རྗེ་བདག་ཉིད་ཆེན་པོས་བསྟན་པ་དང་འགྲོ་བའི་དོན་དུ་གསུང་རབ་ཇི་སྙེད་ཅིག་བཀའ་སྩལ་པ་རྣམས་ཀྱི་མཚན་བྱང།

༄། །རྗེ་བདག་ཉིད་ཆེན་པོ་འདི་འཇིག་རྟེན་འདིར་བྱོན་ནས་བསྟན་པ་དང་འགྲོ་བའི་དོན་དུ་གསུང་རབ་ཇི་སྙེད་ཅིག་ལྗགས་རྩོམ་མཛད་ཡོད་པ་རྣམས་ལས་གྲྭ་ཚང་རིན་པོ་ཆེའི་ཆོས་འབྱུང་དེབ་ཕྲེང་གཉིས་པའི་ནང་གསལ་བ་ཇི་བཞིན་དུ་བཀོད་ན། དང་པོ་བསྟོད་པ་དང་གསོལ་འདེབས་ཀྱི་སྐོར། ལམ་རིམ་བརྒྱུད་འདེབས་ལམ་མཆོག་སྒོ་འབྱེད། ཉེར་བརྒྱུད་གསོལ་འདེབས། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ། རྗེ་རེད་མདའ་བའི་བསྟོད་པ་གསུམ། གྲགས་པ་བྱང་ཆུབ་པའི་གསོལ་འདེབས་གཉིས། ས་སྐྱ་པའི་གསོལ་འདེབས། བླ་མ་དམ་པ་བསོད་རྒྱན་གྱི་བསྟོད་པ། བློ་གྲོས་སེང་གེའི་བསྟོད་པ། ལྷོ་བྲག་གྲུབ་ཆེན་གྱི་བསྟོད་པ། སྐྱབས་མཆོག་པའི་བསྟོད་པ། བླ་མ་ཆོས་ཀྱི་རྒྱལ་པོའི་བསྟོད་པ། སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་བྱིན་རླབས་ཉེར་འཇུག

བསྟོད་པ་ལེགས་བཤད་སྙིང་པོ། སྟོན་པའི་མཛད་པ་བྲིས་པའི་སྨོན་ལམ། འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད། ཉི་གཞོན་འཆར་ཀ་མ། དྲི་མེད་མ། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་སྨོན་ལམ་གཉིས། རྒྱལ་བ་ཀུན་གཟིགས་ཀྱི་ཞིང་བཀོད་སྨོན་ལམ། མི་འཁྲུགས་པའི་བསྟོད་པ། མཐོང་བ་དོན་ལྡན་གྱི་བསྟོད་པ། རྡོ་རྗེ་རྣམ་གནོན་གྱི་བསྟོད་པ། སྨན་བླའི་བསྟོད་པ། ཐུགས་རྗེ་ཆེན་པོའི་བསྟོད་པ། ཁ་སར་པ་ཎིའི་བསྟོད་པ། བྱམས་བསྟོད་གཉིས། རྫིང་ཕྱིའི་སྨོན་ལམ། རྫིང་ཕྱིའི་གཉེར་གཏད། བྱམས་བསྟོད་ཤོ་ལོ་ཀ ༑འཇམ་པའི་དབྱངས་ཀྱི་བསྟོད་པ་བཞི། འཇམ་དབྱངས་ཀྱི་རྣམ་ཐར་བཞེངས་བའི་སྨོན་ལམ། བུམ་པ་བསྣམས་པའི་འཇམ་དབྱངས་ཀྱི་སྨོན་ལམ། སྨྲ་སེང་གི་བསྟོད་པ། འཇམ་དཀར་བསྟོད་པ། འཇིགས་བྱེད་ཕྱག་གཉིས་པའི་བསྟོད་པ། མི་གཡོ་བའི་བསྟོད་པ། འདིའི་སྨོན་ལམ། རྣམ་འཇོམས་ཀྱི་བསྟོད་པ། ཕྱག་རྡོར་གྱི་བསྟོད་པ་གསུམ། རྣམ་རྒྱལ་མའི་བསྟོད་པ་གཉིས། གདུགས་དཀར་གྱི་བསྟོད་པ་གཉིས། དབྱངས་ཅན་མའི་བསྟོད་པ་གཉིས། ཤེས་རབ་གསལ་བྱེད་མའི་བསྟོད་པ། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ། བདེ་བ་ཅན་གྱི་ཞིང་བཀོད། སྟོབས་བཞིའི་བཤགས་པ། ལྷ་ས་སྨོན་ལམ་གྱི་ཆོ་ག །ཐོག་མཐའ་བར་གྱི་སྨོན་ལམ། སྨོན་ལམ་དཔག་ཡས་བསྐལ་པ་མ། ཡུམ་འབུམ་པ་སོགས་ཀྱི་སྨོན་ལམ་གཉིས། ཉི་ཁྲིའི་སྨོན་ལམ། གཤིན་བསྔོ་གཉིས། གསོན་བསྔོ་གསུམ། བླ་མའི་རྣལ་འབྱོར་མཁས་གྲུབ་ཆིག་བརྒྱུད། བ་སོ་ཆིག་བརྒྱུད། བླ་མའི་རྣལ་འབྱོར་བསྡུས་པ་རྣམས་སོ།།

