུགས་ཀར་མདའ་བསྣུན་པས་རྒྱལ་བ་རྣམས་རང་ལ་དགྱེས་ཤིང་ཆགས་པས་མྱོས་ཏེ། རང་དབང་མེད་པར་རང་ལ་ཐིམ་པས་རང་ཉིད་ལས་ཐམས་ཅད་སྒྲུབས་པ་ལ་ཐོགས་པ་མེད་པའི་ནུས་མཐུ་ཅན་དུ་གྱུར། རྒྱལ་བ་སྲས་བཅས་ནས་ཝ་ཤཾ་ཀུ་རུ་ཧོཿ དེ་ནས་ཏཱ་རེ་བརྗོད་ཅིང་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ། ཨོཾ་ཨཱཿ ཧྲཱི་པྲ་ལྦ༌྾ཨ຋ᨗ་དང༌། པྲོཀྵ་ཎཾ་དང༌། ཨཉྩ་མ་ཎཾ་སོགས་ཀྱིས་ཆུ་གསུམ་ཕུལ། སྲབ་འཇམ་ཡང་བ་ནས། ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་གོས་བཟང་དང༌། ཞལ་ཟས་རོ་བརྒྱ་ནས། ཨོཾ་བཛྲ་ཏམྦུལ་ཡེ་སྭཱཧཱ། ཞེས་སོ་རྩི་ཕུལ། ཨོཾ་ཨཱརྱ་ཏཱ་རེ་ནས་བུཥྤེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ནང་མཆོད་ཀྱང་ཕུལ། བདག་གིས་ཚེ་རབས་སྔོན་ནས་སོགས་ཀྱིས་བསྟོད། དེ་ནས་གཏོར་མ་གཞུང་ལྟར་བྱིན་གྱིས་བརླབས་ལ། ལྷའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྤུ་གུ་ཅན་དུ་གྱུར། ཨོཾ་ཨཱརྱ་ཏཱ་རེ་ཨི་དཾ་པ་ལིཾ་ཏ་ཁཱ་ཁཱ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང༌། ཕྱི་ནང་གི་མཆོད་པས་མཆོད་ཅིང་གོང་བཞིན་བསྟོད། ཨོཾ་པྲ་ན་མ་མེ་སརྦ་ཏ་ཐཱ་ག་ཏ་ན། ཞེས་པས་ཕྱག་བྱ། ཨོཾ་ཨཱཿ ཧྲཱིཿ ྾ཨ຋ᨗ་གྱིས་མཆོད་ཡོན་ཕུལ། གང་ཡང་བདག་བློ༌྾མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། བླ་མ་དང་བཅོམ་ལྡན་འདས་མ་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཁྱེད་རྣམས་དགྱེས་པ་ཆེན་པོས་བདག་ལ་ཐུགས་ཆགས་པར་མཛད་དུ་གསོལ། བདག་ལ་ཐུགས་དགྱེས་པར་མཛད་དུ་གསོལ། བདག་ལ་ཐུགས་མྱུར་བར་མཛད་དུ་གསོལ། བདག་གིས་ལྷ་ཁྱོད་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ལྷག་པའི་ལྷ་ཁྱོད་རང་དབང་མེད་པར་དབང་དུ་འདུ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ལྷ་ཁྱོད་ལ་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ཞི་སོགས་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནུས་པའི་སྔགས་ཀྱི་དངོས་གྲུབ་མ་ལུས་པར་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་ཏུ་བླ་མ་དཀོན་མཆོག་གིས་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་འཛིན་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་མཐའ་དག་རྒྱུད་ལ་སྐྱེས་ནས་མྱུར་བ་མྱུར་བར་རྗེ་བཙུན་འཕགས་མ་སྒྲོལ་མའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བ་སྲས༌྾འགྲུབ་པར་མཛོད་ཅིག །ཅེས་གསོལ་བ་བཏབ། ཨོཾ་བཛྲ་ས་ཏྭ་ཨཱཿ ལན་བདུན་དང༌། ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ༌྾རིགས། ཨོཾ་ཨཱཿ བཛྲ་མུཿ ཡེ་ཤེས་པ་དམ་ཚིག་པ་དང་བཅས་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས། གསུམ་པ་འཇིག་རྟེན་པའི་མེ་ལྷ་སླར་ཡང་མཆོད་པ་ནི། ཨོཾ་ཨགྣེ་ཡེ༌྾བུཥྤེ་སོགས་ཀྱིས་མཆོད་ནང་མཆོད་ཀྱང་ཕུལ། བྲོཀྵཎ་དང་ཨཉྩ་མ་ཎཾ་གྱིས་བསང་གཏོར་དང་ཞལ་བསིལ་འབུལ། བཛྲ་ཏམྦུ་ལེས་སོ་རྩི་དང༌། བཛྲ་ལྦས་སྱས་གོས་ཟུང་རྣམས་འབུལ། ན་མོ་བཛྲ་བྡཎི་སྱ་ཞེས་སོགས་མེ་ལྷའི་སྔགས་ཀྱིས་ཡམ་ཤིང་སོགས་རྫས་ཡོངས་རྫོགས་ཕུལ། འཇིག་རྟེན་དབང་ཕྱུག་མས་བསྟོད། ཨཉྩ་མ་ཎཾ་དང་བྲོཀྵ་ཎཾ་གྱིས་ཆུ་གཉིས་དང༌། ཨོཾ་ཨགྣ་ཡེ་སོགས་ཀྱིས་ཕྱི་ནང་གིས་མཆོད། གཏོར་མ་བྱིན་གྱིས་བརླབས་ཏེ། ཨོཾ་ཨགྣ་ཡེ༌྾བ་ཧ་ན་ཡེ་ཨཀཱ་རོ་བཏགས་པ་གསུམ་གྱིས་ཕུལ། གོང་ལྟར་ཕྱི་ནང་གི་མཆོད་པས་མཆོད། མེ་སྟེ་བསྲེག་བྱ༌྾ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ༌྾ཀུན་འགྲུབ་ཤོག །ཨོཾ་ཨཱཿ ཧྲཱིཿ ྾ཨ຋ᨗ་གྱིས་མཆོད་ཡོན་ཕུལ། གང་ཡང་བདག་བློ་སོགས་ཀྱིས་བཟོད་པར་གསོལ། མེ་ལྷ་དྲང་སྲོང་གིས་ཚོགས་ཀྱིས་བསྐོར་བ་བདག་ལ་དགོངས་སུ་གསོལ། ཁྱོད་རྣམས་ལ་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ཞི་རྒྱས་དབང་དྲག་སོགས་ལས་རབ་འབྱམས་ཀྱི་དངོས་གྲུབ་ཐོགས་མེད་དུ་མྱུར་དུ་འགྲུབ་པའི་དངོས་གྲུབ་སྩལ་ཏུ་གསོལ། རྒྱལ་བ་སྲས་སོགས་བརྗོད། ཨོཾ་བཛྲ་སཏྭ་ཨཱཿ ལན་མང་དུ་བརྗོད། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །དེ་བཞིན་དུས་སུ་ཚུར་བྱོན་ཀྱང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ མེ་ལྷ་ཡེ་ཤེས་པར་རང་བཞིན་གྱིས་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་བར་བསམས། སྦྱིན་སྲེག་གྲོལ་ཉིན་མེ་ལྷ་གཤེགས་གསོལ་གྱི་རྗེས་སུ་འོ་ཐུག་སྒྲུབ་པ་ནི། འོ་མ། འབྲས་མ་གྲུག་པ། མར། སྦྲང་རྩི། ཀ་ར་སྟེ། རྫས་ལྔ་སྣོད་ཞིག་ཏུ་ཁོལ་བར་བསྐོལ་ནས། སྣོད་གཞན་ནག་པོ་མ་ཡིན་པ་ཞིག་གི་ནང་དུ་བླུགས། སྣོད་དེ་ལས་དཀར་བྱུགས་ཤིང༌། མེ་ཏོག་གི་ཕྲེང་བ་བཅིངས། ཐབ་ཀྱི་སྟེང་དུ་མཉྩིའི་ཁར་བཞག ཧཱུཾ་ཞེས་བརྗོད་ཅིང༌། སྣོད་དེ་ཉིད་ཧཱུཾ་ལས་བྱུང་བར་མོས་ནས་གཏོར་མ་ལྟར་བྱིན་གྱིས་བརླབས། ཏཱ་རེ་བརྒྱ་རྩ་བཟླ། དཀྱིལ་འཁོར་གྱི་ལྷ་དང༌། ཆོས་སྐྱོང་ཕྱོགས་སྐྱོང༌། གཞི་བདག་རྣམས་ལ་སྣོད་སོ་སོར་བླུགས། ཨོཾ་དཱེ་བྱ་ཨགྣེ་མ་མ་དྷེ་དྷྱཱ་ན་བྲྀ་ཎ་ནེ་སྭཱཧཱ། ཞེས་པའི་སྔགས་དེས་འབུལ། རང་དང་སྒྲུབ་གྲོགས་རྣམས་ལ་བྲིམས་ཏེ། དེ་བཞིན་གཤེགས་པའི་ལྷག་མ་འདི། །སྡིག་པ་ཐམས་ཅད་ཉམས་བྱེད་གསོལ། །ཞེས་བརྗོད་ནས་ལོངས་སྦྱོད། སྦྱིན་བདག་སོགས་ལ་སྦྱིན་ནོ། །ཚོགས་འཁོར་ཡང་བྱའོ། །མཇུག་ཆོག་དཀྱུས་ལྟར་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་དགེ་ལེགས་སྤེལ་བར་བྱའོ། །ཞེས་པ་འདི་ཡང་དགེ་སློང་བློ་བཟང་སངས་རྒྱས་ཀྱིས་ལན་གྲངས་མང་པོའི་བར་དུ་བསྐུལ་བ་ལྟར། ༸ དབྱངས་ཅན་བཞད་པས་བྲིས་པའོ། །བཀའ་རྒྱ་དམ་པས་གཞན་སྣོད་མིན་ལ་སྟོན་པར་མི་བྱའོ།  ། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།  །།

དཔྱད་མཆན་སྤེལ།