༄༅། །ཀླུ་དབང་རྒྱལ་བོའི་གསོལ་འདེབས།
སྐྱབས་གསུམ་འདུས་ཞལ་རྩ་བའི་བླ་མ་དང༌། །དབྱེར་མེད་བཅོམ་ལྡན་ཀླུ་དབང་རྒྱལ་བོ་ཡིས། །ཀླུ་གཉེན་ས་བདག་གདུག་པའི་ནད་རིགས་དང༌། །སྔོན་ལས་འཕྲལ་རྐྱེན་ངན་པས་བསྐྱེད་པ་ཡི། །ནད་གདོན་རྐྱེན་ངན་རྒྱུ་བཅས་ལས་གྲོལ་ཏེ། །ཚེ་བསོད་སྟོབས་འབྱོར་འདབ་སྟོང་པདྨོའི་ཚལ། །རབ་རྒྱས་བདེ་སྐྱིད་རྫོགས་ལྡན་དགའ་སྟོན་ལ། ལོངས་སུ་སྤྱོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ཡང་འགའ་ཞིག་གི་འདོད་མོས་ལྟར།། ྋ །། དབྱངས་ཅན་བཞད་པས་བྲིས་པའོ། །