༈ བསླབ་ཚིག་དང་ཆབ་ཤོག་སོགས་ཀྱི་སྐོར། འཇམ་དབྱངས་ཀྱི་ཞལ་གཟིགས་དུས་མཛད་པའི་ཤོ་ལོ་ཀ་ཉམས་ལེན་བསྡུས་པའི་ཚིགས་བཅད། འོལ་ཁར་ལྟས་ཁྱད་པར་ཅན་བྱུང་བའི་ཤོ་ལོ་ཀ་རྟོགས་བརྗོད་མདུན་ལེགས་མ། རིན་པོ་ཆེ་གསུམ་གྱི་གཏམ་སྦྱོར། ལྷག་བསམ་བསྐུལ་བའི་དོན་བསྡུས། འཇམ་པའི་དབྱངས་ཀྱིས་གསུངས་པའི་མན་ངག་གཉིས། དབུ་མ་པ་ལ་ཕུལ་བའི་ཡི་གེ །ལྷོ་བྲག་གྲུབ་ཆེན་ལ་ཕུལ་བའི་ཡི་གེ །དྲི་བ་ལྷག་བསམ་རབ་དཀར། རྒྱལ་དབང་བའི་དྲིས་ལན། བྱང་བླ་མའི་དྲིས་ལན། ས་བཟང་བའི་བརྒལ་ལན། འཇམ་རྡོར་གྱི་ཆོ་གའི་དྲིས་ལན། འདི་ཕྱི་གཉིས་ཀར་ཕན་པའི་ཐབས། སྡུག་བསྔལ་ལམ་དུ་ལོང་བའི་མན་ངག །ཡི་གེ་ཕན་བདེའི་གཞི་འཛིན། མ་གཅིག་དཔོན་པོ་ལ་གནང་བའི་ཡི་གེ་གཉིས། ཚ་ཁོ་ངག་དབང་གྲགས་པ་ལ་གནང་བའི་ཡི་གེ་གཉིས། རྡོ་རྗེ་དཔལ་ལ་གནང་བའི་གསུང༌། ཨེ་ཡིག་མཛེས་རྒྱན། ཨོ་ཡིག་མཛེས་རྒྱན། གཟུགས་ཀྱི་ཆུང་མཐའ་སོགས་ཀྱི་དྲིས་ལན། རྟེན་གསུམ་བཞེངས་མཆོད་ཀྱི་ཕན་ཡོན། སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན། ཡོན་རྒྱན་ལ་གནང་བའི་ཡི་གེ །བློ་གྲོས་འཕེལ་ལ་གནང་བ༑ ཀརྨ་པ་ལ་གནང་བ། སྤྱན་སྔ་དཔལ་ལ་གནང་བ། ཧོར་རྒྱལ་བུ་ལ་གནང་བ། གྲགས་རྒྱན་ལ་གནང་བའི་ཡི་གེ །བཟང་པོ་ལ་གནང་བའི་ཞལ་གདམས། ཤཱཀྱ་ཤྲི་ལ་གནང་བའི་སྨོན་ལམ། འཁོར་བ་ལ་སྐྱོ་བའི་གཏམ། དཔོན་ཡོན་རྒྱམ་ལ་གནང་བ། གྲགས་རིན་ལ་གནང་བ། དལ་བའི་རྟེན་ལ་སྙིང་པོ་བླང་བར་བསྐུལ་བ། རྒྱ་མའི་དཔོན་ལ་གནང་བ། མཁས་གྲུབ་རྗེ་ལ་གནང་བ། བཤེས་གཉེན་སྦ་བ་ལ་གདམས་པ། རང་བསྐུལ་འཁོར་བ་ལ་སྐྱོ་བའི་གཏམ། ཏཱའི་མིང་རྒྱལ་པོར་གནང་བའི་ཡི་གེ །ཀོ་ཏཱ་ཡེན་ལ་གནང་བ། ནམ་མཁའ་དབང་ཕྱུག་ལ་གནང་བ། བསོད་རྒྱན་ལ་གནང་བ། བློན་ཆེན་ལ་གནང་བ། སྒོམ་པ་གུང་རུ་ལ་གནང་བ། སྤོང་ཤོད་པ་ལ་གནང་བ། དཔོན་ནམ་རྒྱན་ལ་གནང་བ། ཅོ་ཙ་དཀའ་བཅུ་ལ་གནང་བ། བྱང་ཆུབ་བླ་མ་ལ་གནང་བའི་ཡི་གེ་གཉིས། འདུས་སྡེའི་བཅའ་ཡིག་གཉིས། ས་སྐྱའི་ངག་དབང་གྲགས་པ་ལ་གནང་བའི་ཡི་གེ །གསན་ཡིག །རྟག་ཏུ་ངུའི་རྟོགས་བརྗོད། གྲགས་པ་བྱང་ཆུབ་པའི་རྣམ་ཐར་རྣམས་སོ།།

