༄༅།།སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་བཀའ་འབུམ་གྱི་པོད་དང་པོའི་དཀར་ཆགས་འདོད་འཇོས་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་བྲ་ཛྙ་ས་མུ་དྲཱ་ཡ། །བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་བྱིན་རླབས་ཟླ་ཤེལ་འཛུམ་བརླབས་ཀྱིས། །གང་ཐུགས་མཁྱེན་བའི་འདབ་མ་རབ་གྲོལ་ཏེ། །རྒྱ་བོད་མན་ངག་སྤྲང་རྩིའི་གཏེར་གྱུར་བ། །སྐྱབས་གཅིག་མཚོ་སྐྱེས་ཐུབ་བསྟན་འཛིན་མའི་རྒྱན། །རྗེས་བརྩེའི་ཡུལ་ལམ་དྲང་པོ་ལས་འོང་བའི། །ལེགས་བཤད་ཡན་ལག་བརྒྱད་ལྡན་ཉལ་འགྲོའི་རྒྱུན། །སྐལ་བཟང་དད་པའི་འཛིན་མར་ཡོངས་འཁྱིལ་བ། །སྲིད་ཞིའི་ཚ་གདུངས་སེལ་བའི་ཆོ་ག་རྫོགས། །དེ་ཕྱིར་ལེགས་གསུང་གང་རྙེད་ཕྱོགས་གཅིག་ཏུ། །བསྡུས་ཏེ་པོ་ཏི་གཉིས་ཙམ་ལོངས་པ་ལ། །རྣམ་གྲངས་ངེས་དང་བཙལ་བར་སླ་བའི་ཕྱིར། །དཀར་ཆགས་མུ་ཏིག་འཕྲེང་བ་མགྲིན་པར་སྤེལ། །དེ་ཡང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ལུས་ཅན་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་བཀའ་འབུམ་གླེགས་བམ་གཉིས་ལས། གླེགས་བམ་དང་པོའི་ནང་དུ།
༡ ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་མདོར་བསྡུས་མི་དབང་གཙུག་རྒྱན།
༢ རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་བསམ་འཕེལ་ནོར་བུའི་ཕྲེང་བ།
༣ སྐྱབས་མགོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསང་བའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད།
༤ ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་འཁྲུངས་རབས་གསོལ་འདེབས་ཡིད་བཞིན་ནོར་བུའི་ཕྲེང་བ།
༥ རྒྱལ་ཀུན་འདུས་པའི་ངོ་བོ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས།
༦ དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ྋསྐྱབས་རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོ་ལ་གདུང་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་བྱིན་རླབས་གྲུ་ཆར་འཇོ་བའི་སྤྲིན་ཕུང་།
༧ རྗེ་བླ་མ་ལ་བརྟེན་བའི་བླ་མའི་རྣལ་འབྱོར་སོགས་ཐོར་བུ་སྣ་ཚོགས་ཀྱི་ལེ་ཚན།
༨ རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་རྗེ་བླ་མ་ལ་བརྟེན་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས།
༩ ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་བླ་མའི་རྣལ་འབྱོར་འགའ་ཞིག
༡༠ ཚེ་ལྷ་རྣམ་གསུམ་གྱི་སྟོང་མཆོད་ཀྱི་ཆོ་གའི་ཡན་ལག་ཏུ་བླ་རྒྱུད་སྨོན་ཤིས་དང་བཅས་བ་ལྔ་སྐྱེས་སྒྲ་དབྱངས།
༡༡ ལྷག་པའི་ལྷ་མཆོག་ཚེའི་ལྷ་རྣམ་པ་གསུམ་ཀྱི་སྟོང་མཆོད་ཀྱི་ཆོ་ག་དངོས་གྲུབ་འདོད་འཇོ།
༡༢ བདེ་བ་ཅན་དུ་སྐྱེ་པའི་སྨོན་ལམ་ཐུགས་བཞེད་འགྲུབ་པའི་སྨོན་ལམ།
༡༣ འཇིགས་བྱེད་བླ་མའི་རྣལ་འབྱོར།
༡༤ ཐུགས་རྗེ་ཆེན་པོའི་བླ་མའི་རྣལ་འབྱོར།
༡༥ ཀླུ་དབང་རྒྱལ་པོའི་གསོལ་འདེབས།
༡༦ སྨན་བླའི་གསོལ་འདེབས་ཡུལ་དཀྲུག་ཞི་བའི་འདོད་གསོལ།
༡༧ གུ་དྲག་གི་རྒྱུན་འཁྱེར།
