༄༅། །གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཞི་བའི་སྤྱིན་སྲེག་གི་ཆོ་ག་བཞུགས་སོ།།

༄༅། །ན་མོ་གུ་རུ་ཨཱརྱ་ལོ་ཀི་ཤྭ་རཱ་ཡ། འདིར་གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་ནི། ས་ཆོག་ཐིག་མཆོད་པ་རྫས་རྣམས་ཡོངས་གྲགས་ཞི་བའི་སྦྱིན་སྲེག་ཇི་ལྟ་བ་བཞིན་བྱས་ལ། འདིར་ངག་འདོན་གྱི་རིམ་པ་ནི། བདག་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པ་སྒྲུབས་ཐབས་བཞིན་བྱས་རྗེས་བསངས་ཆུ་སྒྲུབ་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བཀུགས་ནས་བསངས་ཆུ་ལ་ཐིམ་པར་གྱུར། བཛྲ་ཨ་མྲྀ་ཏ་བརྒྱ་རྩས་བསངས་ཆུ་དང༌། དེ་ལ་སྭཱ་ཧཱ་བཏགས་པ་བདུན་སོགས་ཀྱིས་ཆུ་བཞི་སྒྲུབས། དེ་ནས་རྡོ་རྗེ་ནི་ཐབས་དང་ཞེས་སོགས་ཀྱིས་རྡོ་དྲིལ་བྱིན་གྱིས་བརླབས། བསངས་ཆུ་དང་ནང་མཆོད་ཀྱིས་ཨ་མྲྀ་ཏ་བརྗོད་ཅིང་བསངས་པ་ལན་གསུམ་གསུམ་བྱ། སླར་ཡང་མཆོད་པ་བསངས་སྤྱངས། སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞེས་བ་ནས། སྦརྴ་ཨཱཿ ཧཱུཾ་གི་བར་གྱིས་ཆུ་བཞི་ཉེར་སྤྱོད་འདོད་ཡོན་དང་བཅས་པ་བྱིན་གྱིས་བརླབས། དེ་ནས་རྫས་སྦྱོར་གི་ཕྱག་རྒྱ་དང་བཅས། ཨོཾ་སྭཱ་ཧཱ། ཨོཾ་ཨཱཿ སྭཱཧཱ། ཨོཾ་ཤྲཱི་སྭཱ་ཧཱ། ཨོཾ་ཛྲིཾ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་བདུད་རྩི་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿ ཧཱུཾ། གསུམ་གྱི་དཔལ་འབར་ལ་མེ་སྤར། སྔར་བཞིན་བསངས་པ་དྲུག་བྱ། མེ་ཐབ་ཏུ་བཅུག་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། བརྗོད། ཧཱུཾ་བརྗོད་ལ་རླུང་གཡབ་ཀྱིས་མེ་སྤར། ཨ་མྲྀ་ཏ་བརྗོད་བཞིན་མར་ཁུ་བླུགས་གཟར་བདུན་གྱིས་མེ་གསོ། ཨོཾ་བཛྲྭ་ས་ཏྭ་ཨཱཿཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་ཀུ་ཤ་དགྲམ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐཾད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་དཀར་པོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་པས་བསྐོར་པ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་ལྟེ་བར་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་བ་ལས། མེ་ལྷ་སྐུ་མདོག་དཀར་པོ་ཤིན་དུ་ཞི་བའི་ཉམས་ལྡན་ཨག་ཚོམ་ཅན། ར་སྐྱེས་ཁམ་པ་ལ་ཞོན་པ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་བགྲང་ཕྲེང༌། གཡོན་གཉིས་དབྱུག་པ་དང་སྤྱི་བླུགས་འཛིན་པ། དེའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པའི་སྣ་ལ་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས། ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་ཡེ་ཤེས་པ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཕྱག་རྒྱ་དང་བཅས། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེས་མཆོག།བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཱཿཐབ་ཀྱི་ཁ་ཁྱེར་གྱི་མེ་མཚམས་སུ་ཀུ་ཤའི་གདན་ལ་བཞུགས་པར་གྱུར། བཛྲ་ཨ་མྲྀ་ཏས་ཕྱི་འབྲང་གི་བགེགས་བསྐྲད། ཕྱག་རྒྱ་དང་བཅས། ཨོཾ་ཨཱཿ ཧྲཱཾཿ བྲ་ཝཱ་ར་སད་ཀཱ་རཾ་ཐོ་ཀྵ་ཎཾ་བྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ།ཨཱ་ཉྩ་མཱ་ཎཾ་དང༌། ཨགྷཾ་དང༌། པཱ་དྱཾ་རྣམས་སྦྱར་ནས་འབུལ། ཛཿ ཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཡང་སྔར་བཞིན་ཆུ་བཞི་ཕུལ། ཨོཾ་ཨགྣ་ཡེ། ཨཱ་དི་བྱཱ། ཨ་དི་བྱཱ། ཨཱ་བི་ཤ།ཨཱ་བྷི་ཤ།མ་ཧཱ་ཤྲི་ཡི་ཧ་བྱ་ཀ་བྱ། བཱ་ཧཱ་ནཱ་ཡ་བཛྲ་བུ་ཥྤེ་ནས། ཤ་བྟའི་པར་དང༌། དེ་ལ་ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད་ཕུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་བོ་ཊ་ཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག།འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག།།འབྱུང་བོ་ཡངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་བ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་བའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུཎྜེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷི་སྨི་ཀུ་རུ་སརྦ་དུ་ཥྚན་ཧཱུཾ་ཕཊ་ཏྲི་ཤྱཱ། ཛ་ཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧོ། ལན་གསུམ། མེ་ལྷའི་ལྗགས་ལ་རཾ་ཡིག་དང༌། དགང་བླུགས་ཀྱི་ཁ་ལ་ཧྲཱིཿ ཡིག་འོད་ཟེར་འབར་པ་དང་བཅས་པས་མཚན་པར་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱས། ཨོཾ་ཨགྣེ་ཡེ་ནས། བཱ་ཧཱོ་ནཱ་ཡ་སྭཱ་ཧཱ་ལན་བདུན། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གསུམ་གྱི་བཅས་བ་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཀྲ་མི་ཤེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཡམ་ཤིང༌། ཨོཾ་བོ་དྷི་བྲྀ་གྵ་ཡ། བདག་ཅག་ནས། བཀྲ་མི་ཤིས་པ་ཐམས་ཅད་དང༌། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཨགྣེ་ཡེ། འབྱོར་པ་ཕུན་སུམ༌྾ཏིལ་ལ། ཨོཾ་བཱ་བཾ་ད་ནྟ་བཛྲ་ཡ། སྡིག་པ་ཐམས་ཅད༌྾དུར་བ་ལ། ཨོཾ་བཛྲ་ཨ་ཡུ་ཥེ། ཚེ་མཐར་ཕྱིན་པ་ལ༌྾འབྲས་ལ། ཨོཾ་བཛྲ་བུ་ཋṎ་ཡ། བསོད་ནམས་རྒྱས་པ་ལ༌྾། ཞོ་ཟན་ལ། ཨོཾ་སརྦ་སཾ་བཱ་དེ། བདེ་བ་མཆོག་ལ༌྾། ཀུ་ཤ་ལ། ཨོཾ་ཨབྲ་ཏི་ཧ་ཏ་བཛྲཱ་ཡ། བསྲུང་བ་མཆོག་ལ་བར་དུ་གཅོད་པ་དང་གྲིབ་དང་མི་གཙང་བ་ཐམས་ཅད༌྾། ཡུངས་ཀར་ལ། ཨོཾ་སརྦ་ཨནྭ་སི་ངྔྷ་ཡེ། བགེགས་ཐམས་ཅད༌྾སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་རྒྱས་བ་ལ་བར༌྾། ནས་ལ། ྾ཨོཾ་མ་ཧཱ་བེ་གཱ་ཡ། མྱུར་བའི་ཤུགས་ཕུན་སུམ་ཚོགས་བ་ལ། སྲན་མ་ལ། ཨོཾ་མ་ཧཱ་པ་ལ་ཡ། སྟོབས་རྒྱས་བ་ལ༌྾། གྲོ་ལ། ཨོཾ་བཛྲ་གྷ་སྨ་རི། ནད་ཐམས་ཅད༌྾། ཁྱད་པར་བ་ལ། ཨོཾ་ཨགྣ་ཡེ༌྾བཱ་ཧཱ་ནཱ་ཡ། བདག་ཅག་ནས། ཤྭི་ནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨཱཿ ཧྲཱིཿ྾ཨཱ་ཉྩ་མཱ་ཎཾ༌྾། བྲོཀྵ་ཎཾ༌྾། འདས་ལྷའི་མཆོད་པ་ནི། མེ་ལྷའི་ཐུགས་ཀར་མེ་གསུམ་རབ་ཏུ་འབར་བའི་དབུས་སུ་པཾ་ལས་པདྨ་དཀར་པོ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ཡོངས་སུ་གྱུར་བ་ལས། པདྨ་དཀར་པོ་འདབ་མ་བརྒྱད་པ་ཧྲཱིཿ ས་མཚན་པ། ཞེས་པ་ནས། ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་པ་ནས། ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿ ཡིག་དཀར་པོས་མཚན་པར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས། ཐུགས་རྗེ་ཆེན་པོའི་རྣམ་པར་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ༌྾ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ཟག་མེད་ཀྱི་བདེ་པ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང༌། ལྷའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། དེ་ནས། དག་ཅིང་དྲི་མེད་མ་དང༌། ཨོཾ་ཨཱཿ ཧྲཱིཿསོགས་ཀྱིས་ཆུ་བཞི་དང༌། ལྷ་ཡི་མེ་ཏོག་མ་དང༌། ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་བུཥྤེ་སོགས་ཀྱིས་ཉེར་སྤྱོད་དང༌། རིན་ཆེན་དབང་གི་རྒྱལ་པོ་ཞེས་སོགས་ཀྱིས་འདོད་ཡོན་ལྔ་ཕུལ། ཨོཾ་ཨརྱ་ལོ་ཀི་ཤྭ་ར་ཨོཾ་ཨཱཿ ཧཱུཾ། གིས་ནང་མཆོད་ཕུལ། སྐྱོན་གྱིས་མ་གོས་ཞེས་སོགས་ཀྱིས་བསྟོད། ལྷའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྤུ་གུ་ཅན་ལ་རཾ་ཡིག་གིས་མཚན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ། བདག་ཅག་དཔོན་སློབ་ཅེས་པ་ནས། ཤཱི་ནྟཾ་ཀུ་རུ་སྭཱཧཱ། མར་ཁུ་ལན་བདུན་ལ་སོགས་པ་ཕུལ་ནས་གསོལ་བ་བཏབ། དེ་ནས་ཡམ་ཤིང་སོགས་མེ་ལྷའི་སྐབས་བཞིན་འབུལ་ཚུལ་ནི། ཡམ་ཤིང་རྣམས་྾གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་བོ་དྷི་བྲིཀྵ་ཡ། བདག་ཅག་྾྾ཤཱི་ནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