༈ རྒྱ་ཆེན་སྤྱོད་པའི་སྐོར། ལེགས་བཤད་གསེར་ཕྲེང། བློ་གསལ་བགྲོད་པའི་ཐེམ་སྐས། དགེ་འདུན་ཉི་ཤུའི་ཟིན་བྲིས། དེའི་སྡོམ་ཚིག །བསམ་གཟུགས་ཟིན་བྲིས། དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོ། ཡིད་དང་ཀུན་གཞི་དཀའ་གནས་ཀྱི་རྩ་ཚིག །དེའི་རྒྱ་ཆེར་འགྲེལ་པ་རྣམས་སོ།།

༈ ཟབ་མོ་ལྟ་བའི་སྐོར་ནི། རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཐལ་འགྱུར་བའི་དཀའ་གནད་བརྒྱད་རྒྱལ་ཚབ་རྗེའི་ཟིན་བྲིས། སྤྱོད་འཇུག་ཤེར་ལེའི་ཟིན་བྲིས། ཤེས་རབ་ལེའུ་ཡི་འགྲེལ་པ། རིགས་པ་དྲུག་བཅུ་པའི་ཟིན་བྲིས། དབུ་མ་རྒྱན་གྱི་ཟིན་བྲིས། དེའི་བརྗེད་བྱང༌། ལྟ་ཁྲིད་བསྡུས་པ། ལྟ་ཁྲིད་མཁས་གྲུབ་རྗེའི་ཟིན་བྲིས། དབུ་མ་པའི་ལྟ་ཁྲིད། འཇམ་དབྱངས་ཀྱིས་གསུངས་པའི་ལྟ་བའི་གནད་རྣམས་སོ།།