༡༨ གསོལ་འདེབས་ཚན་བ་ལྔ།
༡༩ འབྱུང་འདུལ་བླ་མའི་རྣམ་འབྱོར།
༢༠ འཇམ་དབྱངས་དཀར་པོའི་མངོན་རྟོགས།
༢༡ སྟོབས་བཞིའི་བཤགས་སྡོམ།
༢༢ འདོད་གསོལ་འགའ་ཞིག
༢༣ རིགས་ལྡན་རྣམས་ཀྱི་གསོལ་འདེབས་དང༌།
༢༤ འཇིགས་བྱེད་སྨོན་ལམ་སོགས།
༢༥ སྤྲུལ་སྐུ་མྱུར་འབྱོར་གྱི་སྐོར་དྲང་སྲོང་གྲུབ་པའི་བདེན་ཚིག
༢༦ དཔལ་འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་མྱུར་སྩོལ།
༢༧ བླ་བརྒྱུད་ཁ་བསྐང་གི་སྐོར།
༢༨ དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ།
༢༩ དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་ཚོགས་མཆོད་ཀྱི་ཆོ་ག་བདེ་ཆེན་མྱུ་གུ་བསྐྱེད་པའི་ཆར་རྒྱུན།
༣༠ དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྤྱིན་སྲེག་གི་ཆོ་ག་མཆོག་ཐུན་དངོས་གྲུབ་ཆར་འབེབས།
༣༡ བླ་མེད་ལགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བུམ་ཆོག་བཅས།
༣༢ ཁྲོས་ནག་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས།
༣༣ རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒོ་ནས་བཀྲ་ཤིས་ཀྱི་དགེ་མཚན་སྤེལ་བའི་ཆོ་ག་ཉམས་སུ་ལེན་ཚུལ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག
༣༤ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་ཚུལ་འདོད་དོན་ཡིད་བཞིན་འགུགས་པའི་ལྕགས་ཀྱུ།
༣༥ ཞལ་བཞི་བའི་བསང་མཆོད།
༣༦ རླུང་རྟ་ཡར་བསྐྱེད་གཡང་འབོད།
༣༧ བསྭེ་ཁྲབ་ཅན་གྱི་གཡང་འབོད།
༣༨ དམ་ཅན་གྱི་བསྐང་བཤགས།
༣༩ མ་མོ་ཨེ་ཀ་ཛཊིའི་བསྐང་བཤགས་གཉིས།
༤༠ བསྟན་སྲུང་བསྭེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་འདོད་དགུ་ལྷུན་གྲུབ།
༤༡ ཆོས་སྐྱོང་ཆེན་པོ་བསྭེ་ཁྲབ་ཅན་གྱི་སྒོ་ནས་དྲག་པོའི་གཏོར་མའི་ལས་སྦྱོར་བྱ་ཚུལ་དགྲ་དབུང་ཕྱེ་མར་འཐག་པའི་གནམ་ལྕགས་འབར་བའི་མཚོན་རྣོན།
༤༢ དྲེགས་པའི་དབང་ཕྱུག་རྨ་རྒྱལ་སྤོམ་ར་ལ་མཆོད་གཏོར་འབུལ་ཚུལ་དགྲ་ལྷ་མཉེས་པར་བྱེད་པའི་མཆོད་སྤྲིན།
༤༣ འོད་དཔག་མེད་ལ་བརྟེན་པའི་འཕོ་བ།
༤༤ སྲིད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་བ་གཉིས།
༤༥ བསླབ་བྱ་མདོར་བསྡུས་ལེགས་ལམ་གསལ་བའི་སྒྲོན་མེ།
༤༦ དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་སྤངས་བླང་རགས་པ་ཙམ་གྱི་ངོས་འཛིན་བླང་དོར་ཀུན་གསལ།
༤༧ ཚེའི་དངོས་གྲུབ་སྒྲུབ་ཚུལ་ནམ་མཁའ་ཟས་སུ་ཟ་བའི་གདམས་པ་འཆི་མེད་དཔལ་སྟེར།
༤༨ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ།
༤༩ སྒྲ་མི་སྙན་གྱི་ཚེ་སྒྲུབ་བྱ་ཚུལ་གཉིས།
༥༠ སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་མྱུར་སྩོལ།
༥༡ རྡོ་རྗེ་སྡེར་མོའི་གཟུངས་མདོ་ཀློག་ཐབས།
༥༢ འཕགས་ཡུལ་མཁས་བའི་དབང་བོ་དཱནྚིའི་དགོངས་བཞེད་སྙན་ངག་མེ་ལོང་གི་དཔེར་བརྗོད་དྲི་ཟའི་བུ་མོའི་གླུ་དབྱངས།
༥༣ འཕྲིན་ཡིག་གི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ཁུ་ཕྱུག་མྱོས་པའི་རྒྱང་གླུ། བཅས་བཞུགས་ཡོད།།