་བའི་བར་མེ་ལྷའི་སྐབས་བཞིན་ཕུལ་ནས། ལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩི་དཀར་པོས་བཀང་བ་ཐོགས་ནས་བདག་སོགས་འཁོར་དང་བཅས་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲུབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ནས་ལུས་ཤེལ་ལྟར་གྱུར། ཡིག་དྲུག་གིས་མར་ཁུ་བདུན་སོགས་དབུལ། ཨོཾ་ཨཱཿ ཧྲཱིཿxཨགྷཾ༌྾བྲོཀྵ་ཎཾ༌྾ཨཱ་ཉྩ་མཱ་ཎཾ༌྾སྲབ་འཇམ་ཡང་བ་ལྷ་ཡི་གོས། །སྤྱན་རས་གཟིགས་ཀྱི་སྐུ་ཉིད་ལ། །མི་ཕྱེད༌ ྾བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག།།ཨོཾ་བཛྲ་ཝས་སྱ་སྭཱ་ཧཱ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཉེར་སྤྱོད་འདོད་ཡོན་སྔགས་རྐྱང་བ་དང༌། ནང་མཆོད་དང་བསྟོད་པ་སྔར་ལྟར་བྱ།གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། ལྷའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཕྱི་ནང་གིས་མཆོད་ཅིང་བསྟོད།ཨོཾ་བྲ་ན་མ་མེ་སརྦ་ཏ་ཐཱ་ག་ཏ་ན། ཨོཾ་ཨཱཿ ཧྲཱིཿ྾ ཨགྷཾ ྾གང་ཡང་བདག་བློ༌྾྾྾མ་རྙེད་ཡོངས་སུ༌྾྾྾ཨོཾ་བཛྲ་ས་ཏྭ་ཨཱཿགང་མང་དང༌། ཡིག་བརྒྱ་བརྗོད། ཨོཾ་ཁྱེད་ཀྱིས་སེམས་ཅན༌྾྾྾མཛད་དུ་གསོལ། བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་བར་གྱུར། སླར་ཡང་མེ་ལྷ་ལ། ཨོཾ་ཨགྣེ་ཡེ༌྾བུ་ཥྤེ་སོགས་ཀྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་བས་ནང་མཆོད་དབུལ། དེ་ནས་བསངས་གཏོར། ཞལ་བསིལ། སོ་རྩི། གོས་རྣམས་ཕུལ། བསྲེག་རྫས་ལྷག་མ་རྣམས་སྔར་བཞིན་ཕུལ། འཇིག་རྟེན་དབང་ཕྱུག་མས་བསྟོད། ཞལ་བསིལ། བསང་གཏོར། ཕྱི་ནང་གི་མཆོད་བས་མཆོད། གཏོར་མ་བྱིན་གྱིས་བརླབས་ཏེ། ཨོཾ་ཨགྣེ་ཡེ༌྾བཱ་ཧཱ་ནཱ་ཡ། ཨ་ཀཱ་རོ་གསུམ་ཀྱིས་ཕུལ། བུཥྤེ་སོགས་ཀྱིས་མཆོད། མེ་སྟེ་བསྲེག་བྱ༌྾མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། ྾྾ཀུན་འགྲུབ་ཤོག ཨོཾ་ཨཱཿ ཧྲཱིཿ྾ ཨགྷཾ་྾གང་ཡང་བདག་བློ༌྾མ་རྙེད་ཡོངས་སུ༌྾྾ཨོཾ་བཛྲ་ས་ཏྭ་ཨཱཿརང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿ བཛྲ་མུཿམེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཅེས་པ་འདི་ནི་དགེ་སློང་ཆོས་གྲགས་དར་རྒྱས་ཀྱིས་ནན་ཆེར་བསྐུལ་བ་ན། སྔར་འདིའི་སྦྱིན་སྲེག་ཅིག་བསྒྲིགས་ཀྱང་། ཁ་ཅུང་ཟད་རྒྱས་སྟབས་ལག་དུ་བླངས་མི་བདེ་བས། ད་ལན་ངག་འདོན་ནག་འགྲོས་སུ་བགོད་པ་འདི་ནི་འགའ་ཞིག་གིས་འདོད་མོས་ལྟར། དབྱངས་ཅན་བཞད་བས་བྲིས་པ་དགེ་ལེགས་འཕེལ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།  བཀྲ་ཤིས།

དཔྱད་མཆན་སྤེལ།