༈ འདུལ་བའི་སྐོར། འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ། གཞི་བཅུ་བདུན་གྱི་ཟིན་བྲིས། མདོ་རྩའི་ཟིན་བྲིས། རྒྱལ་ཚབ་རྗེའི་ཟིན་བྲིས་གནམ་རྩེ་ལྡེང་མ་གཉིས། འདུལ་འཛིན་པས་རྗེའི་གསུང་བཞིན་མཛད་པའི་བསླབ་བྱ་ཆེན་མོ་གཉིས། གཞི་གསུམ་ཆོ་ག་རྣམས་སོ།།

༈ ཚད་མའི་སྐོར། སྡེ་བདུན་འཇུག་སྒོ་དོན་གཉེར་མུན་སེལ། རྣམ་འགྲེལ་མངོན་སུམ་ལེའུ་ཡི་ཟིན་བྲིས། ཚད་མའི་བརྗེད་བྱང༌། མངོན་སུམ་ལེའུ་ཡི་བཤད་པ་རྣམས་སོ།།

༈ ལམ་རིམ་གྱི་སྐོར། བྱང་ཆུབ་ལམ་རིམ་ཆེན་མོ། ལམ་རིམ་ཆུང་བ། ལམ་རིམ་བསྡུས་དོན། ལམ་གྱི་གཙོ་བོ་རྣམ་གསུམ། ཕན་བདེ་ལ་སྦྱོར་བའི་རིམ་པ། ལམ་གྱི་གནད་གསུམ་བསྟན་པ། ལམ་རིམ་མདོར་བསྟན། ཡོངས་རྫོགས་ཉམས་ལེན་གྱི་གནད། ཞི་ལྷག་དཀའ་གནད། བསླབ་བཏུས་ཟིན་བྲིས། བྱང་ཆུབ་གཞུང་ལམ། སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་རྣམས་སོ།།

༈ ཡོ་གའི་རྒྱུད་ཀྱི་སྐོར། རྡོར་དབྱིངས་དཀྱིལ་ཆོག་ཟིན་བྲིས། རྡོར་དབྱིངས་ས་ཆོག རྡོར་དབྱིངས་འཁོར་བསྒྱུར་གྱི་བསྙེན་པའི་རིམ་པ། ས་གར་ཟིན་བྲིས། དཔལ་མཆོག་ཟིན་བྲིས། དེ་ཉིད་བསྡུས་པའི་ཟིན་བྲིས། དོན་གྲུབ་དཔལ་གྱིས་མཛད་པའི་ངན་སོང་སྦྱོང་རྒྱུད་འགྲེལ་པ། འདུལ་འཛིན་པས་མཛད་པའི་ཀུན་རིག་གི་ཆོ་ག་རྒྱུད་དོན་བསལ་བ། ཀུན་རིག་ཊཱིཀ་ཆེན། ཀུན་རིག་ཟིན་བྲིས་རྣམས་དང༌། སྨེ་བརྩེགས་ཀྱི་མངོན་རྟོགས། དབྱངས་ཅན་མ་དཀར་མོའི་མངོན་རྟོགས་གཉིས། འོད་ཟེར་ཅན་མའི་མངོན་རྟོགས། ལོ་མ་གྱོན་མའི་མངོན་རྟོགས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། སྒྲ་མི་སྙན་གྱི་ཚེ་སྒྲུབ། གཏོར་མ་བརྒྱ་རྩའི་ཆོ་ག །གཞི་བདག་གཏོར་མ། འདུལ་འཛིན་པས་མཛད་པའི་བྱ་སྤྱོད་སྤྱིའི་ཆོ་ག་རྣམས་སོ།།

