༄༅།།བཀྲ་ཤིས་གཡང་གི་ལྷ་ཆེན་ལ་མཆོད་གཏོར་འབུལ་ཚུལ་བཞུགས་སོ།།

༄༅། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། འདིར་ཡུལ་སྐྱོང་བཀྲ་ཤིས་གཡང་གི་ལྷ་ཆེན་ལ་མཆོད་གཏོར་འབུལ་བར་འདོད་པས། ལྷ་རྟེན་ཀྱི་མདུན་ཏུ་དཀར་གཏོར་རྒྱན་ལྡན་དཀར་གསུམ་མངར་གསུམ་སོགས་ཟས་སྣ་གང་འཛོམས་ཚང་བར་བྱས། རང་ལྷའི་ང་རྒྱལ་དང་ལྡན་པས་མཆོད་གཏོར་བྱིན་གྱིས་བརླབས་ལ། རང་མདུན་རིན་ཆེན་བརྩེགས་པའི་ཕོ་བྲང་ནས།
རབ་དཀར་རྟ་མཆོག་རླུང་གི་ཤུགས་ལྡན་སྟེང། །བཀྲ་ཤིས་གཡང་གི་ལྷ་ཆེན་སྐུ་མདོག་དཀར། །ཕྱག་གཡས་སྣང་སྲིད་འགུགས་པའི་ལྕགས་ཀྱུ་དང༌། །གཡོན་པས་ནོར་གཞོང་གཏེར་གྱི་བུམ་པ་བསྣམས། །དར་ཟབ་གོས་དང་རིན་ཆེན་རྒྱན་གྱིས་སྤྲས། །སྟག་ཤར་དཔའ་བོའི་ཆས་རྣམས་ཡོངས་སུ་རྫོགས། །མདུན་དུ་མཚོ་སྨན་རྒྱལ་མོ་གཏེར་བུམ་བསྣམས། །ཡིད་འཕྲོག་མཛེས་ལྡན་དར་ཀྱི་ནབ་བཟས་ཀླུབས། །གཞན་ཡང་སྲས་དང་བློན་འབངས་ཕོ་ཉ་དང༌། །ལྷ་ཀླུ་སྨན་བཙུན་འཁོར་ཀྱིས་ཡོངས་བསྐོར་བ། །ཀུན་ཀྱང་དགྱེས་པའི་འཛུམ་དཀར་ངོམས་བཞིན་བཞུགས། །གར་བཞུགས་གནས་ནས་དགྲ་ལྷ་འཁོར་དང་བཅས། །རབ་དཀར་ཆུ་འཛིན་རླུང་གིས་བསྐྱོད་པ་བཞིན། །དགྱེས་བཞིན་ཐོགས་པ་མེད་པར་འདིར་གཤེགས་ལ། །མདུན་གྱི་རྟེན་དང་གཉིས་སུ་མེད་པར་གྱུར། །མཆོད་པ་ནི། ཨོཾ་ཨ་ཐ་ཤྲཱི་ཡཿ མ་ཧཱ་དེ་བ་ས་བ་རི་ཝཱ་ར་ཨ຋ᨗ་པྲ་ཏི་ཙྪ་སྭཱཧཱ། སོགས་ཀྱིས་མཆོད། མཐུ་སྟོབས་ཆུ་འཛིན་གསར་བའི་གདེངས་ཀ་ལས། །འདོད་དགུའི་ནོར་གྱི་གྲུ་ཆར་འབུམ་འཇོ་བས། །རྒུད་པའི་ཚ་གདུང་མ་ལུས་ཞི་མཛད་པ། །དགྲ་ལྷའི་རྒྱལ་བོ་འཁོར་དང་བཅས་ལ་བསྟོད། །དེ་ནས་ཡིག་རྒྱ་བརྗོད་དེ་བཤགས་པ་ནི། རིང་ནས་དུག་གསུམ་བྲན་དུ་གྱུར་པའི་མཐུས། །ཉེས་ཚོགས་སྤྱི་དང་ཁྱད་པར་དགྲ་ལྷ་ཡི། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་ཚོགས་རྣམས། སྙིང་ནས་བཤགས་ཤིང་ཚངས་པར་མཛད་དུ་གསོལ། བསྐངས་པ་ནི། ཧཱུཾ་སྣང་སྟོང་ཚོགས་པའི་རོལ་བ་ལས་བྱུང་བའི། །ཆུ་གཉིས་ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་ཀོ་མཚོན་སྤྱན་གཟིགས་དང༌། །རྟ་གཡག་ར་ལུག་བྱ་ཁྱི་གཅན་གཟན་ཚོགས། །ཕྱག་མཚན་ཞོན་པ་ཞྭ་ལྷམ་རྒྱན་གོས་དང༌། །བསང་དང་གསེར་སྐྱེམས་བདུད་རྩི་གཏོར་མ་དང༌། །རི་རབ་བཅུ་གཉིས་གླིང་དང་ཉི་ཟླ་སོགས། །མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས། །བཀྲ་ཤིས་གཡང་གི་ལྷ་ཆེན་ཐུགས་དམ་བསྐངས། །གསང་བའི་ཡུམ་ཆེན་མཚོ་སྨན་རྒྱལ་མོ་སོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐངས་གྱུར་ནས། །ཉེར་འཚེ་ཀུན་ཞི་བསམ་དོན་ལྷན་གྲུབ་མཛོད། །གཏོར་མ་འབུལ་པ་ནི། བྱིན་གྱིས་བརླབས་ཏེ། མཆོད་སྔགས་ལ་ཨི་དཾ་བ་ལིཾ་ཏ་བཏགས་ནས་ལན་གསུམ་སོགས་ཀྱིས་འབུལ། ཨོཾ་ཨ་ཐ་ཤྲི་ཡཿ མ་ཧཱ་དེ་བ་ས་པ་རི་ཝཱ་ར་ཨ຋ᨗ་སོགས་ཀྱིས་མཆོད། དགྲ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །འགལ་རྐྱེན་བར་ཆད་ཞི་བ་དང༌། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྩོལ། བསྟོད་པ་ནི། ཧཱུཾ་ཟླ་ཞུན་བྱེ་བས་ལན་བརྒྱད་བྱུགས་པ་ཡི། །ཀཻ་ལ་ཤ་ཡི་རི་བོའི་དཔལ་འཕྲོག་པའི། །
སྐུ་མདོག་རབ་དཀར་ཞི་འཛུམ་ཉམས་ལྡན་པ། །དགོས་འདོད་སྩོལ་མཛོད་དགྲ་ལྷའི་རྒྱལ་བོར་བསྟོད། །ཕྱག་གཡས་འགུགས་བྱེད་ལྕགས་ཀྱུ་མཁའ་ལ་འཕྱུར། །གཡོན་པའི་ཕྱག་གིས་ནོར་གཞོང་གཏེར་བུམ་འཛིན། །རླུང་ལྟར་མྱུར་མགྱོགས་རབ་དཀར་རྟ་མཆོག་ཆིབས། །ཟས་ནོར་ལོངས་སྤྱོད་གཏེར་མཛོད་ཁྱོད་ལ་བསྟོད། །གཟི་འོད་སྟོང་འབར་གསྭེ་ཁྲབ་སྐུ་ལ་གསོལ། །སྣ་ཚོགས་དར་དང་རིན་ཆེན་རྒྱན་མང་འཕྱང༌། །སག་ལྷམ་གསེར་སྐེད་དཔའ་བོའི་ཆས་རྣམས་རྫོགས། །ཡུལ་ཕྱོགས་སྐྱོང་བའི་དགྲ་ལྷ་ཁྱོད་ལ་བསྟོད། །རབ་མཛེས་མེ་ན་ཀ་ཡི་ཁངས་འཕྲོག་པའི། །ནོར་གྱི་དབང་ཕྱུག་ལྷ་སྨན་དཔའ་མོ་དང་། །སྲས་བློན་ལྷ་ཀླུ་འཁོར་འབངས་བྲན་གཡོག་སོགས། །འཁོར་ཚོགས་ཡུལ་ལྷའི་ཚོགས་ལ་བདག་བསྟོད་དོ། །འཕྲིན་བཅོལ་ནི།ཧཱུཾ་རྩ་རྒྱུད་བླ་མའི་བཀའ་ལུང་ཡིད་བཞིན་ནོར། །སྤྱི་བོར་བཅིངས་ཏེ་བཀའ་ལས་མི་འདའ་བར། །བདག་ཅག་དཔོན་སློབ་སྡེ་འབངས་བཅས་པ་རྣམས། །ནམ་ཡང་མི་གཡེལ་སྲུང་སྐྱོབ་དུས་ལ་བབས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན། །ཐུགས་ཀྱི་དགོངས་བཞེད་གེགས་མེད་ལྷུན་གྱིས་འགྲུབ། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ཆོས་སྤྱོད་འཕེལ། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་སྡོང་གྲོགས་མཛོད། །བདག་སོགས་ནད་རིམས་གདོན་བགེགས་བར་ཆད་དང༌། །ཕྱུགས་ཀྱི་ཀོད་ཁ་བྱུར་འགོང་ཞི་བ་དང༌། །ཚེ་བསོད་སྟོབས་འབྱོར་ཟླ་ལྟར་རབ་རྒྱས་ཤིང༌། །མཆོག་དམན་དབང་དུ་འདུ་བའི་འཕྲིན་ལས་མཛོད། །གནག་པའི་སེམས་ལྡན་དགྲ་པོ་སྡིག་ཅན་གྱིས། །རྐུ་འཕྲོག་བཙན་བཙུག་ངོ་རྒོལ་བྱེད་པ་དང༌། །གནོད་བྱེད་གདོན་བགེགས་དམ་སྲི་རྒྱལ་བསེན་རྣམས། །ཐལ་པའི་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད། །ཅི་བྱས་ལམ་འགྲོ་དབང་ཐང་ཀླུང་རྟ་སོགས། །དབྱར་གྱི་མཚོ་ལྟར་ཆེས་ཆེར་རྒྱས་པ་དང་། །ལེགས་ཚོགས་སྲིད་ཞིའི་ཕྱྭ་གཡང་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་རྩོལ། །ཅེས་པ་འདི་ཡང་འགའ་ཞིག་གིས་འདོད་མོས་ལྟར་ྋདབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།།  པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།