༈ གསང་འདུས་སོགས་ཀྱི་སྐོར། འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ལ་སླར་བཀྲལ་བའི་མཆན་བུ། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ །ས་བཅད་བསྡུས་དོན། ལྷ་མོ་བཞིས་ཞུས་ཀྱི་ཊིཀྐ །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་འགྲེལ་པ། སྒྲུབ་ཐབས་རྣལ་འབྱོར་དག་རིམ། དབང་དོན་དེ་ཉིད་རབ་གསལ། རྣམ་གཞག་རིམ་པའི་རྣམ་བཤད། རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས། དཀའ་གནད་ཟིན་བྲིས། དཀའ་གནད་བསྟན་པའི་ཚིགས་བཅད། རྡོ་རྗེ་འཆང་བརྙེས་བྱེད་ཀྱི་ལམ་ལ་སློབ་ཚུལ། དགོངས་པ་བླ་ན་མེད་པའི་ཟིན་བྲིས། མངོན་པར་བྱང་ཆུབ་པའི་ཟིན་བྲིས། རྡོར་བཟླས་ཟིན་བྲིས། བདག་བྱིན་རླབས་ཀྱི་ཟིན་བྲིས། བཞི་བརྒྱ་ལྔ་བཅུ་པའི་ཟིན་བྲིས། ཆོ་ག་ཉི་ཤུའི་ཁུངས། རྡོར་ཕྲེང་ཟིན་བྲིས། རིམ་ལྔ་བསྡུས་པའི་ཟིན་བྲིས། མཁས་གྲུབ་རྗེའི་ཡིག་ཆུང་ཉེར་གཅིག ཞལ་ཤེས་བརྗེད་བྱང༌། བསྲེ་འཕོའི་གདམས་པ། བ་སོ་རྗེའི་ཟིན་བྲིས། འབའ་སེར་དཀའ་བཅུའི་ཟིན་བྲིས། འཇམ་དཔལ་གསང་ལྡན་གྱི་ཟིན་བྲིས། སྒྲུབ་ཐབས་ཀུན་བཟང་གི་ཟིན་བྲིས། ཁྱད་པར་གསལ་བྱེད་ཀྱི་ཡིག་ཆུང༌། རྡོར་སེམས་མཉེས་བྱེད་ཀྱི་ཆོ་ག །རྒྱལ་བས་བྱིན་གྱི་ཟིན་བྲིས། འཇམ་རྡོར་སྒྲུབ་ཐབས། མན་ངག་སྙེ་མའི་ཟིན་བྲིས། ཁྲོ་བཅུའི་ཟིན་བྲིས། རྡོར་ཕྲེང་སྔགས་བཏུའི་ཟིན་བྲིས། རྟ་མགྲིན་གྱི་སྒོ་ནས་ཆར་འབེབས་མན་ངག །སྟོབས་པོ་ཆེའི་ཆར་འབེབས། འདུལ་འཛིན་པས་མཛད་པའི་རབ་གནས་རྒྱས་འབྲིང་བསྡུས་གསུམ། རྒྱུད་ཀྱི་བཤད་པ་རྫོགས་པའི་འོག་ཏུ་གཏང་རག་བྱ་ཚུལ། སྙིམ་པའི་མེ་ཏོག་གི་ཡིག་ཆུང༌། མཆོད་ཕྲེང༌། སྨོན་ལམ། ཤིས་བརྗོད་རྣམས་སོ།།

༈ བདེ་མཆོག་སོགས་ཀྱི་སྐོར། རྩ་རྒྱུད་འགྲེལ་ཆེན་སྦས་དོན་ཀུན་གསལ། ལཱུ་ཨི་པའི་མངོན་རྟོགས་ཀྱི་རྒྱ་ཆེར་བཤད་པ་འདོད་འཇོ། རྫོགས་རིམ་རྣམ་བཤད་དངོས་གྲུབ་སྙེ་མ། རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད། སྒྲུབ་ཐབས་བདེ་ཆེན་གསལ་བ། མཆོད་ཕྲེང༌། དཔྱིད་ཀྱི་རྒྱལ་མོའི་གླུ། དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས། དབང་ཆོག་རིན་ཆེན་བང་མཛོད། རྫོགས་རིམ་སྦས་དོན་བལྟ་བའི་མིག་འབྱེད། ཀུན་བཟང་བའི་རིམ་ལྔའི་ཁྲིད། རྫོགས་རིམ་དཔྱིད་ཀྱི་ཐིག་ལེ། རྒྱལ་ཚབ་རྗེས་མཛད་པའི་རྫོགས་རིམ། ལུས་དཀྱིལ་ལྷན་ཐབས། ཕྱི་རོལ་མཆོད་པ་ལག་མཆོད་བཅས། དཔའ་བོ་འཇའ་ཚོན་མའི་མཆོད་བསྟོད། སྨོན་ལམ་ཤིས་བརྗོད་རྣམས་དང༌། ཚེས་བཅུའི་ཟིན་བྲིས། བསམ་གཏན་ཕྱི་མ་དང་གསང་བ་ཁྱད་གཞིའི་ཡིག་ཆུང༌། གྲུབ་ཆེན་བརྒྱད་ཀྱི་མཚན་དང་བཞུགས་ཚུལ། མཁའ་འགྲོ་རྒྱ་མཚོའི་ཟིན་བྲིས། རྡོ་རྗེ་མཁའ་འགྲོ་འགྲེལ་པའི་ཟིན་བྲིས། ནཱ་རོ་ཆོས་དྲུག་ཡིད་ཆེས་གསུམ་ལྡན། ཆོས་དྲུག་དམིགས་རིམ། སངས་རྒྱས་ཐོད་པ་སོགས་ཀྱི་ཟིན་བྲིས། བརྟག་གཉིས་ཟིན་བྲིས། ཀྱཻ་རྡོར་ཟིན་བྲིས། འཕོ་ཊིཀ་གསེར་གྱི་སྒོ་འབྱེད། བདག་མེད་མའི་ཟིན་བྲིས། མཁའ་འགྲོ་དམར་མོའི་ཡིག་ཆུང་རྣམས་སོ།།

༈ འཇིགས་བྱེད་སོགས་ཀྱི་སྐོར། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ། ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག དགྲ་ནག་གི་སྒྲུབ་ཐབས་རིན་ཆེན་འབར་བ། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་ཕྲེང་བ། འཇིགས་བྱེད་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། རྩ་གསུམ་དང་ཕྱི་ནང་གསང་གསུམ་སྦྱོར་ཚུལ། ཡི་གེ་བཞི་པའི་བསྲུང་བ། གནོད་འཚེ་བཟློག་ཐབས། འཇམ་དཔལ་ཞི་དྲག་གི་བསྲུང་བ། འཇིགས་བྱེད་ཀྱི་ཞལ་ཕྱག་སོགས་ཀྱི་བཤད་པ། ཞེ་དགུ་མའི་ཟིན་བྲིས། རྣལ་འབྱོར་བཞིའི་འགྲེལ་པ། དེའི་ཡིག་ཆུང༌། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་རྣམས་དང༌། རྟ་མགྲིན་ལས་བྱེད་བཞིས་བསྐོར་བའི་སྒྲུབ་ཐབས། འཁོར་ཆེན་མངོན་རྟོགས་ཀྱི་ཟིན་བྲིས། འདུལ་འཛིན་པའི་འཁོར་ཆེན་སྒྲུབ་ཐབས། དེའི་དཀྱིལ་ཆོག་རྣམས་སོ།།

༈ དུས་འཁོར་གྱི་སྐོར། སྦྱོར་དྲུག་རྡོ་རྗེའི་ཚིགས་བཅད། སྦྱོར་དྲུག་སྔོན་འགྲོ །ཨ་ཙ་ལ་གརྦྷས་དོན་ཚན་བདུན་དུ་བསྡུས་པ། སྦྱོར་དྲུག་ཟིན་བྲིས། སྒྲུབ་ཐབས་ཡིག་ཆུང༌། མཚན་བརྗོད་འགྲེལ་པའི་ཡིག་ཆུང༌། རྫོགས་རིམ་གནད་བསྡུས། སྦྱོར་དྲུག་རྩ་ཚིག བདེ་སྟོང་གི་ཡིག་ཆུང༌། དབང་བསྐུར་བའི་ཟིན་བྲིས། རྫོགས་རིམ་སྦྱོར་དྲུག་གི་གནད། སྦྱོར་དྲུག་གི་ཁྲིད། དུས་འཁོར་སྤྱི་དོན། དུས་འཁོར་བཀའ་སྒྲུབ་པའི་ཡིག་ཆུང༌། རྡོ་རྗེའི་ཚིག་གི་བཤད་པ་ཟིན་བྲིས། མངོན་རྟོགས་དང་དབང་གི་ཟིན་བྲིས། སྦྱོར་དྲུག་ཉེར་མཁོ། འཆི་ཞག་དང་ཚེ་ལྷག་གི་ཡིག་ཆུང༌། འཇིག་རྟེན་ཁམས་ལེའི་ཟིན་བྲིས། འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནད་ཀྱི་བཤད་པ་རྣམས་སོ།།

༈ གསང་སྔགས་སྤྱིའི་སྐོར་ནི། སྔགས་རིམ་ཆེན་མོ། བླ་མ་ལྔ་བཅུ་པའི་རྣམ་བཤད། གསང་སྔགས་ཀྱི་ཚུལ་ཁྲིམས་ལེའུ་རྣམ་བཤད་རྣམས་སོ།།

༈ འདི་དག་གི་ཁོངས་སུ་སློབ་མ་རྣམས་ཀྱིས་མཛད་པ་མང་པོ་འདུག་ཀྱང་ཐམས་ཅད་རྗེའི་གསུང་བཞིན་མཛད་པ་ཡིན་ཞིང༌། བླ་མ་གོང་མ་རྣམས་ཀྱིས་གསུང་འབུམ་གྱི་གྲས་སུ་བཅུག་པར་སྣང་བས་འདིར་བགྲངས་པ་ཡིན་ནོ། །གོང་གི་རྟེན་འབྲེལ་བསྟོད་པ། ཚངས་པའི་ཅོད་པན་མ། བསྟོད་སྤྲིན་རྒྱ་མཚོ། འཆི་མེད་གྲུབ་པ་སྟེ་བཞི་ལ་བསྟོད་ཆེན་བཞིར་བཤད། ཡང་རྗེ་བཙུན་ཕྱག་རྡོར་བས་བསྐུལ་བའི་ངོར་མཛད་པའི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐ་མའི་དོན་བསྡུས་ཞི་ལྷག་སྒྲུབ་ཚུལ། དགའ་ལྡན་དུ་རྟེན་བཞེངས་སྐབས་མཛད་པའི་ཆ་ཚད་ཀྱི་ཐིག་རྩ་རྣམས་བཀའ་འབུམ་དུ་མ་ཆུད་ཅེས་གསུངས་འདུག

ཡང་སྲས་མཆོག་རྣམས་ཀྱིས་རྗེའི་གསུང་བཞིན་མཛད་པ་གཞན་ཡང་ཡོད་ཀྱང་འདིར་མ་བརྩིས་ལ། འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་གནང་བ་བླ་མ་དབུ་མ་པས་གླེགས་བམ་དུ་བཀོད་པ་འཇམ་དབྱངས་ཆོས་སྐོར་དུ་གྲགས་པ་ནི། འཇམ་དབྱངས་དམར་པོའི་རྣལ་འབྱོར། འཇམ་སེར་མངོན་རྟོགས། འདིའི་རྗེས་གནང༌། ལུས་དཀྱིལ་གྱི་མངོན་རྟོགས་དང་རྗེས་གནང༌། གསང་སྒྲུབ་ཀྱི་མངོན་རྟོགས་རྗེས་གནང༌། ནང་སྒྲུབ་ཀྱི་མངོན་རྟོགས་དང་དབང༌། འཁོར་ལོའི་མན་ངག །རལ་གྲིའི་བསྲུང་བ། ཞི་རྒྱས་དབང་གསུམ་གྱི་མན་ངག །ངག་རྣོ་བར་བྱེད་པ། གྲིབ་དང་གདོན་སོགས་བསྲུང་བ། བསྲུང་འཁོར་རྣམ་གསུམ། རིལ་སྒྲུབ་མན་ངག །སྲན་མའི་ལས་སྦྱོར། འཆད་རྩོད་རྩོམ་གསུམ་གྱི་མན་ངག །ལས་སྒྲུབ་པའི་སྡོམ། དེའི་བཤད་པ། དབང་སྡུད་མན་ངག། །དྲག་པོའི་མན་ངག །གདོན་བགེགས་འཇོམས་པའི་མན་ངག །འབྱུང་པོའི་གནོད་པ་ཞི་བའི་མན་ངག ཤེས་རབ་འཕེལ་བའི་མན་ངག །རྗེ་བཙུན་མ་ནག་མོའི་རྟོགས་པ། དེའི་སྦྱིན་སྲེག །དེའི་དབང་ཆོག །བདེ་མཆོག་དཀར་པོའི་ཚེ་སྒྲུབ། སྒྲོལ་དཀར་སྒྲུབ་ཐབས། དབང་ཆོག །སྐུ་གསུང་ཐུགས་ཀྱི་སྒོ་ནས་ནད་གདོན་བགེགས་དང་རྨི་ལྟས་སོགས་སེལ་ཐབས། རླུང་སེམས་ཀྱི་གནད། ཆོས་རྒྱལ་རྣམ་གསུམ་གྱི་སྒྲུབ་ཐབས། རྗེས་གནང༌། སྦྱིན་སྲེག་རྣམས་སོ། །གཞན་ཡང༌། ཞི་ཁྲོ་སྦྲགས་སྒྲུབ་དང༌། དམིགས་བརྩེ་མའི་སྒོ་ནས་སྒྲུབ་པའི་ལས་ཚོགས་མང་དུ་ཡོད་དོ།།

དེ་ལྟར་འདིར་བགྲངས་པ་རྣམས་བསྡོམས་ན། བསྟོད་པ་སོགས་ཀྱི་སྐོར་ལ་དོན་གཉིས། བསླབ་ཚིག་སོགས་ལ་རེ་གཉིས། ཕར་ཕྱིན་ལ་བརྒྱད། དབུ་མ་ལ་བཅུ་གཉིས། འདུལ་བ་ལ་བརྒྱད། ཚད་མ་ལ་བཞི། ལམ་རིམ་ལ་བཅུ་གཉིས་ཏེ། འདི་དག་ནི་གཙོ་བོ་མདོ་ཕྱོགས་སུ་གཏོགས། ཡོ་ག་སོགས་ལ་ཉི་ཤུ། གསང་འདུས་ལ་ཞེ་གསུམ། བདེ་མཆོག་སོགས་ལ་སུམ་ཅུ། འཇིགས་བྱེད་སོགས་ལ་བཅུ་དགུ། དུས་འཁོར་ལ་ཉེར་གཅིག །སྔགས་སྤྱི་ལ་གསུམ་སྟེ། འདི་དག་ནི་སྔགས་ཀྱི་ཕྱོགས་སོ། །འདི་ཀུན་བསྡོམས་ན་ཆོས་ཚན་སུམ་བརྒྱ་བཅུ་གསུམ་ཡིན་ལ། དེའི་སྟེང་དུ་འཇམ་དབྱངས་ཆོས་སྐོར་ལ་སོ་བཞི་ཡོད་དོ།།

དེ་ལྟར་རྗེ་བདག་ཉིད་ཆེན་པོ་འཇིག་རྟེན་འདིར་བྱོན་ནས་མཛད་པ་ཀུན་གྱི་མཆོག་ཏུ་གྱུར་པའི་གསུང་རབ་ཇི་སྙེད་ཅིག་བཀའ་སྩལ་པ་རྣམས་ནས་ད་ལྟ་མཇལ་དུ་ཡོད་པ་འདི་རྣམས་ནི་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ལ་ཁོང་དངོས་སུ་མཇལ་བ་དང་ཁྱད་པར་མ་མཆིས་པས་འདིར་ཞིབ་པར་བཀོད་པ་ཡིན་ནོ།།

དཔྱད་མཆན་སྤེལ།